ཚོགས་ཆེན་གཉིས་ཀྱི་ཆེད་དོན་ལེ་ཚན། པདྨ་རྫོང་མི་དམངས་སྲིད་གཞུང་།  
ཤོག་ངོས་དང་པོ། :> སྲིད་དོན་ཆ་འཕྲིན། > པདྨ
པདྨ་རྫོང་གིས་རྩ་འཛུགས་བྱས་ཏེ་མགོ་ལོག་ཁུལ་སྲིད་དབང་བཙུགས་ནས་ལོ་འཁོར65ལོན་པ་དང་རྨ་ཡུལ་གེ་སར་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་བདུན་པའི་རིག་གནས་ལུས་རྩལ་བྱེད་སྒོའི་བཀོད་སྒྲིག་ཚོགས་འདུ་བསྡུས།
འབྱུང་ཁུངས།: 2019/7/24
       ཟླ7པའི་ཚེས23ཉིན་པདྨ་རྫོང་སྲིད་གཞུང་གིས་མགོ་ལོག་ཁུལ་སྲིད་དབང་བཙུགས་ནས་ལོ་འཁོར65ལོན་པ་དང་རྨ་ཡུལ་གེ་སར་རིག་གནས་ཡུལ་སྐོར་དུས་ཆེན་
སྐབས་བདུན་པའི་རིག་གནས་ལུས་རྩལ་བྱེད་སྒོའི་བཀོད་སྒྲིག་ཚོགས་འདུ་བསྡུས་ཏེ་འགྲན་ཞུགས་གྲ་སྒྲིག་གི་ལས་དོན་ཁག་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་པ་རེད ། རྫོང་
ཨུའི་རྒྱུན་ཨུ།
སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་བཀྲ་ཤིས་དང་རྫོང་ཨུའི་རྒྱུན་ཨུ། དྲིལ་བསྒྲགས་པུའི་པུའུ་ཀྲང་ལུའོ་ཡོན་པང་། རྫོང་སྲིད་གཞུང་གི་རྫོང་དཔོན་གཞོན་པ་ཀརྨ་སྐྱིད་
དང་དེ་བཞིན་རང་རྫོང་གི་མགོ་ལོག་ཁུལ་སྲིད་དབང་བཙུགས་ནས་ལོ་འཁོར
65ལོན་པར་རྟེན་འབྲེལ་ཞུ་བའི་རིག་གནས་ཡུལ་སྐོར་བྱེད་སྒོའི་ཚན་ཆུང་ཁག་གི་འབྲེལ་ཡོད་
ལས་ཁུངས་ཀྱི་འགན་འཁུར་བློ་མཐུན་བཅས་ཚོགས་འདུར་ཞུགས་པ་དང་། ཚོགས་འདུ་ལ་རྫོང་སྲིད་གཞུང་གི་རྫོང་དཔོན་ལིའུ་ཀྲིན་ཝེ་ཡིས་འགོ་འཛིན་གནང་བ་རེད།
      
ཚོགས་འདུའི་ཐོག་རྫོང་བྱེད་སྒོའི་མགོ་ཁྲིད་ཚན་ཆུང་གི་འཁྲབ་སྟོན་འཐེན་སྐོང་ཚན་ཆུང་དང་། རིག་རྩལ་འཁྲབ་སྟོན་ཚན་ཆུང་། གྱོན་ཆས་འགྲེམ་སྟོན་ཚན་ཆུང་། ལུས་རྩལ་འགྲན་བསྡུར་ཚན་ཆུང་དང་རིག་གནས་ཡུལ་སྐོར་དྲིལ་བསྒྲགས་མཚམས་སྦྱོར་ཚན་ཆུང་། ཕྱོགས་བསྡུས་རྒྱབ་ཕྱོགས་འགན་ལེན་ཚན་ཆུང་དང་དཔལ་འབྱོར་ཉོ་ཚོང་
གྲོས་མོལ་ཚན་ཆུང་གི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས་སོ་སོའི་བྱ་བའི་འཕེལ་རིམ་གནས་ཚུལ་སྙན་ཞུ་ཞུས་པ་དང་།  གནས་པའི་གནད་དོན་དང་དཀའ་ངལ་རེ་རེ་
བཞིན་ཞིབ་འཇུག་ཐག་གཅོད་བྱས་པ་རེད།
      
རྫོང་དཔོན་ལིའུ་ཀྲིན་ཝེ་ཡིས་བསྟན་དོན།  ཞང་གྲོང་རྡལ་དང་རྫོང་ཐད་གཏོགས་ལས་ཁུངས་ཁག མང་ཚོགས་ཚོགས་པ་སོ་སོས་ཆབ་སྲིད་ཀྱི་སྤྱི་ཡོངས་ནས་འགོ་
བཙུགས་ཏེ། "འདུ་ཤེས་བཞི"བརྟན་པོར་འཛུགས་པ་དང་། མགོ་ལོག་ཁུལ་སྲིད་དབང་བཙུགས་ནས་ལོ་འཁོར65ལོན་པ་དང་རྨ་ཡུལ་གེ་སར་རིག་གནས་ཡུལ་སྐོར་དུས་ཆེན་
སྐབས་བདུན་པའི་རིག་གནས་ལུས་རྩལ་བྱེད་སྒོའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱས་ཏེ། བསམ་བློ་དང་བྱ་སྤྱོད་རྫོང་ཨུ་དང་རྫོང་སྲིད་གཞུང་གི་ཐབས་ཇུས་
བཀོད་སྒྲིག་དང་བླང་བྱའི་སྟེང་གཅིག་གྱུར་ཡོང་བར་བྱས་ནས། བྱ་བའི་ལས་འགན་ཁག་ལེགས་འགྲུབ་ཡོང་བར་འགན་ལེན་བྱེད་དགོས།
      
རྫོང་དཔོན་ལིའུ་ཀྲིན་ཝེ་ཡིས་གཅིག་ནས་འཁྲབ་སྟོན་ལ་ཞུགས་མཁན་རྣམས་ཀྱི་བརྩོན་སེམས་ལ་སྐུལ་ལྕག་གང་ལེགས་བྱས་ནས།  ཁོ་ཚོའི་སྤོབས་སེམས་དང་ཐུན་
མོང་གི་གཟི་བརྗིད་བསམ་པ་ཇེ་དྲག་ཏུ་བཏང་ནས་སྔར་ལས་རྒྱས་པའི་སྙིང་སྟོབས་ཀྱིས་འཁྲབ་སྟོན་ཁྲོད་ཞུགས་ཏེ། ནུས་པ་གང་ཡོད་བཏོན་ནས་འགྲན་བསྡུར་གྱི་བྱ་འགུལ་
སྣ་ཚོགས་ལེགས་འགྲུབ་བྱ་དགོས་པ་དང་། གཉིས་ནས་ལས་འགན་ཁ་གསལ་དང་འགན་འཁྲི་ཞིབ་ཚགས་བཟོས་ཏེ་ཚན་ཆུང་ཁག་གིས་མི་སྣ་དང་འགྲོ་གྲོན། གྱོན་ཆས། འཁྲབ་
ཆས་སོགས་ཀྱི་ལས་དོན་དོན་འཁྱོལ་ནན་མོ་བྱས་ནས"གཅིག་གྱུར་བཞི"སྟེ་མགོ་ཁྲིད་གཅིག་གྱུར་དང་དོ་དམ་གཅིག་གྱུར། བྱ་སྤྱོད་གཅིག་གྱུར། བཟའ་སྡོད་གཅིག་གྱུར་བཅས་
བྱས་ཏེ་ལས་དོན་ཁག་གོ་རིམ་ལྡན་པའི་ངང་སྤེལ་ཐུབ་པའི་འགན་ལེན་བྱེད་དགོས།  གསུམ་ནས་རྒྱབ་ཕྱོགས་འགན་ལེན་ཞབས་ཞུའི་ལས་ཀར་ཤུགས་སྣོན་བརྒྱབ་ནས་མི་སྣ་
དང་རྒྱུ་ནོར། དངོས་རྫས། བཟའ་སྡོད། རླངས་འཁོར་སོགས་ཀྱི་བདེ་འཇགས་ལ་འགན་སྲུང་ནན་མོ་བྱེད་པ་དང་། དུས་མཚུངས་སུ་འགྲན་རའི་བདེ་འཇགས་སྲུང་སྐྱོབ་བྱ་བ་
ཡག་པོར་བསྒྲུབ་སྟེ་བསམ་ཡུལ་ལས་འདས་པའི་དོན་རྐྱེན་མི་འབྱུང་བར་འགན་ལེན་བྱ་དགོས།  བཞི་ནས་ལས་དོན་ཚན་ཆུང་ཁག་གིས་ཇུས་གཞིའི་བླང་བྱ་ལྟར། མགོ་ཁྲིད་
རྩ་འཛུགས་ལ་ཤུགས་སྣོན་རྒྱག་པ་དང་ལག་བསྟར་འགན་འཁྲི་དོན་འཁྱོལ་བྱེད་པ།   བྱ་བའི་བཀོད་སྒྲིག་དང་ལྟ་སྐུལ་ཞིབ་བཤེར། མཐུན་སྦྱོར་འབྲེལ་མཐུད་སོགས་ཀྱི་ལས་
དོན་ནན་ཏན་གྱིས་བསྒྲུབ་པ། ཚན་ཆུང་འདིའི་བྱ་བའི་ཇུས་གཞི་ནན་ཏན་གྱིས་གཏན་འབེབས་དང་ཞིབ་ཚགས་གཏོང་བ་བཅས་བྱས་ནས་ལས་དོན་དོན་འཁྱོལ་དམ་འཛིན་
བྱ་དགོས། དུས་མཚུངས་སུ། སྡེ་ཁག་བར་ཕན་ཚུན་གཞོགས་འདེགས་དང་སྡོམ་ཤུགས་ཆགས་པར་བྱས་ཏེ། ཏན་ཏན་ཏིག་ཏིག་གིས་བྱ་བའི་ལས་འགན་ཁག་དོན་འཁྱོལ་བྱེད་
པ་དང་། འགྲན་བསྡུར་ལས་པདྨའི་བརྗིད་ཉམས་མངོན་པ་དང་། པདྨའི་སྙིང་སྟོབས་དང་མི་ཆོས་སྣང་ཚུལ་བཅས་མངོན་པར་ཁག་ཐེག་བྱ་དགོས་ཞེས་བསྟན།




 
 
· ལིག་ཀྲིན་དབུས། 2018/5/11
· རྒྱལ་འབུམ་འཁྲུངས། 2018/5/11
· ལྷ་ཆེན་ཚེ་རིང་། 2018/5/11
· ཀརྨ་སྐྱིད། 2018/5/11
· ལའོ་ཧོང་ལིན། 2018/5/11
· ལི་ཧྥུ་ཉན། 2018/5/11
· མཚོ་སྔོན་ཀན་སུའུ་སི་ཁྲོན་མཐའ་འ 2019/8/23

2008-2012 པདྨ་རྫོང་མི་དམངས་སྲིད་གཞུང་། All Rights Reserved
09758322651 མགོ་ལོག པདྨ  ཆ་འཕྲིན་རབ་གསལ། :814100
པདྨ་རྫོང་མི་དམངས་སྲིད་གཞུང་།