ཚོགས་ཆེན་གཉིས་ཀྱི་ཆེད་དོན་ལེ་ཚན། པདྨ་རྫོང་མི་དམངས་སྲིད་གཞུང་།  
ཤོག་ངོས་དང་པོ། :> སྲིད་དོན་ཆ་འཕྲིན། > པདྨ
པདྨ་རྫོང་གི་རྩྭ་སའི་སྐྱེ་ཁམས་ཕྱུགས་ལས་འཛུགས་སྐྲུན་ཡུལ་དངོས་ལ་ལྟ་སྦྱོང་དང་སྐུལ་འདེད་ཚོགས་འདུ་སྨར་ཁོག་ཞང་དུ་འཚོགས།
འབྱུང་ཁུངས།: 2019/7/22

       ཁུལ་ཨུའི་ཧྲུའུ་ཅི་བུའུ་ཡུས་ཀྲང་གིས་ཁུལ་ཡོངས་ཀྱི2019ལོའི་རྩྭ་སའི་སྐྱེ་ཁམས་ཕྱུགས་ལས་སྤྱི་སྡོམ་གཟེངས་བསྟོད་ཚོགས་འདུའི་སྟེང་གི་གསུང་བཤད་ཀྱི་དགོངས་
དོན་
དང་ཁུལ་ཨུ་དང་རྫོང་སོ་སོ་རྨ་ལྷོ་ཁུལ་དུ་བསྐྱོད་དེ་སྐྱེ་ཁམས་ཕྱུགས་ལས་འཛུགས་སྐྲུན་བྱ་བར་ལྟ་སྐོར་དང་རྟོག་ཞིབ་སྐོར་གྱི་མཛུབ་སྟོན་གྱི་དགོངས་དོན་གལ་ཆེན་ལག་་་་
བསྟར་དོན་འཁྱོལ་བྱས་ཏེ། ཧུར་ཐག་གིས་པདྨ་རྫོང་གི་སྐྱེ་ཁམས་ཕྱུགས་ལས་འཛུགས་སྐྲུན་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་ཕྱིར། ཟླ70པའི་ཚེས20
ཉིན། ཁུལ་ཨུའི་རྒྱུན་ཨུ། རྫོང་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དང་ཁུལ་དབུལ་སྐྱོར་གསར་སྤེལ་ཅུས་ཀྲང་གཞོན་པ་བན་མ་ཚེ་བརྟན། རྫོང་ཨུའི་རྒྱུན་ཨུ།  རྫོང་སྲིད་གཞུང་རྒྱུན་ལས་
རྫོང་དཔོན་གཞོན་པ་རྒྱལ་འབུམ་འཁྲུངས། རྫོང་ཨུའི་རྒྱུན་ཨུ། རྫོང་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་བཀྲ་ཤིས། རྫོང་དམངས་འཐུས་ཚོགས་ཆེན་གྱི་རྒྱུན་ཨུའི་ཀྲུན་རེན་གཞོན་པ་
རྟ་མགྲིན་རྡོ་རྗེ་དང་དོན་ཆུང་། རྫོང་སྲིད་གཞུང་གི་རྫོང་དཔོན་གཞོན་པའམ་དྷི་མདའ་ཞང་ཏང་ཨུའི་ཧྲུའུ་ཅི་ལིས་ཧྥུ་ཉེན། དེ་མིན་ཞང་གྲོང་རྡལ་སོ་སོའི་ཏང་ཨུའི་ཧྲུའུ་ཅི་
དང་ཞང་ཀྲང་། ཞིང་ཕྱུགས་གཙོ་སྐྱོང་བྱེད་མཁན་གྱི་ཞང་ཀྲང་གཞོན་པ། སྡེ་བ་སོ་སོའི་ཀྲི་པུའུ་ཧྲུའུ་ཅི་དང་ཀྲུའུ་རེན། རྫོང་ཞིང་ཕྱུགས་ཆུ་བེད་ཚན་རྩལ་ཅུས་འབྲེལ་ཡོད་ལས་
བྱེད་མི་སྣ་བཅས་མི་དགུ་བཅུ་ལྷག་རང་རྫོང་གི་རྒྱལ་ཡོངས་རྩྭ་སའི་སྐྱེ་ཁམས་ཕྱུགས་ལས་ཚོད་ལྟའི་ས་ཁུལ་སྨར་ཁོག་ཞང་མར་ཁུ་ཀླས་སྐྱེ་ཁམས་ཕྱུགས་མཉམ་ལས་ཁང་དུ་སོང་ 
སྟེ་ཡུལ་དངོས་ནས་ལྟ་སྦྱོང་བྱས།
      
ལྟ་སྦྱོང་ཚོགས་པས་སྨར་ཁོག་ཞང་ཏང་ཨུ་དང་སྲིད་གཞུང་གི་སྨར་ཁུ་ཀླས་སྡེ་བའི་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་གི་སྐྱེ་ཁམས་ཕྱུགས་ལས་འཛུགས་སྐྲུན་བྱ་བའི་
གནས་ཚུལ་ངོ་སྤྲོད་བྱས་པར་ཉན་པ་དང་། མཉམ་ལས་ཁང་གི་འཁོར་སྐྱོད་དོ་དམ་དང་། མཁྲེགས་ཆས་འཛུགས་སྐྲུན། མ་རྐང་ལམ་ལུགས་བསྒྱུར་བཀོད། རྩྭ་ས་དང་ཕྱུགས་ཟོག་
སྡེབ་སྒྲིག་སོགས་ལ་ཡུལ་དངོས་ལ་ལྟ་སྐོར་བྱས་ཤིང་། འགྲེམ་པང་དང་ཐོན་རྫས་འགྲེམ་སྟོན་བཅས་ལ་ལྟ་ཞིབ་བྱས་པ་དང་། སྨར་ཁོག་ཞང་གྱོན་ཆས་ལས་སྣོན་བཟོ་གྲྭ་དང་ཤིང་
བརྐོས་ལས་སྣོན་བཟོ་གྲྭར་ལྟ་སྐོར་བྱས་པར་མ་ཟད།  སྨར་ཁོག་ཞང་མར་ཁུ་ཀླས་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་གི་སྤྱི་སྡོམ་གཟེངས་བསྟོད་ཚོགས་འདུར་ཞུགས། 
བར་
སྐབས་
སུ་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་ཀྲུང་གོ་གློག་འཕྲིན་སྨར་ཁོག་ཞང་གི་གློག་འཕྲིན་དབུལ་སྐྱོར་མཉམ་འབྲེལ་ས་ཚིགས་ཀྱི་སྒོ་བྱང་ཕྱེ། ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་སྨར་ཁུ་ཀླས་སྡེ
བའི"ཨུ་གཉིས"ཀྱི་ཚན་པའི་ཁོངས་མི་རྣམས་ལ་ལེའུ་ལྟར་བྱ་བ་སྒྲུབ་པ་དང་སྣེ་ཁྲིད་དེ་མིག་དཔེ་སྟོན་པ། མང་ཚོགས་ཀྱི་སྣེ་ཁྲིད་དེ་བྱ་བ་སྒྲུབ་པ། མང་ཚོགས་ལ་ལྟ་རུ་འཇུག་པ།
གོང་བུར་འགྲིལ་ཤུགས་ཇེ་ཆེར་གཏོང་བ།  མང་ཚོགས་ལ་ཀུན་གྱིས་ཡིད་ཆེས་བྱེད་ཚད་ཇེ་ཆེར་གཏོང་བ་བཅས་བྱས་ཏེ།  ས་གནས་ཀྱི་འབྲོག་པ་མང་ཚོགས་སྣེ་ཁྲིད་དེ་འཕེལ་
རྒྱས་དང་ཕྱུག་འགྱུར། བརྟན་བརླིང་བཅས་དོན་གཉེར་བྱེད་ཐབས་ལ་ཁས་ལེན་གང་ལེགས་གནང་།
       ལྟ་སྦྱོང་ཚོགས་འདུའི་རྗེས་སུ་སྨར་ཁོག་ཞང་དུ་པདྨ་རྫོང་གི2019ལོའི་སྐྱེ་ཁམས་ཕྱུགས་ལས་འཛུགས་སྐྲུན་སྐུལ་འདེད་ཚོགས་འདུ་འཚོགས་པ་དང་། གྲོས་ཚོགས་ལས་
རང་རྫོང་གི2018ལོའི་སྐྱེ་ཁམས་ཕྱུགས་ལས་འཛུགས་སྐྲུན་ལས་དོན་ལ་ཕྱོགས་ཡོངས་ནས་སྤྱི་བསྡོམས་དང་ཕྱིར་དྲན་བྱས་ཤིང་། དེ་ལས་བླངས་པའི་ཉམས་མྱོང་དང་མི་འདང་
ས་བཅས་ལ་དབྱེ་ཞིབ་བྱས་པར་མ་ཟད། གོམ་སྟབས་རྗེས་མའི་བྱ་བར་བཀོད་སྒྲིག་བྱས། སྨར་ཁོག་ཞང་ཏང་ཨུའི་ཧྲུའུ་ཅི་ཀླུ་རྒྱལ་ཚེ་རིང་གིས་གཏམ་བཤད་གནང་སྟེ། སྨར་ཁོག་
ཞང་གི་སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་ཀྱི་ལོ་རྒྱུས་བརྒྱུད་རིམ་དང་བསྡུ་ལེན་བྱས་པའི་ཉམས་མྱོང་ལ་ཞིབ་ཕྲ་སྒོས་ངོ་སྤྲོད་གནང་བ་དང་། ཀྲུང་གོའི་མི་སྲོག་ཉེན་སྲུང་མ་རྐང་
ཚད་ཡོད་ཀུང་སིའི་མགོ་ལོག་ཡན་ལག་ཀུང་སི་དང་མཚོ་སྔོན་ཞིང་འབྲོག་ཡིད་རྟོན་དངུལ་བུན་ཁག་ཐེག་ཚད་ཡོད་འགན་འཁྲི་ཀུང་སི་མགོ་ལོག་ཡན་ལག་ཀུང་སིའི་འགན་་་་
འཁུར་བས་ཕྱུགས་ཟོག་འགན་བཅོལ་དང་ཞིང་འབྲོག་ལས་ཐད་ཀྱི་ཡིད་རྟོན་དངུལ་བུན་ཁག་ཐེག་སྲིད་ཇུས་འགྲེལ་བཤད་བྱས།  རྫོང་སྲིད་གཞུང་དང་ཞང་གྲོང་རྡལ་སོ་སོའི་
སྲིད་གཞུང་གིས2019ལོའི་སྐྱེ་ཁམས་ཕྱུགས་ལས་འཛུགས་སྐྲུན་དམིགས་ཚད་འགན་འཁྲིའི་ཡི་གེར་མིང་རྟགས་བཀོད་པ་དང་། རྫོང་ཨུའི་ཧྲུའུ་ཤ་བོ་སྐྱབས་ཀྱིས་གསུང་བཤད་
གནང་སྟེ་ཕྱིན་ཆད་རྫོང་ཡོངས་ཀྱི་རྩྭ་སའི་སྐྱེ་ཁམས་ཕྱུགས་ལས་བྱ་བར་ཞིབ་ཕྲའི་བླང་བྱ་བཏོན།  
       ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་ནན་གྱིས་བསྟན་དོན།  རྫོང་ཡོངས་ཀྱི་གོང་འོག་བར་གསུམ་གྱིས་ལངས་གནས་མཐོ་རུ་གཏོང་བ་དང་ཚད་མཐོའི་མཐོང་ཆེན་བྱས་ནས་རྩྭ་
སའི་སྐྱེ་ཁམས་ཕྱུགས་ལས་ལ་སྐུལ་འདེད་གཏོང་རྒྱུ་དེ"སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས"ཀྱི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པའི་རྨང་གཞིའི་རང་
བཞིན་ལྡན་པའི་བྱེད་ཐབས་ཤིག་ཏུ་བརྩིས་ཏེ། ཧུར་ཐག་གིས་རྫོང་ཡོངས་ཀྱི་སྐྱེ་ཁམས་ཕྱུགས་ལས་འཛུགས་སྐྲུན་བྱེད་པའི་བྱ་བར་སྐུལ་འདེད་གཏོང་བ་དང་། སྐྱེ་ཁམས་སྲུང་
སྐྱོབ་སྔོན་དུ་འཇོག་རྒྱུ་མཐའ་འཁྱོངས་དང་ལྗང་མདོག་གི་གོང་སྤེལ་གནས་ཐིག་མཐའ་འཁྱོངས།    ལྗང་མདོག་གི་སྐྱེ་ཁམས་ཐོན་ལས་སྐྱེད་སྲིང་དང་འཕེལ་རྒྱས་གཏོང་རྒྱུ་
མཐའ་འཁྱོངས་བཅས་བྱས་ཏེ། པདྨའི་ཁྱད་ཆོས་ལྡན་པའི་སྐྱེ་ཁམས་ཕྱུགས་ལས་ཀྱི་ཐོན་ལས་འཕེལ་རྒྱས་གཏོང་བའི་ལམ་བུ་ཞིག་འཚོལ་ཞིབ་བྱ་རྒྱུ། "ཞིང་གསུམ་འབྲོག་གསུམ"
ལས་དོན་གྱི་དངོས་ཡོད་རྨང་གཞི་དང་གནས་བབ་གསར་པར་ཕྱོགས་བསྡུས་བསམ་གཞིགས་བྱས་ཏེ་རང་འགུལ་ངང་གོ་གནས་འཕར་བ་དང་མཛད་རྗེས་ཧུར་ཐག་འཇོག་པ། 
གཙོ་གནད་
འབུར་ཐོན།  ནུས་ཤུགས་ཡོད་རྒུས་སྐྱེ་ཁམས་ཕྱུགས་ལས་འཛུགས་སྐྲུན་ལེགས་སྐྱོང་བྱེད་དགོས། སྲིད་གཞུང་གི་རོགས་སྐྱོར་དང་མ་དངུལ་འཇོག་པ། མང་ཚོགས་
ཧུར་ཐག་ངང་མཉམ་ལས་ཁང་གི་འཕེལ་རྒྱས་ནང་ཞུགས་པར་སྐུལ་སློང་བཅས་ཟུང་འབྲེལ་དམ་ཚགས་བྱས་ཏེ། འདུ་ཤེས་བསྒྱུར་བ་དང་ནང་འབྱུང་སྒུལ་ཤུགས་ཇེ་ཆེར་བཏང་
སྟེ། སྐྱེ་ཁམས་དང་ཐོན་སྐྱེད།  འཚོ་བ་བཅས་མཉམ་རྒྱལ་ཡོང་བའི་དམིགས་འབེན་འགྲུབ་པར་བྱ་དགོས།  ཞང་གྲོང་རྡལ་ཏང་ཨུ་དང་སྲིད་གཞུང་། སྡེ་བའི"ཨུ་གཉིས"ཀྱི་ཚན་
པའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་།  རྒྱ་ཆེའི་འབྲོག་པ་རྣམས་ཐོན་སྐྱེད་ཀྱི་རྒྱུ་རྐྱེན་གཙོ་བོའི་སྡེབ་སྒྲིག་ནང་ཞུགས་པར་སྐུལ་སློང་དང་རྒྱབ་སྐྱོར་ཧུར་ཐག་བྱེད་པ་
དང་། རྣམ་པ་མང་བའི་མཉམ་ལས་དང་མཉམ་འབྲེལ་བྱེད་པར་ཁྲིད་སྟོན་བྱས་ནས་ཐོན་ལས་གསོ་སྐྱོང་གི་གོམ་སྟབས་ཇེ་མགྱོགས་སུ་གཏོང་དགོས། 
      
ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་བླང་བྱ་བཏོན་པ། གཅིག་ནི་བྱ་བའི་གཙོ་གནད་ཇེ་དྲག་ཏུ་བཏང་སྟེ་སྐྱེ་ཁམས་ཕྱུགས་ལས་སྐྱོན་བྲལ་དང་གོ་རིམ་ལྡན་པའི་ངང་གོང་འཕེལ་
གཏོང་དགོས།  རྫོང་གི་གནས་ཚུལ་ལ་ངོས་འཛིན་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་བ་དང་། བྱ་བའི་ཤུགས་རྒྱག་ས་དང་མ་དངུལ་འཇོག་ས་དེ། ཕྱུགས་ལས་ཀྱི་ཐོན་
སྐྱེད་བྱེད་སྟངས་དང་གཉེར་སྐྱོང་བྱེད་སྟངས་བསྒྱུར་བའི་ཐད་དུ་འཇོག་པ། སྐྱེ་ཁམས་ཕྱུགས་ལས་རིགས་གཞན་རིམ་སྤར་བྱེད་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་
དང་། འབྲོག་ལས་ཀྱི་ཕན་འབྲས་ཆེ་རུ་གཏོང་བ་དང་འབྲོག་པའི་ཡོང་འབབ་འཕར་སྣོན་ཡོང་བ་བཅས་དམིགས་ཡུལ་དུ་འཛིན་པའི་འཕེལ་རྒྱས་ཀྱི་བསམ་ཕྱོགས་མངོན་འགྱུར་
གང་ཐུབ་བྱ་དགོས། རོང་འབྲོག་ཁུལ་གྱི་ཐུན་མོང་རྒྱུ་ནོར་བདག་དབང་ལམ་ལུགས་བསྒྱུར་བཅོས་བྱེད་རྒྱུར་སྔར་བས་སྐུལ་འདེད་བཏང་སྟེ་རོང་འབྲོག་ཁུལ་གྱི་ཐུན་མོང་དཔལ་
འབྱོར་རྩ་འཛུགས་ཀྱི་ཁོངས་མིའི་ཐོབ་ཐང་དབྱེ་མཚམས་དང་ཐུན་མོང་དཔལ་འབྱོར་མ་དངུལ་ཞིབ་བཤེར་བྱས་པའི་རྨང་གཞིའི་ཐོག་གོ་རིམ་ལྡན་པའི་ངང་མ་རྐང་ཚད་་་་་་་
འབེབས་དང་།  མ་རྐང་ལམ་ལུགས་བསྒྱུར་བཅོས་བྱས་ཏེ་ཐུན་མོང་དཔལ་འབྱོར་གོང་འཕེལ་གཏོང་རྒྱུའི་ནུས་ལྡན་ཐབས་ལམ་འཚོལ་ཞིབ་བྱེད་དགོས། ཡིད་རྟོན་དངུལ་བུན་
ཁག་ཐེག་ལམ་ལུགས་མ་ལག་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ་དང་།  སྐྱེ་ཁམས་ཕྱུགས་ལས་འཛུགས་སྐྲུན་དང་ཐོན་ལས་ཅན་དུ་འཕེལ་རྒྱས་གཏོང་བའི་ཁྲོད་མ་དངུལ་
སྡུད་
དཀའ་བ་དང་མ་དངུལ་སྡུད་གྲོན་ཆེ་བའི་གནད་དོན་ཐག་གཅོད་བྱ་དགོས། ཧུར་ཐག་གིས་ནོར་གནག་འགན་བཅོལ་སྐུལ་སྤེལ་བཏང་སྟེ་འབྲོག་པ་མང་ཚོགས་ཀྱིས་རང་
བྱུང་
གནོད་འཚེ་ འགོག་ནུས་དང་ཕྱུགས་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་ཤུགས་ཆེ་རུ་གཏོང་དགོས།   ལུད་རྫས་ཐོན་ཁུངས་ཅན་དུ་སྒྱུར་བའི་བེད་སྤྱོད་བྱེད་ཚད་ལ་སྐུལ་
སྤེལ་ཤུགས་ཆེན་གཏོང་བ་དང་།  མདོ་གོང་མ་ཞང་གི་སྐྱེ་ལྡན་ལུད་རྫས་བཟོ་སྣོན་དང་ཐོན་སྐྱེད་འཕེལ་རྒྱས་བཏང་ནས་ཕྱུགས་ཟོག་གསོ་སྤེལ་གྱི་ལུད་རྫས་ཐོན་ཁུངས་ཅན་དུ་
བསྒྱུར་ཏེ་མང་ཚོགས་ཀྱི་ཡོང་འབབ་གསར་ཞིག་ཏུ་འགྱུར་བར་བྱ་དགོས།  གཉིས་ནི་སྲིད་ཇུས་བབ་བསྟུན་བེད་སྤྱོད་ཡག་པོ་བྱས་ཏེ་སྐྱེ་ཁམས་ཕྱུགས་ལས་ཀྱི་སྤུས་རྟགས་འཛུགས་
སྐྲུན་ཇེ་མགྱོགས་སུ་གཏོང་དགོས།  སྐྱེ་ཁམས་ཕྱུགས་ལས་འཛུགས་སྐྲུན་བྱེད་པར་རྩྭ་ཐང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུ་སྔོན་འགྲོའི་ཆ་རྐྱེན་དུ་འཛིན་པ་དང་། ཚན་རིག་
དང་མཐུན་པའི་སྒོ་ནས་རྩྭ་སའི་ཐོན་
ཁུངས་བེད་སྤྱོད་ལུགས་མཐུན་བྱ་རྒྱུ་རྨང་གཞིར་འཛིན་པ། རྩྭ་ཕྱུགས་དོ་མཉམ་ཡོང་བ་བྱེད་ཐབས་སུ་འཛིན་པ་དང་། ཐོན་སྐྱེད་གཉེར་སྐྱོང་
བྱེད་སྟངས་བསྒྱུར་རྒྱུ་གནད་འགག་ཏུ་
འཛིན་པ། མི་དང་རང་བྱུང་ཁམས་འཆམ་མཐུན་དང་ཕྱུགས་ལས་རྒྱུན་མཐུད་ངང་འཕེལ་རྒྱས་ཡོང་བ་མངོན་འགྱུར་བྱ་རྒྱུ་དམིགས་འབེན་
དུ་འཛིན་པ།   ཕྱུགས་ལས་འཕེལ་རྒྱས་གཏོང་སྟངས་བསྒྱུར་བ་ཇེ་མགྱོགས་སུ་གཏོང་བ་དང་ཕྱུགས་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་ཆེ་རུ་གཏོང་བ་འཇུག་སྒོ་རུ་བཟུང་སྟེ། 
རྫོང་ཡོངས་ཀྱི་སྐྱེ་ཁམས་ཕྱུགས་ལས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་ཆེན་པོའི་གོ་སྐབས་འོག་ཀྲུང་དབྱང་དང་།  ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་།
ཁུལ་ཨུ་དང་ཁུལ་སྲིད་གཞུང་བཅས་ཀྱིས་བོད་ཁུལ་གོང་སྤེལ་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་བཀོལ་སྤྱོད་ལེགས་པོ་བྱས་ཏེ། ཧྲང་ཧའེ་ཡིས་འཛུགས་སྐྲུན་ལ་རོགས་སྐྱོར་བྱེད་པའི་
རྣམ་གྲངས་ཀྱི་མ་དངུལ་དང་ཞིང་ལས་ལ་རྒྱབ་སྐྱོར་བྱེད་པའི་མ་དངུལ་སྡེབ་སྒྲིག་བྱེད་པ་དང་། "སྡེ་བ་རེར་ཐོན་རྫས་རེ"ཡོད་པའི་སྐྱེ་ཁམས་ཕྱུགས་ལས་གོང་དུ་སྤེལ་བའི་བསམ་
ཕྱོགས་ལྟར། ཞང་གྲོང་རྡལ་སོ་སོའི་ཐོན་ཁུངས་བཟང་ཆ་དང་ཟུང་འབྲེལ་བྱས་ཏེ་ཐོན་ལས་ཅན་དུ་འགྱུར་བའི་རྣམ་གྲངས་བདམས་ཤིང་། སྡེ་བ་སོ་སོས་ཧུར་ཐག་གིས་ཐོན་རྫས་
གྲགས་ཅན་ཕྱིར་ཐོན་དང་། རོང་འབྲོག་ལས་ཐོན་ལས་གོང་འཕེལ་གཏོང་བའི་སྤུས་ཚད་མཐོ་རུ་གཏོང་དགོས། འབྲོག་པས་མ་དངུལ་དང་ལག་རྩལ། ས་ཞིང་དང་རྩྭ་ས་གཉེར་སྐྱོང་
དབང་ཆ།  ངལ་ལས་སོགས་ཐོན་སྐྱེད་རྒྱུ་རྐྱེན་གཙོ་བོར་བརྟེན་ནས་མ་རྐང་ནང་ཞུགས་རྒྱུར་སྐུལ་མ་གཏོང་རྒྱུ་དང་།  སྤྱི་ཚོགས་མ་དངུལ་ཚོད་ལྟའི་འཛུགས་སྐྲུན་བྱ་བར་འཇོག་
རྒྱུར་སྐུལ་མ་བཏང་ནས་མ་དངུལ་སྣ་མང་ཅན་གྱི་ལམ་སྲོལ་ཆགས་པར་སྐུལ་འདེད་གཏོང་རྒྱུ། རྩྭ་སའི་སྐྱེ་ཁམས་ཕྱུགས་ལས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བར་བརྟེན་
ནས་སྐྱེ་ཁམས་ཕྱུགས་ལས་ཐོན་ལས་རྣམ་གྲངས་ཀྱི་གཞི་ཁྱོན་ལྡན་པའི་གཉེར་སྐྱོང་ཆུ་ཚད་མཐོ་རུ་གཏོང་བ་དང་།  ངལ་རྩོལ་ནུས་ཤུགས་ལྷག་མ་སྤོ་སྒྱུར་བྱེད་ཚད་ཇེ་མགྱོགས་སུ་
གཏོང་བ། འབྲོག་པའི་ཡོང་འབབ་འཕར་སྣོན་ཡོང་བའི་ཐབས་ལམ་རྒྱ་སྐྱེད་དང།  འབྲོག་ལས་ཀྱི་ཕན་འབྲས་ཆེ་རུ་འགྲོ་བ་དང་འབྲོག་པའི་ཡོང་འབབ་འཕར་སྣོན་ཡོང་བར་སྐུལ་
འདེད་གཏོང་བ།  ཆེད་ལས་མཉམ་ལས་ཁང་སྒྲིག་འཛུགས་བྱས་ནས་ཁུལ་ཕྱི་ནང་གི་ཞིང་ཕྱུགས་ཐོན་རྫས་འགྲེམ་འཚོང་འོས་སྦྱོར་བྱེད་སྒོའི་ནང་ཞུགས་སུ་བཅུག་སྟེ་པདྨ་རྫོང་གི་
ཞིང་ཕྱུགས་ཐོན་རྫས་ཚོང་རྟགས་ཅན་གྱི་རིན་ཐང་དང་མིང་གྲགས་ཆོད་ཚད་རྒྱ་བསྐྱེད་དགོས།  ག སུམ་ནི་བྱ་བའི་བྱེད་ཐབས་ཇེ་དྲག་ཏུ་བཏང་སྟེ་ཕྱུགས་ལས་ཐོན་ལས་ཅན་དུ་
འགྱུར་བའི་འཕེལ་རྒྱས་ལ་ཕན་འབྲས་དངོས་ཐོན་པར་སྐུལ་འདེད་གཏོང་དགོས།  སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་ཀྱི་མདུན་དུ་ལྷག་པའི་གནས་བབ་གསར་པ་དང་འགན་འཁྲི་
གསར་པ། བླང་བྱ་གསར་པ་བཅས་གཞིར་བཟུང་ནས། འབྲོག་པའི་ཡོང་སྒོ་འཕར་སྣོན་དང་སྐྱེ་ཁམས་ཕྱུགས་ལས་ཐོན་ལས་རྣམ་གྲངས་ཀྱི་ལས་གཞི་བརྟན་བརླིང་ངང་འཕེལ་རྒྱས་

ཡོང་བར་སྐུལ་འདེད་དང་། དྲིལ་བསྒྲགས་ཀྱི་ཐོན་ཁུངས་སྣ་ཚོགས་བེད་སྤྱོད་བྱེད་པ། སྐྱེ་ཁམས་ཕྱུགས་ལས་འཛུགས་སྐྲུན་གྱི་དོན་སྙིང་གལ་ཆེན་དང་གྲུབ་འབྲས། ཉམས་མྱོང་བཅས་
དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ་དང་སྲིད་ཇུས་ཀྱི་གསལ་ཚད་མཐོ་རུ་གཏོང་དགོས། ནུས་ཤུགས་ཡོད་རྒུ་བཏོན་ནས་སྐྱེ་ཁམས་ཕྱུགས་ལས་ཀྱི་ཐོན་ལས་གོང་དུ་འཕེལ་བར་
སྐུལ་འདེད་གཏོང་བ་དང་། ཞིང་ཆེན་དང་ཁུལ་གྱི་ཐབས་ཇུས་དང་བཀོད་སྒྲིག་གལ་ཆེན་ནན་ཏན་གྱིས་དོན་འཁྱོལ་བྱེད་པ། གསར་གཏོད་རང་བཞིན་གྱི་སྒོ་ནས་དཀའ་ངལ་དང་
གནད་དོན་ཐག་གཅོད་བྱས་ཏེ།  སྐྱེ་ཁམས་ཕྱུགས་ལས་ཐོན་ལས་ཅན་དུ་འཕེལ་རྒྱས་གཏོང་བའི་ལས་གཞི་ལེགས་འགྲུབ་ཡོང་ཚད་ཇེ་མགྱོགས་སུ་གཏོང་དགོས།  སྐྱེ་ཁམས་ཕྱུགས་

ལས་མཉམ་ལས་ཁང་སྤྱི་ཚོགས་སུ་ཞུགས་ཚད་བརྒྱ་ཆའི100རུ་སླེབ་པར་བརྩོན་ལེན་བྱ་དགོས། མཉམ་ལས་ཁང་དུ་ཞུགས་པའི་མི་སྣས་ཕྱུགས་ཟོག་དང་རྩྭ་ས་སོགས་ཀྱི་ཐོན་ཁུངས་
ཡོངས་རྫོགས་སྒྲིག་ཡིག་ལྟར་མ་རྐང་ཚད་འབེབས་བྱས་ནས་མཉམ་ལས་ཁང་ལ་སྡེབ་སྒྲིག་བྱ་རྒྱུ།  མཉམ་ལས་ཁང་གི་ལམ་ལུགས་ཁག་འཐུས་སྒོ་ཚང་བ་དང་།  དོ་དམ་ཚད་ལྡན་
དང་འཁོར་སྐྱོད་རྒྱུན་ལྡན།  སྔ་མོ་ནས་ཕན་འབྲས་ཐོན་པ་བཅས་བྱ་དགོས།  བཞི་ནི་རྣམ་གྲངས་སྡེབ་སྒྲིག་བྱེད་ཤུགས་ཆེ་རུ་བཏང་སྟེ་ཕྱུགས་ལས་རྨང་གཞིའི་སྒྲིག་བཀོད་འཛུགས་
སྐྲུན་མཐོར་འདེགས་གཏོང་དགོས།   ཕྱུགས་ལས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དེ་སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་གཏོང་བའི་འགག་གནད་
གལ་ཆེན་ཞིག་ཏུ་བརྩི་དགོས། ཞང་གྲོང་རྡལ་སོ་སོས་མཉམ་ལས་ཁང་འཛུགས་སྐྲུན་གཙོ་བོར་བྱེད་པ་དང་། ཞིང་ཆེན་རིམ་པའི་ནོར་སྲིད་ཀྱིས་ཞིང་ལས་ལ་རོགས་སྐྱོར་བྱེད་པའི་མ་
དངུལ་གྱི་རྣམ་གྲངས་ལག་བསྟར་ནན་ཏན་བྱེད་པ་དང་།  མཉམ་ལས་ཁང་གི་རྣམ་གྲངས་རོགས་སྐྱོར་འཛུགས་སྐྲུན་ཀྱི་མ་དངུལ་བེད་སྤྱོད་འདང་ངེས་བྱེད་དགོས། རྣམ་གྲངས་ཀྱི་
ཐོན་ཁུངས་སྡེབ་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཡུལ་བབ་དང་བསྟུན་པ།  རིགས་དབྱེ་ཁྲིད་སྟོན། གཅིག་གྱུར་འཆར་འགོད་བཅས་བྱས་ཏེ་མིས་བཟོས་གཟན་ཆས་རྟེན་གཞི་
དང་། ཕྱུགས་ཟོག་དྲོད་ཁང་སོགས་ཕྱུགས་ལས་ཀྱི་རྨང་གཞི་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་།  གནོད་འགོག་རྟེན་གཞིའི་ཆ་སྒྲིག་ལས་གྲྭ་འཛུགས་སྐྲུན་བྱེད་ཤུགས་ཆེ་
རུ་བཏང་སྟེ།  གནོད་འགོག་གནོད་སེལ་གྱི་ནུས་པ་ཆེ་རུ་གཏོང་བ་བཅས་བྱ་དགོས།  ལྔ་ནི་དཔེ་མཚོན་གྱི་ལམ་སྟོན་ཡག་པོ་བྱས་ཏེ་དབུལ་ཕོངས་འབྲོག་པ་མང་ཚོགས་དབུལ་ཐར་
ཕྱུག་འགྱུར་ཡོང་བར་རོགས་རམ་བྱེད་དགོས། ཧུར་ཐག་གིས"གངས་ལུང་མ་དཔེ"སོགས་ལ་སློབ་སྦྱོང་དང་དཔྱད་གཞིར་བཟུང་ནས། "སྨར་ཁོག་མ་དཔེ"གསར་གཏོད་བྱས་ཏེ། མཉམ་
ལས་ཁང་འཕེལ་རྒྱས་གཏོང་བའི་ཁྲོད"འཁྱོག་ལམ་དུ་སྐྱོད་པ"སྔོན་འགོག་དང་།    ཡུལ་བབ་དང་བསྟུན་ནས་རྫོང་ཡོངས་ཀྱི་མཉམ་ལས་ཁང་འཕེལ་རྒྱས་གཏོང་བའི་གོམ་སྟབས་
རིམ་བཞིན་ཇེ་མགྱོགས་སུ་གཏོང་བ་དང་།  རིམ་གྱིས་སྐྱེ་ཁམས་ཕྱུགས་ལས་ཐོན་ལས་ཅན་དུ་གྱུར་བར་ཁྱབ་པར་བྱ་དགོས་ལ།  དབུལ་ཕོངས་འབྲོག་པ་མང་ཚོགས་ཀྱི་དབུལ་ཐར་
འདུ་ཤེས་ཇེ་མཐོར་གཏོང་བ། དབུལ་ཕོངས་འབྲོག་པ་མང་ཚོགས་ཀྱི"རང་སྤེལ"བྱེད་ནུས་དང་རང་ངོས་འཕེལ་རྒྱས་ཀྱི་ནུས་པར་ཤུགས་སྣོན་པ་བཅས་བྱས་ཏེ། སྐྱེ་ཁམས་ཀྱི་གཏིང་
ཤུགས་དེ་ལེགས་པའི་སྒོ་ནས་ལྗང་མདོག་གི་རིན་ཐང་དུ་བསྒྱུར་ཏེ་དབུལ་ཐར་འགག་སྒྲོལ་དང་འབྱོར་འབྲིང་འཛུགས་སྐྲུན་ཐུབ་ཕྱིར་འདེགས་སྐྱོར་ནུས་ལྡན་བྱེད་པ་དང་། དབུལ་
ཕོངས་འབྲོག་པ་མང་ཚོགས་དབུལ་ཐར་ཕྱུག་འགྱུར་ཡོང་བར་རོགས་རམ་བྱེད་དགོས།

      
ཐེངས་འདིར་བསྡུས་པའི་རྫོང་ཡོངས་ཀྱི་རྩྭ་སའི་སྐྱེ་ཁམས་ཕྱུགས་ལས་འཛུགས་སྐྲུན་ཡུལ་དངོས་ལྟ་སྦྱོང་དང་སྐུལ་འདེད་ཚོགས་འདུ་ཡིས་རྫོང་ཡོངས་ཀྱི་ཞང་གྲོང་རྡལ་དང་
སྡེ་བ་སོ་སོའི་མགོ་ཁྲིད་ཚན་པར་སྔོན་ཐོན་སློབ་སྦྱོང་དང་དགེ་ལེན་སྐྱོན་སེལ་གྱི་སྟེགས་བུ་སྐྲུན་པ་མ་ཟད།     ཞང་གྲོང་རྡལ་སོ་སོའི་སྐྱེ་ཁམས་ཕྱུགས་ལས་ཁྱོན་ཡོངས་ནས་འཛུགས་
སྐྲུན་བྱེད་པར་རྨང་གཞི་ལེགས་པོ་བཏིང་ཡོད།  ཚང་མས་ཐེངས་འདིའི་གྲོས་ཚོགས་འགོ་རྩོམ་ས་གསར་པ་བྱེད་པ་དང་། ཧུར་ཐག་གིས་འགན་འཁུར་བ། དོན་འཁྱོལ་བྱེད་ཤུགས་ཆེ་
རུ་གཏོང་བ་བཅས་བྱས་ཏེ། སྐྱེ་ཁམས་ཕྱུགས་ལས་འཛུགས་སྐྲུན་གྱི་བགྲོད་ལམ་གསར་པ་འབད་པས་འབྱེད་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད།

 
 
· ལིག་ཀྲིན་དབུས། 2018/5/11
· རྒྱལ་འབུམ་འཁྲུངས། 2018/5/11
· ལྷ་ཆེན་ཚེ་རིང་། 2018/5/11
· ཀརྨ་སྐྱིད། 2018/5/11
· ལའོ་ཧོང་ལིན། 2018/5/11
· ལི་ཧྥུ་ཉན། 2018/5/11
· མཚོ་སྔོན་ཀན་སུའུ་སི་ཁྲོན་མཐའ་འ 2019/8/23

2008-2012 པདྨ་རྫོང་མི་དམངས་སྲིད་གཞུང་། All Rights Reserved
09758322651 མགོ་ལོག པདྨ  ཆ་འཕྲིན་རབ་གསལ། :814100
པདྨ་རྫོང་མི་དམངས་སྲིད་གཞུང་།