ཚོགས་ཆེན་གཉིས་ཀྱི་ཆེད་དོན་ལེ་ཚན། པདྨ་རྫོང་མི་དམངས་སྲིད་གཞུང་།  
ཤོག་ངོས་དང་པོ། :> སྲིད་དོན་ཆ་འཕྲིན། > པདྨ
པདྨ་རྫོང་གིས་བྱ་འགུལ་རབ་དང་རིམ་པ་སྤེལ་ཏེ་ཀྲུང་གོ་གསར་བ་དབུས་བརྙེས་ནས་ལོ་འཁོར70ལོན་པར་རྟེན་འབྲེལ་ཞུས།
འབྱུང་ཁུངས།: 2019/7/27

 

       གཟབ་རྒྱས་ངང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར70ལོན་པར་ རྟེན་འབྲེལ་ཞུ་བ་དང་། རང་རེའི་རླབས་ཆེན་མེས་རྒྱལ་གྱིས་བླངས་པའི་འོད་
སྟོང་འབར་བའི་གྲུབ་འབྲས་ལ་བསྟོད་གླུ་འབུལ་བ། རྒྱ་ཆེའི་ལས་བྱེད་མང་ཚོགས་ཀྱི་སྣེ་ཁྲིད་དེ་རྒྱལ་གཅེས་བརྩེ་སེམས་བརྗོད་པ་དང་། མེས་རྒྱལ་གྱི་རྣམ་པ་གསར་པར་བསྟོད་པ།
རྒྱལ་གཅེས་དུང་བ་གཏིང་ཟབ་ཏུ་གཏོང་བ་དང་། མི་རིགས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་བཅས་ཀྱི་ཕྱིར་དུ། པདྨ་རྫོང་གིས་བྱ་འགུལ་རབ་དང་རིམ་པ་སྤེལ་ཏེ་ཀྲུང་གོ་གསར་
བ་དབུ་བརྙེས་ནས་ལོ་འཁོར70ལོན་པར་རྟེན་འབྲེལ་ཞུས།
རྒྱལ་གཅེས་རིང་ལུགས་ཀྱི་གློག་བརྙན་ཞིག་ལ་བལྟས་པ། རྒྱལ་སྟོན་དུས་ཆེན་གྱི་སྔོན་ཏུ་ཏང་ཡོན་ལས་བྱེད་པ་ཡོངས་རྫོགས་རྩ་འཛུགས་བྱས་ཏེ་གཅིག་བསྡུས་སམ་ཐར་ཐོར་
གྱི་རྣམ་པའི་ཐོག་ནས་རྒྱལ་གཅེས་རིང་ལུགས་ཀྱི་བརྗོད་བྱ་ཡིན་པའི་དངོས་མཚོན་གློག་བརྙན་ཞིག་ལ་བལྟས་བ་དང་། གློག་བརྙན་ལ་བལྟས་ནས་ཏང་གི་འོད་སྟོང་འབར་
བའི་ལོ་རྒྱུས་བརྒྱུད་རིམ་བསྐྱར་དུ་དྲན་པ་དང་། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་པ་དང་མི་རིགས་བཅིངས་འགྲོལ་གཏོང་ཕྱིར་རང་སྲོག་བློས་བཏང་བའི་གཟི་བརྗིད་ལྡན་
པའི་གསར་བརྗེའི་སྔོན་གཤེགས་དཔའ་བོར་བརྩེ་བ་ཟབ་མོས་དྲན་གསོ་ཞུས་པ་དང་། གསར་བརྗེའི་སྲོལ་རྒྱུན་དང་གཤིས་རྒྱུད་བཟང་པོ་མྱོང་ཚོར་བླངས་ཏེ། ཏང་ལ་དགའ་
ཞེན་དང་རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་བ། མི་རིགས་ཀྱི་རང་བཀུར་བསམ་པ་དང་རང་རྟོན་གྱི་བསམ་པ་རྒྱུན་ཆད་མེད་པར་ཆེ་
རུ་བཏང་ནས་རྒྱ་ཆེའི་ཏང་ཡོན་རྣམས་ལ་གཟི་བརྗིད་ལྡན་པའི་བསམ་པ་དང་། ལས་འགན་སྒྲུབ་པའི་བསམ་པ། འགན་འཁུར་བའི་བསམ་པ་བཅས་ལ་སྐུལ་སློང་བྱས།

གསར་བརྗེ་བརྫོད་བྱ་ཡིན་པའི་སློབ་གསོ་ཐེངས་ཤིག་སྤེལ། དམར་དམག་ལུང་པ་སྟེ་རྒྱལ་ཡོངས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་དཔེ་སྟོན་རྟེན་གཞིར་བརྟེན་ནས་རྒྱ་
ཆེའི་ཏང་ཡོན་ལས་བྱེད་པ་རྩ་འཛུགས་བྱས་ཏེ་ཉམས་ཞིབ་ལྡན་པའི་གསར་བརྗེའི་སྲོལ་རྒྱུན་གྱི་སློབ་གསོ་ཐེངས་ཤིག་སྤེལ་བ་དང་། གསར་བརྗེ་རྗེས་ཤུལ་ལ་ལྟ་སྐོར་དང་
དམར་དམག་གི་གཏམ་རྒྱུད་ཉན་པ། དམར་དམག་འཐབ་འཛིང་པར་མཆོད་འབུལ། ཏང་ཞུགས་མནའ་ཚིག་བསྐྱར་དྲན། རྒྱང་སྐྱོད་ལམ་བུར་བསྐྱར་སྐྱོད་སོགས་བརྗོད་
བྱ་གཙོ་བོའི་བྱེད་སྒོ་སྤེལ་བ་བརྒྱུད་རྒྱང་སྐྱོད་ཀྱི་སྙིང་སྟོབས་དང་ཏང་གི་སྲོལ་རྒྱུན་དར་སྤེལ།  ཏང་ཡོན་ལས་བྱེད་པའི་སྙིང་སྟོབས་ལ་ཉམས་སད་བྱེད་དུ་བཅུག་པ་དང་།
བསམ་བློའི་སྟེང་སྦྱོང་བརྡར་ཐེབས་པ་བཅས་བྱས་ཏེ། "འདུ་ཤེས་བཞི"ཇེ་བརྟན་དུ་དང་། "རང་རྟོན་བཞི"ཇེ་དྲག་ཏུ་གཏོང་བ། ཐོག་མའི་བསམ་འདུན་དང་འགན་འཁྲི་
བརྟན་སྲུང་བྱས་ནས་གུང་ཁྲན་ཏང་མིའི་ཆབ་སྲིད་ཀྱི་རང་བཞིན་ནམ་ཡང་སྲུང་འཛིན་བཅས་བྱེད་རྒྱུ།

ལས་བཟོ་བའི་གླུ་དབྱངས་ཀྱི་འགན་བསྡུར་ཞིག་སྤེལ།  གསར་བརྗེའི་བརྗོད་བྱ་འབུར་དུ་དོད་པ་དང་། རྫོང་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་ལས་བཟོ་པའི་ཁྲོད་དུ་གླུ་དབྱངས་
འགྲན་བསྡུར་ཆེན་པོ་ཞིག་སྤེལ་ཏེ། 
ལས་བྱེད་ལས་བཟོ་པས་རང་གྲལ་རང་སྒྲིག་དང་། རང་འཁྲབ། རང་དགའ་རང་སྤྲོ་བཅས་ཀྱི་རྣམ་པ་བརྒྱུད་དེ་གུང་ཁྲན་ཏང་བཟང་
བ་དང་། སྤྱི་ཚོགས་རིང་ལུགས་བཟང་བ། བཅོས་སྒྱུར་སྒོ་འབྱེད་བཟང་བ། རླབས་ཆེ་བའི་མེས་རྒྱལ་བཟང་བ་བཅས་ཀྱི་དུས་རབས་ཀྱི་བརྗོད་བྱ་གཙོ་བོ་གླུ་དབྱངས་སུ་ལེན་
པ་དང་། སྤྲོ་སེམས་འཁོལ་ཞིང་དགའ་སྐྱིད་ལྡན་པའི་དུས་ཆེན་གྱི་རྣམ་པ་བཟང་པོ་སྐྲུན་པ། མི་རིགས་ཀྱི་སྙིང་སྟོབས་ཆེར་སྐྱེད་དང་རྒྱལ་གཅེས་ཀྱི་སྤྲོ་སེམས་སྐུལ་སློང་བྱས་
ཏེ། ལས་བྱེད་ལས་བཟོ་ཡོངས་ལ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐྱེས་སྐར་ལ་མཉམ་རོལ་བྱེད་དུ་བཅུག་པ་དང་། མཛེས་སྡུག་ལྡན་པའི་པདྨའི་མ་འོངས་པར་རྒྱང་ལྟ་བྱེད་དུ་བཅུག

ཏང་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་ཤེས་བྱའི་འགྲན་བསྡུར་ཞིག་སྤེལ།  "གཉིས་སློབ་གཅིག་བྱེད"ཀྱི་སློབ་གསོ་དེ་རྒྱུན་ལྡན་ཅན་དང་ལམ་ལུགས་ཅན་དུ་འགྱུར་བར་སྐུལ་འདེད་
གཏོང་བ་དང་
ཟུང་འབྲེལ་སྒོས།  ཏང་གི་ལོ་རྒྱུས་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་བརྗོད་བྱར་བྱེད་པ་དང་།  ཏང་རྩ་འཛུགས་ལས་ཁུངས་སུ་བྱས་ཏེ་ཏང་གི་ལོ་ཛརྒྱུས་དང་རྒྱལ་
ཁབ་ཀྱི་ལོ་རྒྱུས་ཤེས་བྱའི་འགྲན་བསྡུར་གྱི་བྱེད་སྒོ་ཐེངས་ཤིག་སྤེལ། ཤེས་བྱའི་འགྲན་བསྡུར་བྱས་པ་བརྒྱུད་འགྲན་བསྡུར་གྱིས་སློབ་སྦྱོང་ལ་སྐུལ་ཁྲིད་བྱེད་པའི་དམིགས་ཡུལ་
འགྲུབ་པར་བྱས་ཏེ། རྒྱ་ཆེའི་ལས་བྱེད་པས་ཏང་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་ལ་ངོས་འཛིན་དང་སློབ་སྦྱོང་། བརྩི་འཇོག་བཅས་བྱས་ཏེ་རྒྱལ་གཅེས་རིང་ལུགས་ཀྱི་བརྩེ་སེམས་
ལ་སྔར་ལས་སྐུལ་སློང་བྱེད་པ་དང་།  སྤྱི་ཚོགས་རིང་ལུགས་ཀྱི་རིན་ཐང་ལྟ་བ་དང་ཕུགས་བསམ།  དད་སེམས་བརྟན་པོ་བཙུགས་ནས་གོམ་སྟབས་རྗེས་མར་རང་རྫོང་དུ
"ཐོག་མའི་བསམ་འདུན་མ་བརྗེད་པར། འགན་འཁྲི་ཡིད་ལ་དམ་པོར་བཅངས"ཞེས་བརྗོད་བྱ་གཙོ་བོའི་སློབ་གསོ་སྤེལ་རྒྱུའི་སྔོན་བརྡ་དང་རྨང་གཞི་བརྟན་པོ་བཏང་།

ཡིག་རིས་པར་ལེན་བརྩམས་ཆོས་འགྲེམ་སྟོན་ཐེངས་ཤིག་སྤེལ། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་འཁོར70ལོན་པར་རྟེན་འབྲེལ་ཞུ་བ་དེ་བརྗོད་བྱ་བྱས་ནས་རྫོང་ཡོངས་
ཀྱི་ལས་ཁུངས་སོ་སོས་ལས་ཞོར་ཡིག་གཟུགས་དང་། རི་མོ། པར་ལེན་ལ་དགའ་མཁན་བཅས་རྩ་འཛུགས་བྱས་ནས"རྒྱལ་སྟོན་དུས་ཆེན་བསུ་བ་དང་གཟི་ཉམས་མངོན་པའི
"ཡིག་རིས་པར་ལེན་བརྩམས་ཆོས་འགྲེམ་སྟོན་བྱས་ཏེ ། གཅིག་བསྡུས་ཀྱིས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་འཁོར70ལོན་པའི་འོད་སྟོང་འབར་བའི་ལོ་རྒྱུས་ཀྱི་ལམ་
བུ་རྗེས་དྲན་ཞུ་བ་མཚོན་པ་དང་།  ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ནས་བླངས་བའི་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་དང་གྲུབ་འབྲས་རླབས་པོ་ཆེ་དང་།
ཏང་གི་མཛད་རྗེས་རླབས་པོ་ཆེར་བསྟོད་གླུ་འབུལ་བ། རང་རྫོང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་ཆེན་པོ་དྲིལ་བསྒྲགས་དང་། ཧུར་ཐག་
གིས་སྐྱོན་བྲལ་ཡར་བརྩོན་གྱི་ལས་ཞོར་རིག་གནས་དང་འཚོ་བ་དར་སྤེལ་བཏང་སྟེ་ཕྱོགས་གང་ཅིའི་ཐད་ནས་ཏང་ཡོན་ལས་བྱེད་པའི་རྣམ་པ་བཟང་པོ་མངོན་པར་བྱས།

རྒྱལ་དར་སྒྲེང་བའི་མཛད་སྒོ་ཐེངས་ཤིག་སྤེལ། རྒྱལ་དར་སྒྲེང་བའི་མཛད་སྒོ་སྤེལ་བ་ནི་རྒྱལ་སྟོན་དུས་ཆེན་གྱི་བརྗིད་ཉམས་ཆེ་ཤོས་དང་ཆེས་ཐད་ཀའི་རྟེན་འབྲེལ་ཞུ་སྟངས་
ཤིག་ཡིན་ལ།  པདྨའི་སྣང་བརྙན་བཟང་པོ་སྟོན་པའི་སྒེའུ་ཁུང་གལ་ཆེན་ཞིག་ཀྱང་ཡིན།  རྒྱལ་སྟོན་དུས་ཆེན་གྱི་སྔོན་ཏུ་རྫོང་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་ལས་བཟོ་པ་དང་། 
སྤྱི་བདེའི་ལས་བྱེད་པ་དང་ཉེན་རྟོག་པ། དྲག་ཆས་དཔོན་དམག་དང་མང་ཚོགས་ཀྱི་འཐུས་མི་བཅས་རྩ་འཛུགས་བྱས་ཏེ་སྲིད་གཞུང་གི་ར་སྐོར་ནང་དུ་གཟབ་རྒྱས་ངང་རྒྱལ་
དར་སྒྲེང་བའི་མཛད་སྒོ་སྤེལ་བ་མ་ཟད་སྐད་གསང་མཐོན་པོས་རྒྱལ་གླུ་བླངས་ཏེ་མེས་རྒྱལ་ལ་གུས་བཀུར་བླ་མེད་པ་ཞུས་པ་དང་།  བསམ་པའི་འཁྱེར་སོ་གསར་བ་དང་སྤྲོ་
སེམས་ཀྱིས་ལྟོས་པའི་ལམ་བུ་གསར་བའི་འགོ་འཚུགས། དུས་མཚུངས་སུ་ཞང་གྲོང་རྡལ་དང་ལས་ཁུངས་སོ་སོས་ཧུར་ཐག་གིས་སྲང་ལམ་གཙོ་བོ་དང་སྡེ་ཁུལ་སོགས་སུ་རྒྱལ་
དར་དང་དར་ཚོན། དྲིལ་བསྒྲགས་འཕྲེད་བྱང་སོགས་བཀལ་ཏེ་དགའ་སྟོན་རྟེན་འབྲེལ་དང་འཆམ་མཐུན་གྱི་རྣམ་པ་བཟང་པོ་བསྐྲུན་དགོས་པའི་བླང་བྱ་བཏོན། 

གཅིག་བསྡུས་ཀྱིས་འཚམས་འདྲི་ཐེངས་ཤིག་བྱས།  བཅུ་གཅིག་གི་སྔོན་དུ་རྫོང་གི་ཚན་ཁག་ཆེན་པོ་བཞི་ཡི་མགོ་ཁྲིད་ཀྱིས་རུ་སྣེ་ཁྲིད་པ་དང་། འབྲེལ་ཡོད་སྡེ་ཁག་དང་ལས་
ཁུངས་ཁག་གི་སྒོ་ཁར་ཕེབས་ཏེ་གཟིགས་ཞིབ་དང་འཚམས་འདྲི་སོགས་ཀྱི་རྣམ་པ་བརྒྱུད། རང་རྫོང་དུ་བྱ་བ་དང་འཚོ་བ་སྐྱེལ་མཁན་གྱི་འཐབ་འཛིང་པ་རྒན་པ་དང་། བློ་
མཐུན་རྒན་པ། སྔོན་གཤེགས་དཔའ་བོའི་ནང་མི།  རྨས་སྐྱོན་ཕོག་པའི་དམག་མི་སོགས་རྒྱལ་ཁབ་ཀྱི་གཟིགས་སྐྱོང་རོགས་དངུལ་ལོངས་སུ་སྤྱོད་མཁན་གྱི་གཟིགས་སྐྱོང་བྱ་
ཡུལ་དང་། དཀའ་ངལ་ཡོད་པའི་ཏང་ཡོན། དབུལ་ཕོངས་མང་ཚོགས་བཅས་ལ་བརྩེ་སེམས་ཟབ་མོས་འཚམས་འདྲི་ཐེངས་གཅིག་བྱས་ཏེ་ཁོང་ཚོར་དུས་ཆེན་གྱི་སྨོན་འདུན་
དང་འཚམས་འདྲི་ཞུས་པ་རེད། ཁོང་ཚོའི་འཚོ་བ་དང་བྱ་བའི་གནས་ཚུལ་ལ་རྒྱུས་ལོན་གནང་བ་དང་རོགས་རམ་བྱས་ནས་དངོས་ཡོད་ཀྱི་དཀའ་ངལ་དང་གནད་དོན་
ཐག་གཅོད་བྱས་པ་མ་ཟད།  ཁོང་ཚོས
མདོག་གསུམ་པདྨའཕེལ་རྒྱས་གཏོང་བའི་ཐབས་ཇུས་བཟང་པོར་བཀའ་འདྲི་ཀྱང་གནང་བ་རེད། 

སྲིད་ཇུས་ཤེས་བྱའི་འཆད་ཁྲིད་ཐེངས་ཤིག་སྤེལ། ཆེད་མཁས་པ་གདན་འདྲེན་ཞུས་ནས་རྫོང་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་པར་གནས་བབ་དང་སྲིད་ཇུས་སྐོར་གྱི་ཆེད་དོན་
འཆད་ཁྲིད་ཐེངས་ཤིག་བྱེད་དུ་བཅུག་པ་དང་། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་རབ་དང་རིམ་
པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་གཏིང་ཟབ་བྱ་རྒྱུར་དམིགས་ཏེ་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་
དགོངས་པའི་རིན་ཐང་གལ་ཆེན་དང་དུས་རབས་ཀྱི་ནང་དོན་ལ་སློབ་སྦྱོང་དང་གོ་བ་སྔར་ལས་ལྷག་པ་བླངས་ཏེ།  རིམ་པ་མི་འདྲ་བ་དང་།  མཐོང་ཟུར་མི་འདྲ་བའི་
ཐོག་ནས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ70འཁོར་བའི་ནང་བླངས་པའི་འོད་སྟོང་འབར་བའི་གྲུབ་འབྲས་དང་རིན་ཐང་བྲལ་བའི་ཉམས་མྱོང་།  ལྷག་པར་དུ་
ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་ཚུན་གྱི་བཅོས་སྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་ལས་ཐོབ་པའི་ལོ་རྒྱུས་
རང་
བཞིན་གྱི་གྲུབ་འབྲས་དང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཁག་ལ་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བ་དེ་དག་རྒྱས་བཤད་བྱས་ནས། ལས་བྱེད་པ་དང་མང་
ཚོགས་རྣམས་ཀྱིས་ཏང་གི་ལམ་ཕྱོགས་དང་བྱེད་ཕྱོགས། སྲིད་ཇུས་བཅས་ལ་སྒོ་ཀུན་ནས་གོ་བ་ཡང་དག་ལོན་པའི་སློབ་གསོ་དང་ཁྲིད་སྟོན་བྱས་ཏེ་སྔར་ལས་ལྷག་པའི་
ངོས་འཛིན་གཅིག་མཐུན་ཡོང་དང་།  ཡིད་ཆེས་བརྟན་པོ་བྱས་ནས་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ།

བརྗོད་བྱ་གཙོ་བོའི་དྲིལ་བསྒྲགས་དང་གནས་འཕྲིན་ཐེངས་ཤིག་སྤེལ།  ཚགས་པར་དང་དུས་དེབ།  རླུང་བརྙན་འཕྲིན། སྲིད་གཞུང་གི་དྲ་ཚིགས། འཕྲིན་སྟེགས་སོགས་
དྲིལ་བསྒྲགས་སྨྱན་བྱེད་བེད་སྤྱོད་གང་ལེགས་བྱས་ཏེ།  གོང་རིམ་གྱི་གསར་འགྱུར་སྨྱན་བྱེད་གཙོ་བོའི་གཙོ་གནད་མ་ཟིན་ཡང་དག་པར་བརྒྱུད་འགོད་བྱས་པའི་རྨང་
གཞིའི་ཐོག"ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་འཁོར70ལོན་པར་རྟེན་འབྲེལ་ཞུ་བའི་ཆེད་བསྒྲིགས་ལེ་ཚན"གསར་གཉེར་བྱས་ནས། ཀྲུང་གོ་གསར་པ་དབུ་བརྙེས་
ཚུན་གྱི་པདྨ་རྫོང་གི་སྤྱི་ཚོགས་དཔལ་འབྱོར་གྱི་བྱ་གཞག་གོང་འཕེལ་ཐད་བླངས་པའི་འོད་སྟོང་འབར་བའི་གྲུབ་འབྲས་དང་རྒྱལ་ཁ་ཐོབ་པའི་ཉམས་མྱོང་བཟང་པོ་
ཤུགས་ཆེན་པོས་དྲིལ་བསྒྲགས་བྱས་ནས། རང་རྫོང་གིས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་འཁོར70ལོན་པར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་རབ་དང་རིམ་པ་དྲིལ་
བསྒྲགས་དང་གནས་འཕྲིན་སྤེལ་ཏེ། རྫོང་ཡོངས་ཀྱི་མང་ཚོགས་རང་བཞིན་གྱིས་རྟེན་འབྲེལ་ཞུ་བའི་བྱེད་སྒོ་ཕྱོགས་ཡོངས་ནས་སྤེལ་ཏེ་རྒྱ་ཆེའི་ལས་བྱེད་པ་དང་མང་
ཚོགས་ཀྱི་བསམ་
པའི་ཉམས་འགྱུར་བཟང་པོ་དང་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་གང་ལེགས་མངོན་པར་བྱས་ཡོད།

རྩ་འཛུགས་བྱས་ཏེ་ཚོགས་པ་རང་བཞིན་གྱིས་རྟེན་འབྲེལ་ཞུ་བའི་བྱ་འགུལ་ཐེངས་ཤིག་སྤེལ། ཏང་ཨུ་དང་ཏང་ཙུའུ། མ་ལག་བཅས་ལས་ཁུངས་སུ་བྱས་ཏེ་ཞང་གྲོང་རྡལ་
ཁག་དང་། ལས་ཁུངས་ཁག་གིས་རང་བདག་ངང་རྣམ་པ་འདྲ་མིན་སྣ་ཚོགས་དང་། དུས་རབས་ཀྱི་ཉམས་འགྱུར་ལྡན་པའི་མང་ཚོགས་རང་བཞིན་གྱི་རིག་གནས་ལུས་
རྩལ་བྱེད་སྒོ་ཐེངས་ཤིག་སྤེལ་ཏེ་གླུ་གར་འཁྲབ་སྟོན་དང་། ལུས་རྩལ་འགྲན་བསྡུར་སོགས་ཀྱི་རྣམ་པར་བརྟེན་ནས་འབད་འབུངས་ཡར་བརྩོན་དང་། དཔའ་ངར་ཆེར་
སྐྱེད་ཀྱི་སྙིང་སྟོབས་བསྟན་ཏེ་གུང་ཁྲན་ཏང་ལ་བསྟོད་གླུ་འབུལ་བ་དང་། ཀྲུང་གོའི་ཕུགས་འདུན་གླུ་རུ་ལེན་པ། མི་རིགས་ཀྱི་སྙིང་སྟོབས་དར་སྤེལ་དང་གསོ་སྐྱོང་བྱས་
ནས་མཐུན་སྒྲིལ་ཇེ་དམ་དང་སྐྱེ་སྟོབས་ཇེ་ཆེར་གཏོང་བ་དང་། ཏང་གི་བཀའ་ལ་ཉན་ཞིང་ཏང་གི་རྗེས་སུ་འབྲང་བའི་ཡིད་ཆེས་དང་ཆོད་སེམས་ཇེ་བརྟན་དུ་བཏང་།



 
 
· ལིག་ཀྲིན་དབུས། 2018/5/11
· རྒྱལ་འབུམ་འཁྲུངས། 2018/5/11
· ལྷ་ཆེན་ཚེ་རིང་། 2018/5/11
· ཀརྨ་སྐྱིད། 2018/5/11
· ལའོ་ཧོང་ལིན། 2018/5/11
· ལི་ཧྥུ་ཉན། 2018/5/11
· པདྨ་རྫོང་གི་དམར་དམག་རྒྱང་སྐྱོད 2019/8/16

2008-2012 པདྨ་རྫོང་མི་དམངས་སྲིད་གཞུང་། All Rights Reserved
09758322651 མགོ་ལོག པདྨ  ཆ་འཕྲིན་རབ་གསལ། :814100
པདྨ་རྫོང་མི་དམངས་སྲིད་གཞུང་།