ཚོགས་ཆེན་གཉིས་ཀྱི་ཆེད་དོན་ལེ་ཚན། པདྨ་རྫོང་མི་དམངས་སྲིད་གཞུང་།  
ཤོག་ངོས་དང་པོ། :> སྲིད་དོན་ཆ་འཕྲིན། > མགོ་ལོག
མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱིས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་བྱ་བའི་བཀོད་སྒྲིག་ཚོགས་འདུ་བསྡུས་པ།
འབྱུང་ཁུངས།:མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་། 2019/7/22
       ཟླ7པའི་ཚེས16ཉིན།  མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱིས་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚན་ཆུང་དྲུག་པའི་བྱ་བའི་བཀོད་སྒྲིག་
ཚོགས་འདུ་བསྡུས།  ཀྲུང་དབྱང་སྐབས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚན་ཆུང་དྲུག་པའི་མཚོ་སྔོན་བྱ་བའི་སྐུལ་སློང་ཚོགས་འདུའི་དགོངས་དོན་ལ་ནན་ཏན་
གྱིས་སློབ་སྦྱོང་དང་བརྒྱུད་བསྒྲགས་བྱས་ཏེ། ཀྲུང་དབྱང་གི་ལྟ་ཞིབ་ལས་དོན་ལ་གཞོགས་འདེགས་བྱེད་པར་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས།
      
ཚོགས་འདུའི་སྟེང་བསྟན་དོན། མགོ་ལོག་ནི་གཙང་གསུམ་འབྱུང་ཡུལ་གྱི་ལྟེ་བའི་ས་ཁུལ་དང་། རྒྱལ་ཁབ་སྤྱི་གླིང་གི་གྲུབ་ཆའི་སྡེ་ཚན་གལ་ཆེན་ཡིན་པའི་
ཆ་ནས། སྐྱེ་ཁམས་སྲུང་སྐྱོབ་བཟང་བོ་བྱེད་པ་དང་། སྐྱེ་ཁམས་འཛུགས་སྐྲུན་བྱ་བ་ལེགས་པར་སྒྲུབ་རྒྱུ་ནི་འགན་འཁྲི་དང་འོས་འགན་ཉག་གཅིག་ཡིན། རིམ་པ་སོ་སོའི་
ཏང་ཨུ་དང་སྲིད་གཞུང་།  རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱི་བསམ་བློའི་ངོས་འཛིན་དང་བྱ་སྤྱོད་དེ་ཀྲུང་དབྱང་ལྟ་ཞིབ་ཚན་ཆུང་གི་བྱ་བའི་བླང་བྱ་དང་ཞིང་
ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅོན་གྱི་གཏམ་བཤད་ཀྱི་དགོངས་དོན་སྟེང་གཅིག་གྱུར་བྱེད་པ་དང་།  སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་ལྟ་ཞིབ་གནད་དོན་
བཅོས་སྒྲིག་བྱ་རྒྱུ་དེ་མིག་སྔའི་ལས་འགན་སྲ་ཤོས་དང་། འགན་འཁྲི་ཆེ་ཤོས།འགན་འཁྲི་ལྕི་ཤོས། ཆེས་དོན་དངོས་ཀྱི་བྱ་སྤྱོད་བཅས་སུ་བརྩིས་ནས་ལྟ་སྟངས་ཡང་དག་
འཛིན་པ་དང་། ས་གནས་ཏང་ཨུ་དང་སྲིད་གཞུང་གི་ཁོར་ཡུག་སྲུང་སྐྱོབ་བྱ་བའི་འགན་འཁྲི་གཙོ་བོ་དངོས་འབེབས་ནན་མོ་བྱེད་པ་དང་། རང་འགུལ་གྱིས་ལྟ་ཞིབ་
བྱ་བ་དང་ལེན་བྱས་ཏེ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ལས་དོན་སྐོར་གྱི་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་སྣ་་་་་་
ཚོགས་ཆད་ལུས་མེད་པར་ལག་བསྟར་དོན་འཁྱོལ་ཐུབ་པར་ཁག་ཐེག་བྱེད་དགོས། 
      
ཚོགས་འདུའི་སྟེང་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་། རིམ་པ་སོ་སོའི་མགོ་ཁྲིད་དང་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིསཆབ་སྲིད་བརྟག་
དཔྱད
བྱེད་པ་དང་རང་འགུལ་ཧུར་བརྩོན་བྱེད་དགོས་པ་དང་། ཁུལ་རིམ་པའི་མགོ་ཁྲིད་ཀྱིས་རང་འགུལ་སྒོས་འགན་འཁྲི་ཕྲག་ཏུ་ལེན་པ་དང་། ཁོར་ཡུག་སྲུང་
སྐྱོབ་ལྟ་ཞིབ་ཀྱི་ལས་བགོས་འགན་གཉེར་བློ་མཐུན་ལ་རང་འགུལ་ངང་གཞོགས་འདེགས་བྱས་ཏེ། 
གནས་མཉམ་སྦྲེལ་ས་ཁུལ་དང་སྡེ་ཁག་གི་མཐུན་སྦྱོར་མཛུབ་སྟོན་
བྱ་བ་བཟང་པོར་སྒྲུབ་པ།   རེབ་འདིའི་ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་དང་འབྲེལ་བ་ཡོད་པའི་གཙོ་གནད་གནད་དོན་ཡོད་སའི་ཡུལ་དངོས་
དང་པོར་བསྐྱོད་ནས་ཡུལ་དངོས་སུ་གཞུང་དོན་སྒྲུབ་པ་བཅས་བྱས་ཏེ་གནད་དོན་ཐག་གཅོད་ལ་མཉམ་དུ་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་ལ། རྫོང་
སོ་སོའི་ཏང་སྲིད་ཀྱི་མགོ་ཁྲིད་གཙོ་བོས་འགན་འཁྲི་ཕྲག་ཏུ་ལེན་པར་བྱས་ཏེ།  ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚན་ཆུང་དང་ཞིང་ཆེན་ཏང་ཨུ་དང་ཞིང་
ཆེན་སྲིད་གཞུང་གི་བླང་བྱ་ལྟར་དུ།  འབྲེལ་ཡོད་གནད་དོན་དག་ཐེར་ལེགས་སྒྲིག་དང་དཔྱད་གཞིའི་ཡིག་རིགས་འཐུས་ཚང་དུ་གཏོང་བ།  གྲ་སྒྲིག་ཞིབ་བཤེར་
སོགས་ཀྱི་བྱ་བར་ཡང་བསྐྱར་ཞིབ་བཤེར་དང་ཞིབ་རྒྱས་སུ་གཏོང་བ་དང་དངོས་འབེབས་བྱས་ནས།    གྲ་སྒྲིག་བྱ་བ་སྣ་ཚོགས་དོན་འཁྱོལ་གཟབ་ནན་ཡོང་བར་
བརྩོན་དགོས་པའི་བླང་བྱ་བཏོན་ཡོད།




 
 
· ལིག་ཀྲིན་དབུས། 2018/5/11
· རྒྱལ་འབུམ་འཁྲུངས། 2018/5/11
· ལྷ་ཆེན་ཚེ་རིང་། 2018/5/11
· ཀརྨ་སྐྱིད། 2018/5/11
· ལའོ་ཧོང་ལིན། 2018/5/11
· ལི་ཧྥུ་ཉན། 2018/5/11
· མཚོ་སྔོན་ཀན་སུའུ་སི་ཁྲོན་མཐའ་འ 2019/8/23

2008-2012 པདྨ་རྫོང་མི་དམངས་སྲིད་གཞུང་། All Rights Reserved
09758322651 མགོ་ལོག པདྨ  ཆ་འཕྲིན་རབ་གསལ། :814100
པདྨ་རྫོང་མི་དམངས་སྲིད་གཞུང་།