ཚོགས་ཆེན་གཉིས་ཀྱི་ཆེད་དོན་ལེ་ཚན། པདྨ་རྫོང་མི་དམངས་སྲིད་གཞུང་།  
ཤོག་ངོས་དང་པོ། :> སྲིད་དོན་ཆ་འཕྲིན། > པདྨ
པདྨ་རྫོང་གིས་མ་དངུལ་སྒོར་ཁྲི2326བཏང་ནས་བོད་སྨན་ཁང་གསར་འཛུགས་ལེགས་འགྲུབ་བྱུང་བ་མ་ཟད་བེད་སྤྱོད་བྱས།
འབྱུང་ཁུངས།: 2019/7/29

 

       རྫོང་ཡོངས་ཀྱི་མི་རིགས་སྨན་བཅོས་ཞབས་ཞུའི་མ་ལག་སྔར་བས་མཐོ་རུ་གཏོང་བ་དང་། རིམ་དབྱེའི་ནད་བརྟག་སྨན་བཅོས་ལམ་ལུགས་སྲ་བརྟན་དང་འཐུས་ཚང་དུ་
གཏོང་བ། སྤྱི་ཡོངས་ཀྱི་ཞབས་ཞུའི་ཆུ་ཚད་ལ་སྐུལ་འདེད་བཏང་སྟེང་། ནུས་ལྡན་དང་སྟབས་བདེ། བདེ་འཇགས་བཅས་ཀྱི་སྨན་བཅོས་ཁོར་ཡུག་ཅིག་མཁོ་འདོན་བྱ་ཆེད།
རྫོང་
ཨུ་དང་རྫོང་སྲིད་གཞུང་གི་གཅིག་གྱུར་བཀོད་སྒྲིག་དང་འཆར་འགོད་འོག
1956ལོར་པདྨ་རྫོང་བོད་སྨན་ཁང་གནས་སྤོ་བྱ་རྒྱུའི་གཏན་ཁེལ་བྱས་པ་དང་ནད་པར་དགོས་ངེས་
ཀྱི་གསོ་རིག་བརྟག་དཔྱད་དང་སྨན་བཅོས་བྱ་ཐབས།ནད་སྐྱོང་ལག་རྩལ། སྨན་བཅོས་ཞབས་ཞུ། ལུས་གསོའི་སྒྲིག་ཆས། སྐྱོབ་བཅོས་སྐྱེལ་འདྲེན་སོགས་ཀྱི་བྱེད་ནུས་ཆ་ཚང་བའི་མི་
རིགས་སྨན་ཁང་འཛུགས་པའི་བླང་བྱ་གཞིར་བཟུང་སྟེ། ས་གནས་གསར་པར་གནས་སྤོ་ལས་དོན་བདེ་བླག་ངང་ལེགས་གྲུབ་བྱུང་བ་མ་ཟད་བཀོལ་སྤྱོད་བྱེད་འགོ་བཙུགས་ཏེ་རྫོང་
ཡོངས་ཀྱི་མི་དམངས་ཀྱི་བདེ་ཐང་འགན་ལེན་བྱས་པ་རེད།
 
      
རྫོང་བོད་སྨན་ཁང་གིས་ཁྱོན་སྡོམ་མ་དངུལ་སྒོར་ཁྲི2326བཏང་བའི་སའི་རྒྱ་ཁྱོན་སྨི་གྲུ་བཞི་མ8000བཟུང་ཡོད་པའི་ནང་འཛུགས་སྐྲུན་རྒྱ་ཁྱོན་སྨི་གྲུ་བཞི་མ4522
ཡོད་པ་དང་། མ་དངུལ་སྒོར་ཁྲི1562ཟིན། (དེའི་ནང་ཕྱོགས་བསྡུས་ཞག་སྡོད་ཁང་ལ་མ་དངུལ་སྒོར་ཁྲི620ཡིན་པའི་རྒྱ་ཁྱོན་སྨི་གྲུ་བཞི་མ1822དང་། སྒོ་བསྟེན་སྨན་འཁྲུད་
ཁང་ལ་མ་དངུལ་སྒོར་ཁྲི
820བཏང་ནས་རྒྱ་ཁྱོན་སྨི་གྲུ་བཞི་མ2000ཡིན་པ། སྨན་སྦྱོར་ཁང་ལ་མ་དངུལ་སྒོར་ཁྲི164བཏང་བའི་རྒྱ་ཁྱོན་སྨི་གྲུ་བཞི་མ400ཡིན་པ། བོད་སྨན་
གསོག་འཇོག་ཐོག་ཁང་ལ་མ་དངུལ་སྒོར་ཁྲི
122བཏང་བའི་རྒྱ་ཁྱོན་སྨི་གྲུ་བཞི་མ300ཡིན་པ་བཅས་ཚུད)ཡོད་པ་མ་ཟད།  ཧྲང་ཧའེ་ཡིས་རོགས་སྐྱོར་འཛུགས་སྐྲུན་གྱི་མ་དངུལ་
སྒོར་ཁྲི
600བརྩོན་ལེན་བྱས་ནས་ལྕགས་རི་དང་སྒོ་ཆེན། ར་བའི་ནང་གི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་དང་འཐུས་ཚང་དུ་བཏང་། ད་ལྟ་སྨན་ཁང་དུ་ལས་བཟོ་བ་ཉི་ཤུ་དང་
སྒྲིག་ཁོངས་ནད་ཁྲི་ང་ལྔ། སྨན་པ་འབུམ་རམས་པ་གཞོན་པ་གཉིས་དང་།
སྨན་གཉེར་འབུམ་རམས་པ་གཞོན་པ་གཅིག  ཕོ་རྒྱུ་ཚན་ཁག་དང་ཕྱོགས་བསྡུས་ཁོག་ནད་ཚན་ཁག ཕྱི་
བཅོས་ཚན་ཁག
 སྨན་སྦྱོར་ཚན་ཁག སྨན་དོན་ཚན་ཁག་དང་ནོར་དོན་ཚན་ཁག་སོགས་ཚན་ཁག་བདུན་ཡོད།

       རྫོང་བོད་སྨན་ཁང་གིས2014ལོར་ཕོ་རྒྱུ་ཚན་ཁག་དང་ཕྱི་བཅོས་ཚན་ཁག་དེ་ཁུལ་རིམ་པའི་ཁྱད་ཆོས་ལྡན་པའི་ཚན་ཁག་གཙོ་བོར་བདམས་པའི་གོ་སྐབས་དང་
བསྟུན་ནས། ཁྱད་ཆོས་ལྡན་པའི་ཆེད་ལས་ཚན་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། ཆེད་ལས་ཚན་ཁག་འཛུགས་སྐྱོང་དང་འཕེལ་རྒྱས་ཀྱི་འཆར་འགོད་བཟོ་བ། བོད་
ལུགས་གསོ་རིག་གི་རྩ་བརྟག་པ་དང་། གཅིན་བརྟག ལྕེ་བརྟག མེ་བཙའ། གཏར་ཁ་རྒྱག་པ། གསེར་ཁབ་རྒྱག་པ། ཁབ་བཙའ། བྱུག་བཅོས། ལྕགས་སྲེག རྭ་དམ། མེ་བུམ། གནོན་
འཕུར་སོགས་བརྟག་དཔྱད་དང་སྨན་བཅོས་བྱེད་ཐབས་བཅུ་ལྷག་ཙམ་བཟོས་ནས་མི་རིགས་གསོ་རིག་གི་ཁྱད་ཆོས་ལྡན་པའི་ལེགས་ཆ་དང་སྨན་བཅོས་ཀྱི་ཕན་འབྲས་འདོན་
སྤེལ་གང་ལེགས་བྱས་པ་དང་།
 ཕོ་རྒྱུ་ཚན་ཁག་གིས་སྨན་རྫས་གསོ་བཅོས་དང་ཟུང་འབྲེལ་བྱས་ཏེ་མཆིན་ཚད་ཁ་པ་དང་། འཁུམ་པའི་རང་བཞིན་ལྡན་པའི་ཕོ་བའི་གཉན་ཚད།
བད་ཀན་སྨུག་པོར་འགྱུར་བ། མཁྲིས་སྣོད་ཚ་ནད་སོགས་འཇུ་བྱེད་མ་ལག་སོགས་ཀྱི་ནད་རིགས་ལ་ཚན་རིག་དང་མཐུན་པའི་གསོ་བཅོས་བྱེད་པ་མ་ཟད།  གསོ་བཅོས་ཀྱི་ཕན་
འབྲས་ཀྱང་ལེགས་པོ་ཐོབ་ཡོད། སྨན་སྦྱོར་ཁང་གིས་རང་འཐུ་དང་རང་བཟོས་རྣམ་པའི་ཐོག་ནས་ནད་ཐོག་སྨན་བཅོས་ཀྱི་སྨན་སྤྱོད་ཁྱོན་རིགས
208ལེགས་སྒྲུབ་བྱས་ཡོད་ལ།
(དེའི་ནང་སྨན་ཕྱེ་སྣ་ཁ
163དང་རིལ་བུ་སྣ་ཁ15ཐང་སྨན་སྣ་ཁ30བཅས་ཡོད)སྨན་དེ་དག་སྤུས་ལེགས་པ་དང་གོང་བདེ་བ།  དངོས་ཡོད་འཚོ་བ་བཅས་ཀྱི་ཐོག་ནས་མང་
ཚོགས་ཀྱིས
ནད་ལ་བལྟ་དཀའ་བ་དང་སྨན་རིན་མཐོ་བའིགནད་དོན་ཐག་གཅོད་ བྱས་ཡོད།
       རྫོང་བོད་སྨན་ཁང་གིསནད་པ་ལྟེ་བར་བྱེད་པ་དང་། སྨན་བཅོས་སྤུས་ཚད་ལྟེ་བར་འཛིན་པའིཞབས་ཞུའི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ་བོད་ལུགས་གསོ་རིག་གི་
དགེ་མཚན་འབུར་དུ་དོད་དེ་སྨན་པའི་ཀུན་སྤྱོད་ལེགས་པོ་བཙུགས་ཏེ་རྫོང་ཡོངས་ཀྱི་རྒྱ་ཆེའི་མང་ཚོགས་ལ་སྤུས་ལེགས་དང་ལྗང་མདོག 
བདེ་ཐང་། སྨན་བཅོས་ཞབས་ཞུ་
བཅས་མཁོ་འདོན་བྱས་ཡོད།




 
 
· ལིག་ཀྲིན་དབུས། 2018/5/11
· རྒྱལ་འབུམ་འཁྲུངས། 2018/5/11
· ལྷ་ཆེན་ཚེ་རིང་། 2018/5/11
· ཀརྨ་སྐྱིད། 2018/5/11
· ལའོ་ཧོང་ལིན། 2018/5/11
· ལི་ཧྥུ་ཉན། 2018/5/11
· པདྨ་རྫོང་གི་དམར་དམག་རྒྱང་སྐྱོད 2019/8/16

2008-2012 པདྨ་རྫོང་མི་དམངས་སྲིད་གཞུང་། All Rights Reserved
09758322651 མགོ་ལོག པདྨ  ཆ་འཕྲིན་རབ་གསལ། :814100
པདྨ་རྫོང་མི་དམངས་སྲིད་གཞུང་།