ཚོགས་ཆེན་གཉིས་ཀྱི་ཆེད་དོན་ལེ་ཚན། པདྨ་རྫོང་མི་དམངས་སྲིད་གཞུང་།  
ཤོག་ངོས་དང་པོ། :> སྲིད་དོན་ཆ་འཕྲིན། > རྒྱལ་སྤྱི།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཁྲུག་རྩོད་མཚམས་འཇོག་པའི་ལྟ་རྟོག་རྩ་འཛུགས་ཀྱིས་ཏུའུ་ཀྲའོ་ཡུས་སོགས་ཞི་བདེ་སྲུང་སྐྱོབ་ཀྱི་སྔོན་གཤེགས་དཔའ་བོར་མྱ་ངན་ཞུས།
འབྱུང་ཁུངས།: མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་། 2019/7/30

 

       མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཁྲུག་རྩོད་མཚམས་འཇོག་པའི་ལྟ་རྟོག་རྩ་འཛུགས་ཀྱི་ལེ་པཱ་ནུན་ལྟ་ཞིབ་ཚོགས་པས་ཉེ་སྔོན་ཀྲུང་གོའི་ཞི་བདེ་སྲུང་སྐྱོབ་ཀྱི་སྔོན་
གཤེགས་དཔའ་བོ་ཏུའུ་ཀྲའོ་ཡུས་སོགས་ཀྱིས་ཚེ་སྔོན་གཏན་སྲུང་བྱས་པའི་ཞེ་ཡཱ་མུའུ་ལྟ་ཞིབ་སོ་ལྟ་ཁང་གི་གནས་རྙིང་ནས་རྗེས་དྲན་མཛད་སྒོ་སྤེལ་ཏེ། འཛམ་གླིང་གི་
ཞི་བདེའི་ཆེད་དུ་རང་སྲོག་བློས་བཏང་བའི་སྔོན་གཤེགས་དཔའ་བོར་གདུང་སེམས་ཆེན་པོས་མྱ་ངན་ཞུས།
      
མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཁྲུག་རྩོད་མཚམས་འཇོག་པའི་ལྟ་རྟོག་རྩ་འཛུགས་ཀྱི་ཇུས་འདོན་པ་གཞོན་པ།  ཨོ་སི་ཁྲུ་ལི་ཡཱའི་དམག་དཔོན་སི་ཁི་ཐི་ཡིས་
རྗེས་དྲན་མཛད་སྒོའི་སྟེང་གཏམ་བཤད་སྤེལ་ཏེ། སྔོན་གཤེགས་དཔའ་བོར་བླ་ན་མེད་པའི་གུས་སེམས་བསྟན། སི་ཁི་ཐི་ཡིས་བཤད་རྒྱུར།  ཁྱོད་ཚོས་རྒྱལ་སྤྱིའི་ཞི་བདེ་
དང་བདེ་འཇགས་ཐད་བཞག་པའི་འབུར་ཐོན་བྱས་རྗེས་དེ་འཛམ་གླིང་གིས་བརྗེད་མི་སྲིད་པ་དང་། ཞི་བདེ་ལ་དགའ་བའི་མི་དམངས་ཀྱིས་དུས་ནམ་ཡིན་ཡང་ཁྱོད་
ཚོར་རྗེས་དྲན་བྱེད་ངེས་ཡིན་ཟེར།
 

སྔོན་གཤེགས་དཔའ་བོའི་རྗེས་དྲན་བྱ་འགུལ་དུ་ཞུགས་མཁན་ལ་ད་རུང་ཨོ་སི་ཁྲུ་རི་ཡཱ་དང་ཁཱ་ནཱ་ཏཱ།   ཧྥུན་ལན་བཅས་ཀྱི་ཞི་བདེ་སྲུང་སྐྱོབ་དམག་དཔུང་གི་
དཔོན་དམག་འཐུས་མི་དང་དེ་མིན་དམག་དོན་ལྟ་ཞིབ་པ་སོགས་ཡོད་པ་རེད། 





 
 
· ལིག་ཀྲིན་དབུས། 2018/5/11
· རྒྱལ་འབུམ་འཁྲུངས། 2018/5/11
· ལྷ་ཆེན་ཚེ་རིང་། 2018/5/11
· ཀརྨ་སྐྱིད། 2018/5/11
· ལུའོ་ཧུང་ལིན། 2018/5/11
· ལི་ཧྥུའུ་ཉེན། 2018/5/11
· 000 2019/11/28 14:58:49

2008-2012 པདྨ་རྫོང་མི་དམངས་སྲིད་གཞུང་། All Rights Reserved
09758322651 མགོ་ལོག པདྨ  ཆ་འཕྲིན་རབ་གསལ། :814100
པདྨ་རྫོང་མི་དམངས་སྲིད་གཞུང་།