ཚོགས་ཆེན་གཉིས་ཀྱི་ཆེད་དོན་ལེ་ཚན། པདྨ་རྫོང་མི་དམངས་སྲིད་གཞུང་།  
ཤོག་ངོས་དང་པོ། :> སྲིད་དོན་ཆ་འཕྲིན། > མགོ་ལོག
བོད་རྒྱ་སྐད་གཉིས་བཅའ་ཁྲིམས་ཞབས་ཕྱིས་མགོ་ལོག་ཁུལ་གྱི་འབྲོག་དམངས་ཡོངས་ལ་ཁེ་ཕན་བསྐྲུན།
འབྱུང་ཁུངས།:མཚོ་སྔོན་ཁྲིམས་ལུགས་ཚགས་པར་འཕྲིན་སྟེགས། 2019/7/24
མགོ་ལོག་ཁུལ་གྱི་སྡེ་བ(སྡོད་ཁུལ)རེ་ལ་བཅའ་ཁྲིམས་བློ་སྟོན་རེའི་ཚོད་ལྟའི་ས་ཚིགས་ཀྱི་རོགས་སྐྱོར་བྱ་བའི་སྐུལ་སློང་ཚོགས་འདུ་དང་བཞུགས་མོལ་ཚོགས་འདུ་རྨ་ཆེན་དུ་བསྡུས།
      
བརྟན་བརླིང་དང་བརྗིད་ཉམས་ཀྱིས་འགྱིང་བའི་རྨ་རྒྱལ་སྦོམ་རའི་འདབས་རོལ་དུ། གེ་སར་རིག་གནས་ཀྱི་རྔམ་ཁ་མཐུག་ཅིང་མཐོ་སྒང་ཡུལ་དུ་འཕེལ་རྒྱས་ཀྱི་གོམ་ཁ་
ལྷོད་མ་མྱོང་བའི་མགོ་ལོག་མཁར་གྲོང་དེ་གངས་རིའི་གཅེས་ཕྲུག་ནང་བཞིན་འཆམ་ཞིང་མཐུན་པར་གནས་འདུག 
 དབྱར་ཟླ་དྲུག་པར་མཛེས་སྡུག་གི་ལང་ཚོ་ཡོངས་སུ་རྫོགས་
པའི་མགོ་ལོག་རྩྭ་ཐང་གིས་ཕྱོགས་བཞིའི་མགྲོན་པོའི་ཡིད་དབང་ཅིག་ཅར་དུ་འཕྲོག་བཞིན་ཡོད་ཅིང་།  དེ་རིང་གནས་འདི་རུ་རྒྱ་ཆེའི་འབྲོག་དམངས་རྣམས་ཀྱི་ཁེ་ཕན་ལ་ཐད་
ཀར་འབྲེལ་བའི་དམངས་ཕན་བྱ་འགུལ་ཞིག་སྤེལ་བྱུང་།
      
ཟླ7པའི་ཚེས22ཉིན། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་དང་མགོ་ལོག་ཁུལ་ཁྲིམས་འཛིན་ཅུས་ཀྱིས་མཚོ་སྔོན་ཞིང་ཆེན་ཁྲིམས་འཛིན་ཐིང་
ཁྲིམས་རྩོད་པའི་ལས་སྒྲུབ་ཁང་དང་མཚོ་སྔོན་ཞིང་ཆེན་གཞི་རིམ་བཅའ་ཁྲིམས་ལས་སྒྲུབ་པའི་མཐུན་ཚོགས་ལ
སྡེ་བ་རེ་ལ་བཅའ་ཁྲིམས་བློ་སྟོན་རེཡི་བཅའ་ཁྲིམས་ཞབས་
ཕྱིའི་ལས་གཞིའི་ཆེས་ཐོག་མའི་གན་རྒྱ་འཇོག་པའི་མཛད་སྒོ་མགོ་ལོག་ཁུལ་རྨ་ཆེན་རྫོང་དུ་སྤེལ། མགོ་ལོག་ཁུལ་གྱི་ཁུལ་དཔོན་གཞོན་པའམ་སྤྱི་བདེའི་ཅུས་ཀྲང་ཨན་ཧྲིན་ཉན་
དང་མཚོ་སྔོན་ཞིང་ཆེན་ཁྲིམས་འཛིན་ཐིང་གཞུང་དཔང་དང་ཁྲིམས་འཛིན་གསལ་འབྱེད་དོ་དམ་ཅུས་ཀྱི་ཅུས་ཀྲང་དོན་ཁོ། མགོ་ལོག་ཁུལ་ཁྲིམས་འཛིན་ཅུས་ཀྱི་ཅུས་ཀྲང་པད་
མ་ནོར་བུ་སོགས་མགོ་ཁྲིད་བློ་མཐུན་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད་གལ་ཆེན་གནང་ཞིང་།  ཟི་ལིང་གྲོང་ཁྱེར་མཁར་ནུབ་སྨྱན་གསར་བཅའ་ཁྲིམས་ཞབས་ཕྱི་
ཁང་དང་ཟི་ལིང་མཁར་ནུབ་ཧྥང་ཡོན་བཅའ་ཁྲིམས་ཞབས་ཕྱི་ཁང་།  ཟི་ལིང་གྲོང་ཁྱེར་མཁར་ནུབ་ཀྲིན་ཁྲུན་བཅའ་ཁྲིམས་ཞབས་ཕྱི་ཁང་། ཟི་ལིང་གྲོང་ཁྱེར་མཁར་ནུབ་ཐེན་
ཁྲུན་བཅའ་ཁྲིམས་ཞབས་ཕྱི་ཁང་། ཟི་ལིང་གྲོང་ཁྱེར་མཁར་དཀྱིལ་ཐེན་ཡོན་བཅའ་ཁྲིམས་ཞབས་ཕྱི་ཁང་བཅས་ལས་ཁུངས་ལྔའི་ཆེད་ལས་བཅའ་ཁྲིམས་ཞབས་ཕྱིའི་ལས་སྒྲུབ་
པ་དང་རྫོང་སོ་སོའི་ཁྲིམས་འཛིན་ཅུས་ཀྱི་ཅུས་ཀྲང་རྣམས་གན་རྒྱ་འཇོག་པའི་མཛད་སྒོའི་སྟེང་ཞུགས།
       རྒྱུས་ལོན་པ་ལྟར་ན།  ན་ནིང་གི་ཟླ5པའི་ཚེས1ཉིན།  མཁར་ནུབ་སྨྱན་གསར་བཅའ་ཁྲིམས་ཞབས་ཕྱི་ཁང་གིས་དབང་པོ་སྐྱོན་ཅན་དང་ཁེར་རྐྱང་ལོ་ལོན་སོགས་
དམིགས་བསལ་ཚོགས་སྤྱི་ལ་རིན་མེད་ཀྱི་བཅའ་ཁྲིམས་རོགས་སྐྱོར་བྱ་རྒྱུ་ཁས་བླངས་ཤིང་། ན་ནིང་གི་ཟླ
10པ་ནས་བཟུང་ལོ་གཅིག་གི་རིང་དུ། མཁར་ནུབ་སྨྱན་གསར་བཅའ་
ཁྲིམས་ཞབས་ཕྱི་ཁང་གིས་གཟའ་རེའི་རེས་གཟའ་གསུམ་པ་དོ་བདག་པ་སྣེ་ལེན་བྱེད་པའི་ཉིན་མོ་རུ་གཏན་འཁེལ་བྱས་ཤིང་།  ཕལ་ཆེར་ཟླ
10ཡི་རིང་དུ་རིན་མེད་སྒོས་རོང་
འབྲོག་ཕྱོགས་དང་ཟི་ལིང་གྲོང་ཁྱེར་གྱི་དོ་བདག་པ་དགུ་བརྒྱ་ཡས་མས་སྣེ་ལེན་བྱས་ཤིང་།   ཧུར་ཐག་གིས་མང་ཚོགས་ཀྱི་བདེ་སྐྱིད་ཚོར་སྣང་དང་ཕན་ཐོབ་ཚོར་སྣང་མཐོར་
འདེགས་བཏང་སྟེ། མང་ཚོགས་ཀྱི་ཁས་ལེན་གདེང་འཇོག་གི་རྨང་གཞི་བརྟན་པོ་ཞིག་བཏིངས་ཡོད།
       ཐེངས་འདིར་གན་རྒྱ་བཞག་པ་བརྒྱུད་དེ། མཁར་ནུབ་སྨྱན་གསར་བཅའ་ཁྲིམས་ཞབས་ཕྱི་ཁང་གིས་མགོ་ལོག་ཁུལ་གྱི་དགའ་བདེ་དང་དར་ལག་རྫོང་གཉིས་ཀྱི་སྲིད་
འཛིན་སྡེ་བ
74ཡི་འབྲོག་དམངས་ཁྲི8ལ་བཅའ་ཁྲིམས་ཞབས་ཕྱི་མཁོ་སྤྲོད་བྱ་རྒྱུ་ཡིན་ལ། མཁར་ནུབ་སྨྱན་གསར་བཅའ་ཁྲིམས་ཞབས་ཕྱི་ཁང་གིས་གོམ་གང་མདུན་སྤོས་ཀྱིས་
བཅའ་ཁྲིམས་ཞབས་ཕྱིའི་ས་ཁོངས་རྒྱ་བསྐྱེད་པ་དང་ཆབས་ཅིག
  གསར་འགྱུར་སྨྱན་སྦྱོར་ལས་སྒྲུབ་མཁན་དང་མཉམ་འབྲེལ་བྱས་ཏེ།  བཅའ་ཁྲིམས་ཞབས་ཕྱིའི་བྱ་བ་དོན་
དངོས་ཀྱིས་ལག་ལེན་བྱས་ནས་ཚགས་པར་བསྒྲུབ་ཐུབ་ལ་སྐད་གཉིས་བཅའ་ཁྲིམས་ཞབས་ཕྱི་ཡང་བྱ་ཐུབ་པའི་འཇོན་མིའི་དཔུང་སྡེ་ཞིག་གསར་འཛུགས་བྱ་རྒྱུ་རེད།
     
རྗེས་ཕྱོགས། མཁར་ནུབ་སྨྱན་གསར་བཅའ་ཁྲིམས་ཞབས་ཕྱི་ཁང་གིསམཚོ་སྔོན་ཁྲིམས་ལུགས་ཚགས་པརདངམཚོ་སྔོན་བོད་ཡིག་ཁྲིམས་ལུགས་ཚགས་པརགྱི་སྨྱན་སྦྱོར་གཉིས་ཀྱི་སྟེགས་བུར་མཉམ་འབྲེལ་དང་བོད་རྒྱ་སྐད་གཉིས་ཟུང་འབྲེལ་བྱེད་པ་དང་།  མཚོ་སྔོན་བོད་ཡིག་ཁྲིམས་ལུགས་ཚགས་པརགྱི་གསར་འགྱུར་ལས་
སྒྲུབ་མཁན་གྱི་ཐོན་ཁུངས་ལེགས་པོ་དེ་འདོན་སྤེལ་གང་ལེགས་བྱ་རྒྱུ་རེད། གན་རྒྱ་བཞག་པའི་སྡེ་དམངས་ཨུ་ཡོན་ལྷན་ཁང་ལ་ཆ་འཕྲིན་འབྲེལ་འདྲིས་སྟེགས་བུ་འཛུགས་ཤིང་།
སྲིད་འཛིན་སྡེ་བ་རེ་ལ་སྐད་འཕྲིན་ཚོགས་པ་རེ་བཙུགས་ཏེ།    རྒྱ་ཆེའི་འབྲོག་དམངས་དུས་རྒྱུན་འཕྲད་པའི་བཅའ་ཁྲིམས་གནད་དོན་ལ་ཆེད་མི་བཀོད་སྒྲིག་བྱས་ནས་རེ་རེ་
བཞིན་ལན་འདེབས་པ་དང་།  འབྲོག་དམངས་རྣམས་ལ་ཐད་ཀར་གྱི་བཅའ་ཁྲིམས་ཞབས་ཕྱི་མཁོ་འདོན་བྱས་པ་བརྒྱུད་དེ།  ཧུར་ཐག་གིས་སྤྱི་ཚོགས་འགལ་ཟླ་སེལ་ཞིང་། རྒྱ་
ཆེའི་མང་ཚོགས་ཀྱིས་ལུགས་མཐུན་སྒོས་དོན་དག་ཐག་གཅོད་པར་སྣེ་ཁྲིད་བྱས་ནས།  ཁོ་ཚོར་ཁྲིམས་སློབ་པ་དང་ཁྲིམས་ཤེས་པ། ཁྲིམས་བསྲུང་བའི་སྤྱི་དམངས་བཟང་པོ་ཞིག་
བཅའ་རུ་འཇུག་པ་དང་། འབྲོག་དམངས་ཀྱི་ཁེ་དབང་ལ་བཅའ་ཁྲིམས་སྲུང་སྐྱོང་ཐོབ་པར་ཁག་ཐེག་བྱས་ཏེ། འཆམ་མཐུན་སྤྱི་ཚོགས་དང་མི་རིགས་མཐུན་སྒྲིལ་གྱི་འཕེལ་རྒྱས་
ཆེན་མོར་འོས་འཚམ་གྱི་བྱས་རྗེས་འཇོག་རྒྱུ་རེད།
      སྐུལ་སློང་ཚོགས་འདུ་ཚར་མ་ཐག་མགོ་ལོག་ཁུལ་གྱི་སྡེ་བ(སྡོད་ཁུལ)རེ་ལ་བཅའ་ཁྲིམས་བློ་སྟོན་རེའི་ཚོད་ལྟའི་ས་ཚིགས་ཀྱི་རོགས་སྐྱོར་བྱ་བའི་བཞུགས་མོལ་ཚོགས་
འདུ་བསྡུས་ཤིང་། ཚོགས་འདུ་རུ་བསྟན་དོན། ན་ནིང་གི་ཟླ
4པར། མགོ་ལོག་ཁུལ་ཁྲིམས་འཛིན་ཅུས་ཀྱིས་མགོ་ལོག་ཁུལ་ནོར་སྲིད་ཅུས་ལ་མཉམ་འབྲེལ་བྱས་ཏེསྡེ་བ(སྡོད་
ཁུལ
)རེ་ལ་བཅའ་ཁྲིམས་བློ་སྟོན་རེའི་བྱ་བའི་ལག་བསྟར་ཇུས་གཞིསྒྲིག་བཟོ་འགྲེམ་སྤེལ་བྱས།ཇུས་གཞིརུ་རེ་བ་འདོན་རྒྱུར། ན་ནིང་ལོ་སྨད་དུ་སྡེ་བ(སྡོད་ཁུལ)རེ་ལ་
བཅའ་ཁྲིམས་བློ་སྟོན་པ་རེའི་བྱ་བ་མགོ་ལོག་ཁུལ་གྱི་ཁུལ་ཡོངས་སུ་ཁྱབ་པར་བྱས་མོད།  ཡིན་ན་ཡང་བྱ་བ་སྤེལ་བའི་གོ་རིམ་ཁྲོད། བཅའ་ཁྲིམས་ཞབས་ཕྱིའི་ཚོང་ར་འཕེལ་
རྒྱས་དོ་མཉམ་མིན་ཞིང་།  མཁོ་སྤྲོད་མི་འདང་བའི་སྣང་ཚུལ་གྱིས་སྔར་བཞིན་བཅའ་ཁྲིམས་བློ་སྟོན་བྱ་བའི་ཁྱབ་ཚད་ལ་ཚད་བཀག་བཟོས་ཡོད། ད་ལྟ། ཞིང་ཆེན་ཡོངས་ཀྱི་
གོང་འོག་ཐམས་ཅད་དུ
ཐོག་མའི་སེམས་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་དམ་པོར་བཅངསཞེས་པའི་བརྗོད་དོན་སློབ་གསོ་སྤེལ་བའི་སྒང་ཡིན་ཞིང་། ཐེངས་
འདིའི་སྐུལ་སློང་ཚོགས་འདུ་ཡང
ཐོག་མའི་སེམས་འདུན་མི་བརྗེད་པར།   འགན་འཁྲི་ཡིད་ལ་དམ་པོར་བཅངསཞེས་པའི་བརྗོད་དོན་སློབ་གསོའི་དགོངས་དོན་ལག་
ལེན་དོན་འཁྱོལ་བྱས་པ་ཡིན་ལ།  ནུས་ཡོད་ཀྱིས་རང་ཞིང་གི་བོད་ཁུལ་གྱི་བཅའ་ཁྲིམས་ཞབས་ཕྱིའི་ཚོང་ར་འཕེལ་རྒྱས་དོ་མཉམ་མིན་པ་དང་ཞབས་ཕྱིའི་མི་སྣས་མི་འདང་
བ། མཁོ་སྤྲོད་མི་འདང་བའི་སྣང་ཚུལ་ཐག་གཅོད་དང་བཅོས་སྒྱུར་བྱས་ཡོད། དམིགས་ཡུལ་ནི་ཕྱོགས་ཡོངས་སུ་རང་ཞིང་གི་སྡེ་བ་ཡོངས་ལ་བཅའ་ཁྲིམས་བློ་སྟོན་པ་ཡོད་པ་
དང་། གཞི་རིམ་རྩ་འཛུགས་དང་གཞི་རིམ་མང་ཚོགས་ཀྱི་བཅའ་ཁྲིམས་ཞབས་ཕྱིའི་དགོས་མཁོ་སྐོང་ཞིང་། གཞི་རིམ་ལས་བྱེད་དང་མང་ཚོགས་ཁྲིམས་ལ་ཡིད་ཆེས་པ་དང་
ཁྲིམས་སློབ་པ།  ཁྲིམས་བསྲུང་བ།  ཁྲིམས་སྤྱོད་པའི་བཅའ་ཁྲིམས་འདུ་ཤེས་མཐོར་འདེགས་བཏང་སྟེ།  སྡེ་མིའི་ཁེ་ཕན་སྲུང་སྐྱོང་དང་ཐུན་མོང་དཔལ་འབྱོར་འཕེལ་རྒྱས།
ཏང་གི་མགོ་ཁྲིད་བརྟན་སྲུང་།  གཞི་རིམ་བརྟན་འཇགས་ཁག་ཐེག་བྱ་དགོས་པའི་བླང་བྱ་གལ་ཆེན་བཏོན།
      
ཉིན་གུང་དུས་ཚོད12དང་ཕྱེད་ཀའི་སྟེང་དུ་ཚོགས་འདུ་གཉིས་ཀ་རྒྱལ་ཁའི་ངང་གྲོལ།




 

 

 
 
· ལིག་ཀྲིན་དབུས། 2018/5/11
· རྒྱལ་འབུམ་འཁྲུངས། 2018/5/11
· ལྷ་ཆེན་ཚེ་རིང་། 2018/5/11
· ཀརྨ་སྐྱིད། 2018/5/11
· ལུའོ་ཧུང་ལིན། 2018/5/11
· ལི་ཧྥུའུ་ཉེན། 2018/5/11
· 000 2019/11/28 14:58:49

2008-2012 པདྨ་རྫོང་མི་དམངས་སྲིད་གཞུང་། All Rights Reserved
09758322651 མགོ་ལོག པདྨ  ཆ་འཕྲིན་རབ་གསལ། :814100
པདྨ་རྫོང་མི་དམངས་སྲིད་གཞུང་།