ཚོགས་ཆེན་གཉིས་ཀྱི་ཆེད་དོན་ལེ་ཚན། པདྨ་རྫོང་མི་དམངས་སྲིད་གཞུང་།  
ཤོག་ངོས་དང་པོ། :> སྲིད་དོན་ཆ་འཕྲིན། > མགོ་ལོག
བུའུ་ཡུས་ཀྲང་གིས་རྭ་རྒྱ་གྲོང་རྡལ་གྱི་འབྲུབ་འགོག་ལས་དོན་ལ་བརྟག་ཞིབ་མཛུབ་ཁྲིད་གནང་བ།
འབྱུང་ཁུངས།:མགོ་ལོག་ཁུལ་དྲིལ་བསྒྲགས་པུའུ་འཕྲིན་སྟེགས། 2019/7/18

     ཟླ7ཚེས4ཉིན།  ཁུལ་ཨུའི་ཧྲུའུ་ཅི་བུའུ་ཡུས་ཀྲང་རྨ་ཆེན་རྫོང་རྭ་རྒྱ་གྲོང་རྡལ་དུ་བསྐྱོད་ནས། འབྲུབ་འགོག་ལས་དོན་ལ་བརྟག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་བྱས་ཤིང་། ལས་གནས་དང་པོར་བསྐྱོད་དེ་ཡུལ་དངོས་ནས་རྨ་ཆུའི་ཟབ་ཚད་དང་ཆུ་རགས་གཙོ་བོ། མང་ཚོགས་གནས་སྤོ་བཀོད་སྒྲིག་གི་གནས་ཚུལ་བཅས་ལ་གཟིགས་ཞིབ་གནང་། ཁུལ་

རྫོང་གྲོང་རྡལ་གསུམ་གྱི་ལས་དོན་ཚོགས་ཆུང་གིས་འབྲུབ་འགོག་ལས་རེས་གཞིས་སྲུང་དང་། ཆུ་དཔྱད་ལྟ་ཞིབ། ཉེན་ཁུལ་མང་ཚོགས་བདེ་འཇགས་ངང་གནས་སྤོ་བཀོད་སྒྲིག་

བྱེད་པ།    སྔོན་འགོག་ཚོད་འཛིན་བྱེད་ཐབས་དོན་འཁྱོལ་དང་མར་ཐང་ཆུ་གློག་ས་ཚུགས་ཀྱི་བདེ་འཇགས་དང་རྣམ་གྲངས་འཛུགས་སྐྲུན་མ་དངུལ་གྲབས་གསོག་བྱས་ཚུལ་
བཅས་ཀྱི་གནས་ཚུལ་ངོ་སྤྲོད་བྱེད་པར་གསན་པ་དང་། ལས་གནས་དང་པོའི་ལས་རེས་ལས་བྱེད་པ་དང་མང་ཚོགས་རྣམས་ལ་མཚམས་འདྲི་གནང་།
    
བུའུ་ཡུས་ཀྲང་གིས་ནན་གྱིས་བསྟན་དོན།  རྨ་ཆེན་རྫོང་གིས་ཚད་མཐོན་པོས་མཐོང་ཆེན་དང་།  ཏང་སྲིད་འགན་ཁུར་བློ་མཐུན་གཙོ་བོས་རྭ་རྒྱ་གྲོང་རྡལ་གྱི་རྨ་ཆུའི་
གནས་ཚུལ་དང་གནོད་འགོག་འཕྲད་བསྟུན་ལས་དོན་ལ་ཚད་མཐོན་པོའི་དོགས་ཟོན་བྱེད་པ་རྒྱུན་མཐུད་སྒོས།  རང་ཉིད་ཀྱིས་ཞིབ་འཇུག་བཀོད་སྒྲིག་དང་། རང་ཉིད་ཀྱིས་
ལྟ་སྒྲུབ་དོན་འཁྱོལ་བྱེད་དགོས་ལ།  རྫོང་རིམ་པའི་མཉམ་སྦྲེལ་ལམ་ལུགས་དོན་འཁྱོལ་སྒོས། རྭ་རྒྱ་གྲོང་རྡལ་གྱི་ཏང་ཨུ་སྲིད་གཞུང་ལ་ལྟ་སྐུལ་མཛུབ་སྟོན་གྱིས་མང་ཚོགས་རྩ་
འཛུགས་སྐུལ་སློང་ཡག་པོ་བྱེད་དགོས།  ལས་རེས་གཞིས་སྲུང་དང་བདེ་འཇགས་སྐོར་ཞིབ་གོ་རིམ་ལྡན་པའི་ངང་ཡག་པོ་སྒྲུབ་པ། འབྲུབ་འགོག་སྟོབས་ཤུགས་ཚན་རིག་དང་
མཐུན་པའི་སྒོ་ནས་བཀོད་སྒྲིག་བྱས་ཏེ།  ཐོལ་བྱུང་ཉེན་ཁའི་གནས་ཚུལ་དུས་ཐོག་ཏུ་ཐག་གཅོད་ཐུབ་པར་འགན་ལེན་གྱིས།  བདེ་འཇགས་དོགས་ཟོན་ཡག་པོ་བྱེད་དགོས་
པར་བསྟན། ཁུལ་རྫོང་གི་འཕྲལ་བསྟུན་དོ་དམ་དང་ཆུ་བེད། རང་བྱུང་ཐོན་ཁུངས། གནམ་གཤིས། འགྲིམ་འགྲུལ་སོགས་སྡེ་ཁག་གིས་རང་འགུལ་ངང་ཞིང་ཆེན་ཐད་གཏོགས་
ཀྱི་འབྲེལ་ཡོད་ཐིན་དང་ཅུས་ལ་སྙན་ཞུ་སྦྲེལ་མཐུད་ཡག་པོ་བྱེད་དགོས་ལ།  ཆུ་མཚམས་གཙོ་བོ་དང་ས་གཤིས་གནོད་འཚེ་བཅོས་སྐྱོང་། འགྲིམ་འགྲུལ་ཟམ་པ་འཛུགས་སྐྲུན་
སོགས་ཀྱི་རྣམ་གྲངས་བརྩོན་ལེན་བྱེད་ཤུགས་ཆེ་རུ་བཏང་ནས།  ཞིང་ཆེན་རིམ་པའི་རོགས་སྐྱོར་དང་རྣམ་གྲངས་དུས་ལྟར་དོན་འཁྱོལ་འཛུགས་སྐྲུན་བྱེད་དགོས་ལ། འབྲུབ་
དུས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་དེ་ནུས་པ་ལྡན་པའི་ངང་ཐག་གཅོད་བྱེད་དགོས།  མར་ཐང་ཆུ་གློག་ས་ཚུགས་ཀྱིས་དོན་དངོས་ཐོག་གློག་ཚུགས་ཆུ་རགས་དང་
བྲག་རྡོ་སོགས་ལ་ཕྱོགས་ཡོངས་ནས་བདེ་འཇགས་ཞིབ་བཤེར་ཡག་པོ་བྱེད་དགོས་ལ། སྔ་ས་ནས་ཐོལ་བྱུང་འཕྲལ་བསྟུན་གྱི་གྲ་སྒྲིག་ཡག་པོ་བྱས་ནས། ཆར་བ་བབས་
པའམ་
སྟོད་རྒྱུད་ཀྱི་ཆུ་འབོར་ཇེ་མང་དུ་ཕྱིན་ནས་མི་མངོན་པའི་བདེ་འཇགས་རྐྱེན་ངན་འབྱུང་བར་སྔོན་འགོག་བྱེད་དགོས། དུས་མཚུངས་སུ་ལས་སྒོའི་ལེགས་ཆ་འདོན་སྤེལ་བྱས་
ནས།  ཧུར་ཐག་གིས་རྫོང་གྲོང་རྡལ་ལ་གཞོགས་འདེགས་སྒོས་འབྲུབ་འགོག་ལས་དོན་དུས་ཐོག་ཏུ་ཡག་པོ་སྒྲུབ་པ་དང་།  བདེ་འཇགས་འབྲུབ་འགོག་ལ་འགན་ལེན་ཡོད་
དགོས་པར་བསྟན།
    
བུའུ་ཡུས་ཀྲང་གིས་བླང་བྱ་བཏོན་པ།  རྫོང་གྲོང་རྡལ་གྱི་ཏང་ཨུ་སྲིད་གཞུང་གིས་མང་ཚོགས་ཀྱི་ཞབས་ཞུར་འགན་ལེན་ཡག་པོ་བྱེད་དགོས་ལ།  གནས་སྤོ་བཀོད་
སྒྲིག་མང་ཚོགས་ཀྱི་འཚོ་བའི་འགན་ལེན་ཐག་གཅོད་ཡག་པོ་བྱས་ཏེ། སྔ་ས་ནས་རྒུད་སྐྱོབ་དངོས་རྫས་བཀོད་སྒྲིག་ཡག་པོ་བྱེད་དགོས། ཁུལ་རྫོང་ཆུ་བེད་དང་གནམ་གཤིས་
སྡེ་ཁག་གིས་ཉིན་གཅིག་གི་གནམ་གཤིས་དང་ཆུ་དཔྱད་ཆ་འཕྲིན་ལ་ལྟ་ཞིབ་ཚད་ལེན་ཡག་པོ་བྱས་ནས།   ནམ་ཡང་འབྲུབ་འགོག་བཀོད་འདོམས་པུའུ་ལ་སྙན་སེང་ཞུས་
དགོས་ལ། ཡང་དག་པའི་ཆ་འཕྲིན་དཔྱད་ཡིག་མཁོ་འདོན་བྱེད་དགོས་པའི་བླང་བྱ་བཏོན།
    
བུའུ་ཡུས་ཀྲང་གིས་ནན་གྱིས་བསྟན་དོན།  རྨ་ཆེན་རྫོང་ནི་ཁུལ་སྲིད་གཞུང་གནས་ཡུལ་དུ་ཆགས་ཤིང་།  ཁུལ་ཡོངས་ཀྱི་ཆབ་སྲིད་དང་དཔལ་འབྱོར། རིག་གནས་
བཅས་ཀྱི་ལྟེ་བ་ཡིན་པས། གནས་ཡུལ་གྱི་ལེགས་ཆ་མངོན་གསལ་ཡོད།  རྫོང་ཨུ་རྫོང་སྲིད་གཞུང་ལ་རྗེས་སྙེག་འདུ་ཤེས་ཡོད་པའི་སྒོ་ནས། ཧུར་ཐག་རང་འགུལ་གྱིས་མགོ་
ལོག་བཅོས་སྒྱུར་འཕེལ་རྒྱས་ཀྱི་དགོས་མཁོ་དང་མཐུན་དགོས་ལ།  རྨ་ཆེན་རྫོང་གི་འགན་འཁྲི་དང་ལེན་དེ་མཚོན་དགོས་པ་ལས། སྤྱིར་བཏང་རང་བཞིན་གྱི་ལས་ཀ་བྱེད་
མི་རུང་། ཞིང་ཆེན་ཡོངས་ཀྱི་བལྟོས་མེད་དབུལ་བོའི་མི་འབོར"གཙང་ཐིག"ལས་དོན་བཀོད་སྒྲིག་གི་བླང་བྱ་ལྟར། ནན་ཏན་སྒོས་གནད་ཁེལ་དབུལ་སྐྱོར་དང་གནད་ཁེལ་
དབུལ་ཐར་གྱི་སྲིད་ཇུས་བྱེད་ཐབས་དོན་འཁྱོལ་ཡག་པོ་བྱས་ནས།  "སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ"གྱི་ཚད་གཞི་ནན་མོ་དང་། སྤུས་ཚད་འགན་ལེན་
བྱེད་དགོས། ནམ་ཡང་དམངས་དོན་གྱི་དམིགས་ཡུལ་ལག་བསྟར་སྒོས།  མང་ཚོགས་ལ་ཁས་བླངས་པའི་བྱ་བ་དེ་མྱུར་སྒྲུབ་ཡག་སྒྲུབ་བྱེད་དགོས་པ་ལས། མང་ཚོགས་དུས་
ཡུན་རིང་པོར་སྒུག་ཏུ་འཇུག་མི་རུང་།  དཔེར་ན་རྭ་རྒྱ་དགོན་པའི་བདེ་འཇགས་འཐུང་ཆུའི་རྣམ་གྲངས་དུས་ཐོག་ཏུ་ཐག་གཅོད་ཡག་པོ་བྱེད་དགོས།  ཞང་སྡེ་དར་རྒྱས་
དང་ཁོངས་ཡོངས་གད་སྙིགས་མེད་པའི་དཔེ་སྟོན་ཁུལ་གསར་འཛུགས་དང་ཟུང་འབྲེལ་བྱས་ཏེ། གྲོང་ཞང་གི་འགྲོ་ལམ་འགྲིམ་འགྲུལ་དང་། མང་ཚོགས་ཀྱི་བདེ་འཇགས་
འཐུང་ཆུ།  སྨན་བཅོས་འགན་ལེན།  འཕྲོད་བསྟེན་བཅོས་སྒྲིག   སྤྱི་པའི་ཞབས་ཞུ་སོགས་ཀྱི་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་དགོས། ལྷག་པར་དུ་དམངས་འཚོར་
འབྲེལ་བ་ཡོད་པའི་རྨང་གཞིའི་རྣམ་གྲངས་འཛུགས་སྐྲུན་གྱི་མྱུར་ཚད་ཇེ་མགྱོགས་སུ་བཏང་ནས།   གྲོང་ཞང་འཕེལ་རྒྱས་ལ་མཐོ་འདེགས་ཆེན་པོ་ཡོང་པར་འགན་ལེན་
ཡོད་དགོས། ཞང་གྲོང་རྡལ་གཙོ་བོའི་རྨང་གཞིའི་འཛུགས་སྐྲུན་ཡག་པོ་དང་། གྲོང་དང་གྲོང་རྡལ་གྱི་ས་ཐོག་ས་འོག་གི་དྲ་བ་འཛུགས་སྐྲུན་ཡག་པོ་བྱེད་པར་སྐུལ་འདེད་
བྱེད་དགོས། ཕྱོགས་བསྡུས་ཞབས་ཞུའི་ནུས་པ་འཐུས་ཚང་དང་།  རིག་གནས་བྱེད་སྒོའི་སྤེལ་ཡུལ་ཆ་ཚང་།  མི་སྡོད་ཁོར་ཡུག་ཇེ་ལེགས་སུ་བཏང་ནས་རྭ་རྒྱ་གྲོང་རྡལ་དེ་
ཐུན་མོང་མ་ཡིན་པའི་མཛེས་སྡུག་གི་གྲོང་ཁྱེར་གྲོང་རྡལ་དང"མགོ་ལོག་མུ་ཏིག"ཞིག་ཏུ་གྱུར་ཏེ།  མགོ་ལོག་ཕྱི་ཕྱོགས་སུ་བསྒྲགས་པའི་མཛེས་སྡུག་ལྡན་པའི་མིང་བྱང་
ཞིག་ཏུ་འགྱུར་དགོས་པར་བསྟན།



 
 
· ལིག་ཀྲིན་དབུས། 2018/5/11
· རྒྱལ་འབུམ་འཁྲུངས། 2018/5/11
· ལྷ་ཆེན་ཚེ་རིང་། 2018/5/11
· ཀརྨ་སྐྱིད། 2018/5/11
· ལུའོ་ཧུང་ལིན། 2018/5/11
· ལི་ཧྥུའུ་ཉེན། 2018/5/11
· 000 2019/11/28 14:58:49

2008-2012 པདྨ་རྫོང་མི་དམངས་སྲིད་གཞུང་། All Rights Reserved
09758322651 མགོ་ལོག པདྨ  ཆ་འཕྲིན་རབ་གསལ། :814100
པདྨ་རྫོང་མི་དམངས་སྲིད་གཞུང་།