ཟླ་བདུན་པའི་ཚེས་ཉེར་དགུའི་ཉིན། བློ་མཐུན་ལིས་ཕིན་གྱི་སྐུ་གདུང་པེ་ཅིན་ནས་སྦྱིན་སྲེག་བྱས། ཞི་ཅིན་ཕིང་དང་ལི་ཁི་ཆང་། ལི་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིང་།
ཀྲའོ་ལི་ཅི། ཧན་ཀྲིན། ཝང་ཆི་ཧྲན། ཅང་ཙེ་མེན་སོགས་པ་པའོ་རི་བོའི་གསར་བརྗེ་བང་སོར་སོང་ནས་ཁོང་ལ་སྐྱེལ་མ་བྱས་པར་མ་ཟད། བློ་མཐུན་ལིས་ཕིན་གྱི་ཁྱིམ་མི་ལ་རེ་རེ་
བཞིན་ལག་འཇུ་བྱས་ནས་འཚམས་འདྲི་བྱས། ཧུའུ་ཅིན་ཐོ་ཡིས་ས་གཞན་ནས་མེ་ཏོག་གི་ཕྲེང་བ་བསྐྱལ་ཏེ་བློ་མཐུན་ལིས་ཕིན་སྐུ་གཤེགས་པར་སེམས་གཏིང་ནས་མྱ་ངན་ཞུས།
ཀྲུང་གོ་གུང་ཁྲན་ཏང་གི་ཕུལ་བྱུང་ཏང་ཡོན། ཡུན་རིང་ཉམས་སད་ཐེག་ཅིང་བློ་དཀར་བའི་གུང་ཁྲན་རིང་ལུགས་ཀྱི་འཐབ་མོ་བ། ཕུལ་དུ་བྱུང་བའི་འབྱོར་མེད་གྲལ་རིམ་
གྱི་གསར་བརྗེ་པ་དང་ཆབ་སྲིད་པ། ཏང་དང་རྒྱལ་ཁབ་ཀྱི་ཕུལ་བྱུང་འགོ་ཁྲིད་པ། ཀྲུང་གོ་གུང་ཁྲན་ཏང་སྐབས་བཅུ་གཉིས་པའི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་དང་ཀྲུང་
དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། སྐབས་བཅུ་གསུམ་པ་དང་སྐབས་བཅུ་བཞི་བ། སྐབས་བཅོ་ལྔ་བའི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྔོན་
ཆད་ཀྱི་ཙུང་ལི། སྐབས་དགུ་བའི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་བློ་མཐུན་ལིས་ཕིན་གྱི་སྐུ་གདུང་ཟླ་བདུན་པའི་ཚེས་
ཉེར་དགུ་ཉིན་པེ་ཅིན་ནས་སྦྱིན་སྲེག་བྱས།
བློ་མཐུན་ལིས་ཕིན་ལ་སྙུང་གཞི་ཕོག་ནས་ཉིས་སྟོང་བཅུ་དགུ་ལོའི་ཟླ་བདུན་པའི་ཚེས་ཉེར་གཉིས་ཉིན་གྱི་དུས་ཚོད་ཉེར་གསུམ་དང་སྐར་མ་བཅུ་གཅིག་སྟེང་པེ་ཅིན་ནས་
སྐུ་གཤེགས་པ་དང་དགུང་ལོ་གོ་གཅིག་རེད། བློ་མཐུན་ལིས་ཕིན་ལ་སྙུང་གཞི་ལྗིད་མོ་ཕོག་པའི་སྐབས་དང་སྐུ་གཤེགས་རྗེས། ཞི་ཅིན་ཕིང་དང་ལི་ཁི་ཆང་། ལི་ཀྲན་ཧྲུའུ། ཝང་
དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལི་ཅི། ཧན་ཀྲིན། ཝང་ཆི་ཧྲན། ཅང་ཙེ་མེན། ཧུའུ་ཅིན་ཐོ་སོགས་བློ་མཐུན་རྣམས་སྨན་ཁང་དུ་འགྲོ་བའམ་ཡང་ན་བྱེད་ཐབས་སྣ་ཚོགས་བརྒྱུད་ནས་
བློ་མཐུན་ལིས་ཕིན་སྐུ་གཤེགས་པར་གདུང་སེམས་ཆེན་པོས་མྱ་ངན་ཞུས་པར་མ་ཟད། ཁོང་གི་ཁྱིམ་མི་ཡོངས་ལ་སེམས་གཏིང་ནས་འཚམས་འདྲི་ཞུས། ཚེས་ཉེར་དགུའི་ཉིན་གྱི་སྔ་
དྲོར་པ་པའོ་རི་བོའི་གསར་བརྗེ་སྤྱིའི་བང་སོའི་ཚོམས་ཆེན་དུ་རྔམ་བརྗིད་གཟབ་ནན་གྱི་མྱ་ངན་རོལ་དབྱངས་དལ་གྱིས་གྲགས་བཞིན་ཡོད་ལ། སྔ་དྲོའི་དུས་ཚོད་དགུ་དང་སྐར་མ་
སུམ་ཅུ་ཡས་མས་སུ་ཞི་ཅིན་ཕིང་དང་ལི་ཁི་ཆང་། ལི་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལི་ཅི། ཧན་ཀྲིན། ཝང་ཆི་ཧྲན། ཅང་ཙེ་མེན་སོགས་མྱ་ངན་རོལ་དབྱངས་
ཁྲོད་གོམས་སྟབས་དལ་མོའི་ངང་ནས་བློ་མཐུན་ལིས་ཕིན་གྱི་སྐུ་གདུང་མདུན་དུ་ཡོང་ནས་མྱ་ངན་གྱི་གུས་ཕྱག་ལན་གསུམ་ཕུལ་བར་མ་ཟད། བློ་མཐུན་ལིས་ཕིན་གྱི་ཁྱིམ་མི་ལ་རེ་
རེ་བཞིན་ལག་འཇུ་བྱས་ནས་འཚམས་འདྲི་བྱས། ཧུའུ་ཅིན་ཐོ་ཡིས་ས་གཞན་ནས་མེ་ཏོག་གི་ཕྲེང་བ་བསྐྱལ་ཏེ་བློ་མཐུན་ལིས་ཕིན་སྐུ་གཤེགས་པར་སེམས་གཏིང་ནས་མྱ་ངན་ཞུས།
ཏང་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན་གྱིས་ཡུལ་དངོས་སུ་ཡོང་བའམ་ཡང་ན་བྱེད་ཐབས་སྣ་ཚོགས་བརྒྱུད་དེ་མྱ་ངན་ཞུས། ཀྲུང་དབྱང་དང་རྒྱལ་ཁབ་
ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་དང་། བློ་མཐུན་ལིས་ཕིན་འཚོ་བཞུགས་སྐབས་ཀྱི་གྲོགས་པོ་དང་ཕ་ཡུལ་གྱི་འཐུས་མི་སོགས་ཀྱིས་ཁོང་ལ་སྐྱེལ་མ་བྱས།
|