ཚོགས་ཆེན་གཉིས་ཀྱི་ཆེད་དོན་ལེ་ཚན། པདྨ་རྫོང་མི་དམངས་སྲིད་གཞུང་།  
ཤོག་ངོས་དང་པོ། :> སྲིད་དོན་ཆ་འཕྲིན། > པདྨ
མཚོ་སྔོན་ཞིང་ཆེན་ཏང་ཨུས་དམག་གྲོས་ཚོགས་འདུ་བསྡུས།
འབྱུང་ཁུངས།:མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་། 2019/8/31

 

       བརྒྱད་གཅིག་དམག་འཛུགས་དུས་ཆེན་ཐོན་ལ་ཉེ་བའི་སྐབས་ཀྱི། ཟླ་བདུན་པའི་ཚེས་སུམ་ཅུ་ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་ཏང་ཨུས་དམག་གྲོས་ཚོགས་
འདུ་བསྡུས། ཚོགས་ཐོག་ནས་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ལྡན་དུ་བསྒྱུར་བའི་དགོངས་པར་སློབ་སྦྱོང་མཐར་ཕྱིན་དང་དངོས་འབེབས་དོན་འཁྱོལ་བྱས་ནས། ཁྱོན་
ཡོངས་ནས་ཞིང་ཆེན་ཏང་ཨུའི་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་འཛུགས་པར་སྐུལ་འདེད་བཏང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམག་ཁུལ་གྱི་ཏང་
ཨུའི་ཧྲུའུ་ཅི་དང་པོ་ཝང་ཅན་ཅུན་གྱིས་གྲོས་ཚོགས་ལ་འགོ་འཛིན་བྱས་ནས་གཏམ་བཤད།
      
ཝང་ཅན་ཅུན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་མཚོ་སྔོན་དུ་སྡོད་པའི་བཅིངས་འགྲོལ་དམག་གི་བཀོད་འཐབ་པ་དང་དྲག་ཆས་
ཉེན་རྟོག་དམག་དཔུང་གི་དཔོན་དམག དམངས་དམག་གྲ་སྒྲིག་དམག་ཞབས་པ་བཅས་ལ་ལྷག་བསམ་ཟོལ་མེད་ཀྱི་ངང་ནས་འཚམས་འདྲི་བྱས། ཁོས་བསྟན་དོན། དམག་
གྲོས་ཀྱི་གཙོ་གནད་ནི་ཆབ་སྲིད་བརྩི་བ་དང་དམག་དཔུང་སྟོབས་ལྡན་དུ་བསྒྱུར་བའི་གཙོ་གནད་ནི་སྟོབས་ཤུགས་བསྐྲུན་རྒྱུ་དེ་ཡིན། དམག་བཀུར་གྱི་གཙོ་གནད་ནི་དུས་
རྒྱུན་ལྷོད་མེད་དམ་པོར་འཛིན་རྒྱུ་དེ་ཡིན། ཆབ་སྲིད་བརྩི་བའི་མཐོ་ཚད་ནས་འགྲེང་སྟེ་དྲག་ཆས་བསྐྲུན་པ་དང་དྲག་ཆས་ལ་དོ་དམ་བྱེད་པ།  དྲག་ཆས་བཀོལ་བ་བཅས་
ཀྱི་ལས་རིམ་ཁག་སོ་སོའི་བྱ་བ་བཟང་པོར་བསྒྲུབ་ནས།   དམག་དཔུང་གི་འགོ་ཁྲིད་སྟོབས་ཤུགས་དང་སྟོབས་ཤུགས་འདོན་པའི་ཚད་སྔར་ལས་ཇེ་དྲག་ཏུ་གཏོང་བར་
འབད་དེ། ཉིན་རྒྱུན་གྱི་བྱ་བའི་ཁྲོད་ནས་དམག་དཔུང་ལ་སྤྱོད་སྒོ་ཡོད་པ་དང་ས་གནས་ལ་སྒྲུབ་རྒྱུ་ཡོད་པར་བྱེད་དགོས་ཟེར།
       ཝང་ཅན་ཅུན་གྱིས་ནན་གྱིས་བསྟན་དོན། བརྗོད་དོན་སློབ་གསོ་སྤེལ་བའི་ཁྲོད་ནས་དམག་དཔུང་སྟོབས་ལྡན་དུ་བསྒྱུར་བའི་དགོངས་པ་ལག་ལེན་གཏིང་ཟབ་
བྱེད་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཁྱད་པར་དུ་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ལྡན་
དུ་བསྒྱུར་བའི་དགོངས་པ་དངོས་འབེབས་ནན་མོ་དང་དེར་སློབ་སྦྱོང་མཐར་ཕྱིན་བྱས་ཏེ། དངོས་ཡོད་དང་ཟུང་དུ་སྦྲེལ་བ་དང་ཁྱད་ཆོས་འབུར་དུ་ཐོན་པར་བྱེད་པ། མི་
དང་ལས་དོན། དཔེ་མཚོན་བཅས་མཐོང་ཐུབ་པར་བྱེད་པ།  བརྗོད་དོན་སློབ་གསོར་བརྟེན་ནས་དམག་དཔུང་སྟོབས་ལྡན་བསྐྲུན་པ།  དམག་དཔུང་སྟོབས་ལྡན་བསྐྲུན་
པར་བརྟེན་ནས་བརྗོད་དོན་སློབ་གསོའི་གྲུབ་འབྲས་སྔར་ལས་སྲ་བརྟན་དུ་གཏོང་དགོས་ཟེར།
      
གྲོས་ཚོགས་ལས་ཞིང་ཆེན་ཡོངས་ཀྱི་རྒྱལ་སྲུང་སྐུལ་སློང་དང་རྗེས་གྲབས་སྟོབས་ཤུགས་འཛུགས་སྐྲུན་གནས་ཚུལ་སྙན་ཞུར་ཉན་ནས། མཚོ་ཤར་གྲོང་ཁྱེར་དང་
མཚོ་བྱང་ཁུལ། མཚོ་ལྷོ་ཁུལ། མགོ་ལོག་ཁུལ་བཅས་ཀྱི་ཏང་ཨུའི་འགན་ཁུར་བློ་མཐུན་གཙོ་བོའི་ཏང་དོ་དམ་དང་དྲག་ཆས་བྱ་བའི་ལས་འགན་སྒྲུབ་ཚུལ་རྒྱས་བཤད་ལ་
དཔྱད་འཇོག་བྱས། ཞིང་ཆེན་གྱི་འགོ་ཁྲིད་ཡན་ཅིན་ཧེ་དང་ཡུས་ཚུང་ལི། ཆུའུ་ཞིན་ཡུང་། དབྱིན་པའེ། ཉི་མ་སྒྲོལ་མ། ཉེའོ་ཁྲིན་ཡུན། ཀྲང་ཝུན་ཁོས། མཚོ་སྔོན་དུ་སྡོད་
པའི་དམག་དཔུང་གི་འགོ་ཁྲིད་ཝང་ཞིག་ཧྥིན། ཀའོ་ཅན་ཅུན་སོགས་ཚོགས་འདུར་ཞུགས།




 
 
· ལིག་ཀྲིན་དབུས། 2018/5/11
· རྒྱལ་འབུམ་འཁྲུངས། 2018/5/11
· ལྷ་ཆེན་ཚེ་རིང་། 2018/5/11
· ཀརྨ་སྐྱིད། 2018/5/11
· ལུའོ་ཧུང་ལིན། 2018/5/11
· ལི་ཧྥུའུ་ཉེན། 2018/5/11
· 000 2019/11/28 14:58:49

2008-2012 པདྨ་རྫོང་མི་དམངས་སྲིད་གཞུང་། All Rights Reserved
09758322651 མགོ་ལོག པདྨ  ཆ་འཕྲིན་རབ་གསལ། :814100
པདྨ་རྫོང་མི་དམངས་སྲིད་གཞུང་།