ཚོགས་ཆེན་གཉིས་ཀྱི་ཆེད་དོན་ལེ་ཚན། པདྨ་རྫོང་མི་དམངས་སྲིད་གཞུང་།  
ཤོག་ངོས་དང་པོ། :> སྲིད་དོན་ཆ་འཕྲིན། > པདྨ
རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གི་བརྟག་ཞིབ་ཚན་ཆུང་པདྨ་རྫོང་དུ་ཕེབས་ནས་བརྟག་ཞིབ་ཞིབ་བཤེར་ལས་དོན་སྤེལ།
འབྱུང་ཁུངས།: 2019/8/31

 

       རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གི་བརྟག་ཞིབ་ཚན་ཆུང་པདྨ་རྫོང་དུ་ཕེབས་ནས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་
                                      སྟོན་ཁུལ་གསར་འཛུགས་ཀྱི་བརྟག་ཞིབ་ཞིབ་བཤེར་ལས་དོན་སྤེལ།

       ཟླ7པའི་ཚེས26ནས27བར། རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་ལྟ་སྐུལ་ཞིབ་བཤེར་སི་ཡི་སི་ཀྲང་གཞོན་པ་ལི་ཀྲུང་ཞེ་དང་། རྒྱལ་ཁབ་མི་རིགས་དོན་གཅོད་
ཨུ་ཡོན་ལྷན་ཁང་ལྟ་སྐུལ་ཞིབ་བཤེར་སི་གསར་འཛུགས་ཁྲུའུ་ཁྲུའུ་ཀྲང་སུན་མུའུ་ཡེ་དང་། རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་ལྟ་སྐུལ་ཞིབ་བཤེར་སི་གསར་འཛུགས་ཁྲུའུ་
ཁྲུའུ་ཀྲང་གཞོན་པ་ཝང་ཅུན།  མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་དོན་གཅོད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཉིང་ཧའེ་དབྱིན།  མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་
འཐབ་
ཕྱོགས་གཅིག་གྱུར་པུའུ་ཕྱོགས་བསྡུས་མཐུན་སྦྱོར་ཁྲུའུ་ཁྲུའུ་ཀྲང་ཆི་ཡུང་ཧུང་བཅས།  མགོ་ལོག་ཁུལ་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་རྒྱུན་ལས་པུའུ་ཀྲང་གཞོན་པའམ་ཁུལ་
མི་རིགས་ཆོས་ལུགས་དོན་གཅོད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་སྒྲོན་མ་དོན་གྲུབ་དང་།    མགོ་ལོག་ཁུལ་གསར་འཛུགས་གཞུང་ལས་ཁང་གི་རྒྱུན་ལས་ཀྲུའུ་རིན་གཞོན་པ་ཏུའུ་ཡུང་
ཡོན་སོགས་ཀྱི་ཕེབས་རོགས་འོག་པདྨ་རྫོང་ལྕགས་རི་ཐང་ཞང་གི་རྡོ་རུ་མ་སྡེ་བ་དང་། གསར་བརྗེ་སློབ་གསོའི་རྟེན་གཞི་དམར་དམག་ལུང་པ། གངས་ལྗོངས་བོད་ཇ་ཀུང་སི། གློག་རྡུལ་
ཚོང་དོན་སྟེགས་བུའི་ཞབས་ཞུ་ལྟེ་གནས་དང་པདྨ་རྫོང་གྱོན་ཆས་ལས་སྣོན་བཟོ་གྲྭ།   གསེར་མདོག་ཐོན་ལས་གླིང་བཅས་སུ་པདྨ་རྫོང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་
ཁུལ་འཛུགས་པར་བརྟག་ཞིབ་མཛུབ་སྟོན་བྱས་པ་དང་། མགོ་ལོག་ཁུལ་ཨུའི་རྒྱུན་ཨུ། པདྨ་རྫོང་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས། པདྨ་རྫོང་ཨུའི་ཧྲུའུ་ཅི་གཞོན་པའམ་རྫོང་དཔོན་ལིའུ་ཀྲིན་ཝེ་
དང་པདྨ་རྫོང་ཨུའི་ཧྲུའུ་ཅི་གཞོན་པ་ལི་གཡང་དཀར། པདྨ་རྫོང་ཨུའི་རྒྱུན་ཨུ་འཐབ་ཕྱོགས་གཅིག་གྱུར་པུའུ་པུའུ་ཀྲང་ཚེ་རིང་དྲི་མེད་སོགས་ཀྱི་ཕེབས་རོགས་འོག་ཞིབ་བཤེར་གནང་།
       ཟླ7པའི་ཚེས26ཉིན་གྱི་ཕྱི་དྲོ། བརྟག་ཞིབ་ཚན་ཆུང་གིས་ཡུལ་དངོས་སུ་རྡོ་རུ་མ་སྡེ་བའི་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཐོག་ཁང་གི་སྒྲིག་བཀོད་གནས་ཚུལ་དང་སྡེ་བའི་ཨུ་
ཡོན་ལྷན་ཁང་གཉིས་ཀྱི་ལས་བྱེད་པའི་ལས་ཞུགས་གནས་ཚུལ་ལ་ལྟ་ཞིབ་བྱས་པ་མ་ཟད།     རྡོ་རུ་མ་སྡེ་བའི་ཁྱད་ཆོས་ལྡན་པའི་མ་ཎི་རྡོ་བརྐོས་དང་གེ་སར་རིག་གནས་སྒྱུ་རྩལ་
ཚོགས་པའི་གནས་ཚུལ་ལ་ཞིབ་ཕྲ་སྒོས་རྒྱུས་ལོན་བྱས། རྡོ་རུ་མ་སྡེ་བའི་གཅིག་ཐོག་གི་གྲོས་ཚོགས་ཁང་དུ་སྡེ་བའི2013ལོ་ནས2018ལོའི་བར་གྱི་མི་རིགས་མཐུན་སྒྲིལ་གྱི་ཡིག་
ཚགས་ལ་ལྟ་ཀློག་བྱས་པ་དང་།   མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་བརྙན་འཕྲིན་དང་གེ་སར་རིག་རྩལ་ཚོགས་པའི་འཁྲབ་སྟོན་བྱས་པས
<<རྒྱ་བཟའ་ཀོང་ཇོ་བོད་
ལྗོངས་སུ་བསྐྱོད
་པ>>ཞེས་པར་གཟིགས་པ་མ་ཟད། འཁྲབ་སྟོན་པ་དང་མཉམ་དུ་དྲན་རྟེན་གྱི་མཉམ་པར་བརྒྱབ་པ་རེད། ཡུལ་དངོས་ནས་བརྟག་ཞིབ་བྱས་རྗེས། སི་ཀྲང་གཞོན་པ་
ལི་ཀྲུང་ཞེ་ཡིས་ལྕགས་རི་ཐང་ཞང་རྡོ་རུ་མ་སྡེ་བའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་བྱ་བའི་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་ཞིང་། ཁོང་གིས་ནན་
གྱིས་བསྟན་དོན།   སྡེ་ཁག་སོ་སོས་དབུལ་ཐར་འགག་སྒྲོལ་དང་མི་རིགས་མཐུན་སྒྲིལ་སོགས་ཀྱི་བརྗོད་བྱ་གཙོ་བོའི་གསར་སྐྲུན་ལ་ཧུར་ཐག་གིས་དམིགས་ནས་བྱ་བ་བསྒྲུབ་དགོས་
པ་དང་།  གྲོང་གསེབ་དར་རྒྱས་གཏོང་རྒྱུ་དམིགས་འབེན་དུ་འཛིན་པ་དང་།  ཉེན་ཁའི་ཁང་པ་བསྒྱུར་བཀོད་བྱ་རྒྱུ་རྨང་གཞིར་འཛིན་པ།  མི་རིགས་རིག་གནས་མཐོར་འདེགས་
གཏོང་བ་དང་མི་རིགས་མཐུན་སྒྲིལ་གསར་སྐྲུན་བྱེད་པ་གཞི་རྟེན་དུ་འཛིན་པ་བཅས་བྱས་ཏེ། གསར་སྐྲུན་གྱི་ནང་དོན་སྔར་བས་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། བྱེད་ཐབས་
དང་ཐབས་ལམ་གསར་གཏོད་བྱེད་པ།  དུས་རིམ་གསར་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གསར་སྐྲུན་བྱ་བར་ཞིབ་འཇུག་དང་ཇུས་འགོད་ལེགས་པོ་བྱེད་པ། མི་རིགས་ཀྱི་
རིག་གནས། ལས་ཁུངས་དང་སློབ་གྲྭ།  གྲོང་སྡེ་བཅས་སུ་སྐྱོད་པར་སྐུལ་འདེད་བཏང་སྟེ་མི་རིགས་སོ་སོ་ཕན་ཚུན་བར་འགྲོ་འོང་དང་བརྗེ་རེས།  མཉམ་འདྲེས་བཅས་བྱེད་དགོས་
པར་བསྟན།
      
དེའི་རྗེས་བརྟག་ཞིབ་ཚན་ཆུང་དང་བཅས་པ་རྒྱལ་ཡོངས་རྒྱལ་གཅེས་རིང་ལུགས་སློབ་གསོའི་རྟེན་གཞི། པདྨ་རྫོང"དམར་དམག་ལུང་བར"བསྐྱོད་ནས་སྔ་རྗེས་སུ་དམར་
དམག་རྒྱང་སྐྱོད་དྲན་གསོ་ཁང་དང་དམར་དམག་གི་འཐབ་འཛིང་རྗེས་ཤུལ་ལ་རྟོག་ཞིབ་བྱས་པ་དང་། དམར་དམག་གི་ལམ་ལ་བསྐྱར་དུ་སྐྱོད་ཅིང་། 1936ལོར་དམར་དམག་
རྒྱང་སྐྱོད་བྱེད་སྐབས་ལམ་བར་པདྨ་བརྒྱུད་པའི་གསར་བརྗེའི་ལོ་རྒྱུས་དང་། པདྨ་རྫོང་གི་དམར་དམག་ལུང་བའི་གསར་བརྗེ་རྗེས་ཤུལ་གསར་སྤེལ་སྲུང་སྐྱོབ་དང་དོ་དམ་བེད་སྤྱོད་
བྱས་ཚུལ་ལ་ཞིབ་ཕྲ་སྒོས་རྒྱུས་ལོན་བྱས། དམར་དམག་གི་བང་སོའི་མདུན་དུ་མི་སྣ་ཡོངས་ཀྱིས་ཏང་ཞུགས་མནའ་ཚིག་བསྐྱར་དྲན་བྱས་པ་མ་ཟད།  བརྗིད་ཉམས་ལྡན་པའི་སྒོ་ནས་
ཁ་བཏགས་འབུལ་ཏེ་དམར་དམག་གི་སྔོན་གཤེགས་དཔའ་བོར་དད་གུས་ཀྱི་བརྩེ་སེམས་མཚོན་པར་བྱས་ཤིང་། སེམས་གཏིང་ནས་གུང་ཁྲན་ཏང་ཡོན་གྱི་ཐོག་མའི་བསམ་འདུན་
ཇེ་བརྟན་དང་འགན་འཁྲི་ཡིད་ལ་བརྟན་པོར་བཅངས།
      
བརྟག་ཞིབ་ཚན་ཆུང་གིས་བསྟན་དོན།  པདྨ་རྫོང་ནི་དམར་དམག་རྒྱང་སྐྱོད་བརྒྱུད་སའི་ས་ཆ་ཡིན་པ་དང་། "དམར་དམག་ལུང་པ"དེ་རྒྱལ་ཡོངས་རྒྱལ་གཅེས་རིང་
ལུགས་ཀྱི་སློབ་གསོའི་དཔེ་སྟོན་རྟེན་གཞིའི་ནང་བཞག་པས་གསར་བརྗེའི་ཐོན་ཁུངས་རྩ་ཆེན་མུ་མཐུད་དུ་སྔོག་འདོན་དང་བེད་སྤྱོད་ཡག་པོ་བྱས་ཏེ་དམར་དམག་མཚོ་སྔོན་དུ་
བསྐྱོད་པར་ཞིབ་འཇུག་དང་དྲིལ་བསྒྲགས་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ་ཕུན་སུམ་ཚོགས་པའི་གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་ལེགས་པོ་བྱེད་པ། དམར་དམག་རྒྱང་སྐྱོད་ཀྱི་
སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ་ཕྱོགས་སོ་སོའི་སྟོབས་ཤུགས་ལ་བརྟེན་ནས་གསར་བརྗེའི་རྗེས་ཤུལ་སྲུང་སྐྱོབ་དང་བེད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ་མ་ཟད། 
གསར་བརྗེའི་ཐོན་ཁུངས་དང་ས་གནས་ཀྱི་ཐུན་མོང་མ་ཡིན་པའི་རང་བྱུང་མཛེས་ལྗོངས་དང་ཕུན་སུམ་ཚོགས་ལ་རྒྱུན་རིང་བའི་མི་རིགས་སྲོལ་རྒྱུན་རིག་གནས་དང་ཟུང་འབྲེལ་
བྱས་ཏེ། མི་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཆམ་མཐུན་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་བ།
      
ཟླ7པའི་ཚེས27ཉིན་གྱི་སྔ་དྲོ། བརྟག་ཞིབ་ཚན་ཆུང་དང་བཅས་པས་སྔ་རྗེས་སུ་པདྨ་རྫོང་གངས་ལྗོངས་བོད་ཇ་ཀུང་སི་དང་གློག་རྡུལ་ཚོང་དོན་སྟེགས་བུའི་ཞབས་
ཞུ་ལྟེ་གནས།  པདྨ་རྫོང་གྱོན་ཆས་ལས་སྣོན་བཟོ་གྲྭ།  གསེར་མདོག་ཐོན་ལས་གླིང་བཅས་སུ་སོང་ནས་བརྟག་ཞིབ་དཔྱད་དཔོག་བྱས་པ་དང་ཉེ་བའི་ལོ་ཤས་རིང་པདྨ་རྫོང་གི་
དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་གཡུར་ཟའི་གྲུབ་འབྲས་ལ་མྱོང་ཚོར་བླངས།
       གངས་ལྗོངས་བོད་ཇ་ཀུང་སི་རུ་བརྟག་ཞིབ་ཚན་ཆུང་གིས་བོད་ཇ་འདེབས་འཛུགས་དང་།  ཀུང་སི་གཉེར་སྐྱོང་།  ཇ་ཐོན་སྐྱེད་དང་ཐོན་རྫས་ཐུམ་སྒྲིལ། ཕྱིར་ཚོང་
སོགས་ཀྱི་གནས་ཚུལ་ལ་ཞིབ་ཕྲ་སྒོས་རྒྱུས་ལོན་གནང་བ་དང་ཡུལ་དངོས་ནས་བོད་ཇ་ཐོན་སྐྱེད་འཁོར་ཁང་དང་།  འགྲེམ་སྟོན་ཐིང་། འདེབས་འཛུགས་རྟེན་གཞི་བཅས་ལ་ལྟ་
སྐོར་བྱས་པ་མ་ཟད།   པདྨ་རྫོང་གློག་རྡུལ་ཚོང་དོན་སྟེགས་བུའི་ཞབས་ཞུ་ལྟེ་གནས་སུ་གངས་ལྗོངས་བོད་ཇ་དང་རྫ་ནག་སོགས་ཁྱད་ལྡན་ཐོན་རྫས་དྲ་རྒྱ་བརྒྱུད་དེ་ཕྱིར་ཚོང་
བྱེད་པར་རྒྱུས་ལོན་གནང་བར་ཕེབས་ཤིང་། བརྟག་ཞིབ་ཚན་ཆུང་གིས་གངས་ལྗོངས་བོད་ཇ་དང་རྫ་ནག་དེ་བཞིན་ཁྱད་ལྡན་ཐོན་རྫས་སྣ་ཚོགས་ཀྱི་འཕེལ་རྒྱས་ཐད་ཐོབ་པའི་
གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་རེད།  གངས་ལྗོངས་བོད་ཇ་ཀུང་སིས་ཕྱིན་ཆད་ཁེ་ལས་ཀྱི་སྣེ་
ཁྲིད་ནུས་པ་མུ་མཐུད་འདོན་སྤེལ་བྱས་ནས་ཕྱིར་ཚོང་ཁྱབ་ཁོངས་
སུ་ཚན་རྩལ་གསར་གཏོད་མ་དངུལ་གཏོང་ཤུགས་མུ་མཐུད་ཆེ་རུ་བཏང་ནས་སྲིད་གཞུང་གིས་
དམངས་གཉེར་ཁེ་ལས་ལ་མཁོ་འདོན་བྱས་པའི་སྲིད་ཇུས་ཀྱི་ལེགས་སྐྱེས་ཆེན་
པོ་བེད་སྤྱོད་ལེགས་པོ་བྱས་ཏེ། གོ་སྐབས་དམ་འཛིན་དང་བབ་བསྟུན་མདུན་སྐྱོད་
ཀྱིས་ཁེ་ལས་སྔར་བས་སྟོབས་ལྡན་དུ་གཏོང་བ་དང་། ལས་རིགས་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་
པ། ཁེ་ལས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་
བ་བཅས་བྱ་རྒྱུའི་རེ་བ་བཏོན།
      
ལྗང་མདོག་ཐོན་ལས་གླིང་གི་འབྱོར་འབྲིང་དུ་སྙེག་པའི(དབུལ་སྐྱོར)གྱོན་ཆས་ལས་སྣོན་བཟོ་གྲྭར་ཕེབས་ཏེ་ཚན་ཆུང་གིས་ཡུལ་དངོས་ནས་གྱོན་ཆས་བཟོ་གྲྭའི་གྱོན་
ཆས་ལས་སྣོན་བཟོ་སྐྲུན་བྱ་ཡུལ་ལ་གཟིགས་ཞིབ་གནང་བ་བརྒྱུད་གྱོན་ཆས་ཐོན་སྐྱེད་ཀྱི་གནས་ཚུལ་ལ་ཞིབ་ཕྲས་རྒྱུས་ལོན་གནང་བ་དང་། གྱོན་ཆས་ལས་སྣོན་བཟོ་གྲྭས་རང་
འགུལ་ངང་གསར་གཏོད་བྱས་ཏེ་ས་གནས་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་གྱོན་ཆས་སྤུས་རྟགས་བཟོ་རྒྱུ་དང་། རང་འགུལ་ངང་འབྲེལ་ཡོད་ལས་ཁུངས་དང་། ཁེ་ལས་བཅས་
ལ་འབྲེལ་གཏུག་མཐུན་སྦྱོར་བྱས་ཏེ་གྱོན་ཆས་བཟོ་གྲྭས་ལས་བྱེད་ལས་བཟོ་བའི་ལས་ཀའི་ལྭ་བ་བཟོ་དགོས་བའི་རེ་བ་བཏོན།
      
བརྟག་ཞིབ་ཚན་ཆུང་བཅས་མགོ་ཁྲིད་ཀྱིས་རང་རྫོང་གི་གཞི་རིམ་སྨན་བཅོས་ཞབས་ཞུའི་ལས་དོན་ལ་ཚད་མཐོའི་གདེང་འཇོག་གནང་བ་དང་། ཕན་ནུས་ཆེ་བའི་
སྨན་བཅོས་དང་ཞབས་ཞུའི་ནུས་པ་མུ་མཐུད་འདོན་སྤེལ་བྱེད་པ། མང་ཚོགས་ཀྱི་སྨན་བཅོས་དགོས་མཁོ་ཇེ་ལེགས་སུ་གཏོང་བ་དང་། སྔར་ལས་བཟང་བའི་སྒོ་ནས་རྒྱ་ཆེའི་
མང་ཚོགས་ལ་ཞབས་འདེགས་ཞུ་བ་བཅས་བྱས་ཏེ་འབྲོག་པ་མང་ཚོགས་ཀྱི་བདེ་ཐང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་རྒྱུ། དུས་མཚུངས་སུ་ད་ཐེངས་ཀྱི་སློབ་སྦྱོང་
བྱེད་སྒོ་ལ་མྱོང་ཚོར་ཧ་ཅང་ཟབ་པ་དང་ཕན་འབྲས་ཀྱང་ཆེན་པོ་ཐོབ་པས། གསར་བརྗེའི་སྔོན་རབས་པའི་ལྷག་བསམ་ཟོལ་མེད་ཀྱི་ཐོག་མའི་བསམ་འདུན་དང་འགན་འཁྲི་
སེམས་ལ་བརྟན་པོ་ངེས་ཏེ། ཏང་ཡོན་གྱི་ཐོབ་ཐང་དང་ལས་འགན་སྔར་ལས་གསལ་བོ་བཟོ་བ་དང་། འགན་འཁྲིའི་བསམ་པ་དང་འགན་སྒྲུབ་བསམ་པ་སྔར་ལས་ཇེ་དྲག་
ཏུ་གཏོང་བ། དམར་དམག་རྒྱང་སྐྱོད་ཀྱི་སྙིང་སྟོབས་དང་།  གུང་ཁྲན་ཏང་མི་རྒན་རབས་ཚོས་དཀའ་སྤྱད་འབད་བརྩོན་གྱི་གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་བྱས་ཏེ་
དུས་རབས་གསར་པའི་རྒྱང་སྐྱོད་ལམ་བུའི་ཐོག་ཡག་པོ་བསྐྱོད་དགོས་ཞེས་བསྟན།

 
 
· ལིག་ཀྲིན་དབུས། 2018/5/11
· རྒྱལ་འབུམ་འཁྲུངས། 2018/5/11
· ལྷ་ཆེན་ཚེ་རིང་། 2018/5/11
· ཀརྨ་སྐྱིད། 2018/5/11
· ལའོ་ཧོང་ལིན། 2018/5/11
· ལི་ཧྥུ་ཉན། 2018/5/11
· པདྨ་རྫོང་གི་དམར་དམག་རྒྱང་སྐྱོད 2019/8/16

2008-2012 པདྨ་རྫོང་མི་དམངས་སྲིད་གཞུང་། All Rights Reserved
09758322651 མགོ་ལོག པདྨ  ཆ་འཕྲིན་རབ་གསལ། :814100
པདྨ་རྫོང་མི་དམངས་སྲིད་གཞུང་།