ཚོགས་ཆེན་གཉིས་ཀྱི་ཆེད་དོན་ལེ་ཚན། པདྨ་རྫོང་མི་དམངས་སྲིད་གཞུང་།  
ཤོག་ངོས་དང་པོ། :> སྲིད་དོན་ཆ་འཕྲིན། > མགོ་ལོག
ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ལྷ་དབང་ཚེ་བརྟན་པདྨ་རྫོང་དུ་ཕེབས་ནས༢༠༡༩ལོའི་ཞིང་ཕྱུགས་ཆུ་བེད་ཀྱི་གཙོ་གནད་ལས་དོན་ལ་ལྟ་སྐུལ་ཞིབ་བཤེར་གནང་།
འབྱུང་ཁུངས།: 2019/7/16

 

     ཟླ7པའི་ཚེས13ཉིན། མགོ་ལོག་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ལྷ་དབང་ཚེ་བརྟན་བཅས་མི་དྲུག་པདྨ་རྫོང་དུ་ཕེབས་ནས2019ལོའི་ཞིང་ཕྱུགས་

ཆུ་བེད་སོགས་གཙོ་གནད་ལས་དོན་དང་རྣམ་གྲངས་འཛུགས་སྐྲུན་ཐད་ལྟ་སྐུལ་ཞིབ་བཤེར་བྱས།   ཟླ7པའི་ཚེས14ཉིན་རྫོང་སྲིད་གཞུང་གིས2019ལོའི་ཞིང་ཕྱུགས་ཆུ་བེད་
སོགས་ཀྱི་གཙོ་གནད་ལས་དོན་དང་རྣམ་གྲངས་དོན་འཁྱོལ་སྐུལ་འདེད་བྱས་པའི་གནས་ཚུལ་གྱི་ཁུལ་རིམ་པའི་ལྟ་སྐུལ་དང་བཀོད་སྒྲིག་ཚོགས་འདུ་བསྡུས།  རྫོང་མི་དམངས་
སྲིད་གཞུང་གི་རྫོང་དཔོན་གཞོན་པ་ལྷ་ཆེན་ཚེ་རིང་དང་ལི་ཧྥུའུ་ཉེན།  རྫོང་ཞིང་ཕྱུགས་ཆུ་བེད་ཚན་རྩལ་ཅུས།   རྫོང་རང་བྱུང་ཐོན་ཁུངས་ཅུས་དང་རྫོང་དབུལ་སྐྱོར་ཅུས། 
རྫོང་འཕེལ་བསྒྱུར་ཅུས་སོགས་ཀྱི་འགན་འཁུར་བ་ཁྱོན་བསྡོམས་མི17ཚོགས་འདུར་ཞུགས།
     ཚོགས་འདུའི་སྟེང་ཁུལ་དཔོན་གཞོན་པ་ལྷ་དབང་ཚེ་བརྟན་གྱིས2019ལོའི་ཞིང་ཕྱུགས་ཆུ་བེད་ཀྱི་ལས་དོན་ཐད་ལ་རེ་བ་འགའ་བཏོན།   གཅིག་ནི་གྲོང་གསེབ་དར་
སྤེལ་གཏོང་བའི་འཐབ་ཇུས་ཀྱི་ཐད།  པདྨ་རྫོང་གིས་དུས་ཐོག་ཏུ་གྲོང་གསེབ་དར་སྤེལ་གཏོང་བའི་མགོ་ཁྲིད་ཚན་ཆུང་བཙུགས་ཏེ།  པདྨ་རྫོང་གི་གྲོང་གསེབ་དར་སྤེལ་གཏོང་
བའི་འཐབ་ཇུས་འཆར་འགོད་སྒྲིག་བཟོ་བྱ་བའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བ། པཎ་ཆེན་སྡེ་བ་གྲོང་གསེབ་དར་སྤེལ་གཏོང་བའི་འཐབ་ཇུས་དཔེ་སྟོན་ཚོད་ལྟ་བྱེད་གནས་
ཀྱི་སྡེ་བ་རུ་གཏོང་བར་སྐུལ་འདེད་བཏང་སྟེ།  ཚོད་ལྟ་བྱེད་གནས་སྡེ་བའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་མཐའ་མའི་མཐུ་སྟོབས་ཡག་པོར་འདིང་བ་དང་། ཧུར་ཐག་
གིས་གྲོང་གསེབ་ཐོན་ལས་དར་སྤེལ་གཏོང་བའི་རྣམ་པ་གསར་པ་འཆར་འགོད་བྱེད་དགོས།
གཉིས་ནི་རོང་འབྲོག་ཁུལ་གྱི་མི་སྡོད་ཁོར་ཡུག་བཅོས་སྐྱོང་ཐད། ཁུལ་རིམ་པའི་ཇུས་
གཞི་གཞིར་བཟུང་སྟེ།   པདྨ་རྫོང་གི་མི་སྡོད་ཁོར་ཡུག་བཅོས་སྐྱོང་བྱ་བའི་ཇུས་གཞི་གང་མགྱོགས་ཀྱིས་བཏོན་ནས་བྱ་བའི་ལམ་ཕྱོགས་ཀྱི་དཔེ་རིས་དང་།  དུས་ཚོད་རེའུ་མིག
འགན་འཁུར་མཁན་བཅས་གཏན་ཁེལ་གསལ་པོ་བྱས་ནས་སྡེ་བའི་རྣམ་པ་ཇེ་ལེགས་སུ་གཏོང་དགོས།  གསུམ་ནི་རོང་འབྲོག་ཁུལ་གྱི་ཐུན་མོང་རྒྱུ་ནོར་བདག་དབང་ལམ་ལུགས་
བསྒྱུར་བཅོས་བྱེད་རྒྱུའི་ཐད། རོང་འབྲོག་ཁུལ་གྱི་ཐུན་མོང་རྒྱུ་ནོར་གཙང་བཤེར་དང་མ་རྩ་ཞིབ་རྩིས་བྱས་ནས་དག་ཐེར་བཅོས་སྐྱོང་བྱ་བ་ལེགས་པོར་སྒྲུབ་སྟེ། རྐང་དབང་ཚད་
འབེབས་དང་ཐུན་མོང་རྒྱུ་ནོར་དོ་དམ་བྱེད་གནས་བརྟན་པོའི་ངང་ཁྱབ་སྤེལ་གཏོང་དགོས། བཞི་ནི་སྐྱེ་ཁམས་ཕྱུགས་ལས་འཛུགས་སྐྲུན་ཐད། སྐྱེ་ཁམས་ཕྱུགས་ལས་མཉམ་ལས་
ཁང་གི་རྨང་གཞིའི་རང་བཞིན་གྱི་ལས་གཞི་སྣ་ཚོགས་དང་ཐོན་ལས་ཅན་གྱི་ལས་གཞི་སྣ་ཚོགས་སྐུལ་འདེད་བྱེད་པའི་ལས་དོན་མགྱོགས་མྱུར་ངང་སྤེལ་བ་དང་།    སྐྱེ་ཁམས་
ཕྱུགས་ལས་མཉམ་ལས་ཁང་གི་མ་རྐང་ལམ་ལུགས་ཀྱི་བསྒྱུར་བཅོས་ཏན་ཏིག་གིས་སྤེལ་བ། ཞང(གྲོང་རྡལ)གི་གཉེར་སྐྱོང་དོ་དམ་ས་ཚུགས་འཛུགས་པར་མཐུན་སྦྱོར་དང་།  སྡེ་
བའི(ཧྲེ)མཉམ་ལས་ཁང་གི་རྣམ་གྲངས་མ་དངུལ་དོ་དམ་ལ་ཧུར་ཐག་གིས་འགན་ཁུར་བ། ཆེད་ལས་མཉམ་ལས་ཁང་སྔར་ལས་ཚད་ལྡན་དུ་གཏོང་བ་བཅས་བྱས་ཏེ་ཞང(གྲོང་
རྡལ)རེ་ནས་ཉུང་མཐར་ཡང་ལས་བྱེད་མི་སྣ་གཉིས་གཏན་ཁེལ་བྱས་ཏེ། ཁུལ་རིམ་པའི་ངོས་ནས་དོ་དམ་ས་ཚུགས་ཀྱི་ལས་བྱེད་མི་སྣར་གསོ་སྦྱོང་བྱེད་པའི་འགན་ཁུར་རྒྱུ་དང་།  རྫོང་རིམ་པའི་ངོས་ནས་ཧྲེ་སོ་སོའི་ཐོ་འགོད་མི་སྣར་གསོ་སྦྱོང་བྱེད་པའི་འགན་ཁུར་རྒྱུ། ལྔ་ནི་ཕྱུགས་རིགས་འགན་བཅོལ་ལས་དོན་ཐད། དྲིལ་བསྒྲགས་སྐུལ་སློང་བྱེད་ཤུགས་ཆེ་
རུ་བཏང་ནས་རོང་འབྲོག་མང་ཚོགས་ཀྱིས་ཕྱུགས་རིགས་འགན་བཅོལ་ཉོ་སྒྲུབ་བྱེད་རྒྱུར་ཁྲིད་སྟོན་དང་གཞོགས་འདེགས་ཧུར་ཐག་བྱས་ཏེ། ཕྱུགས་རིགས་འགན་བཅོལ་གྱི་ལས་
དོན་ཚང་མ་སྤེལ་ཐུབ་པར་བྱས་ཏེ་རོང་འབྲོག་མང་ཚོགས་ཀྱི་རྒྱུ་ནོར་སྲུང་སྐྱོབ་ཐུབ་པའི་འགན་ལེན་བྱེད་དགོས། དྲུག་ནི་ནས་ནག་འདེབས་འཛུགས་ཀྱི་རྟེན་གཞིར་དོ་དམ་བྱེད་
རྒྱུའི་ཐད།  ནས་ནག་འདེབས་ཁྱོན་ལོ་རེ་བཞིན་ཆེ་རུ་འགྲོ་བ་དང་བསྟུན། ནས་ནག་འདེབས་འཛུགས་རྟེན་གཞིར་དོ་དམ་ཚད་ལྡན་བཟོ་བ་དང་།  ཚན་རིག་དང་མཐུན་པའི་
འདེབས་འཛུགས་བྱས་ཏེ་ཐོན་ཚད་མཐོ་རུ་གཏོང་རྒྱུ། བདུན་ནི་རྩྭ་ཐང་སྐྱེ་ཁམས་དོ་དམ་སྲུང་སྐྱོབ་མི་སྣའི་ཐད། རྩྭ་ཐང་སྐྱེ་ཁམས་དོ་དམ་སྲུང་སྐྱོབ་མི་སྣ་མཐུད་ཞུའི་བྱ་བ་རྗེས་
ཆོད་བྱེད་པ་མ་ཟད། རྩྭ་ཐང་སྐྱེ་ཁམས་དོ་དམ་སྲུང་སྐྱོབ་མི་སྣའི་གླ་ཕོགས་དུས་ཐོག་ཏུ་འདང་ངེས་སྤྲོད་རྒྱུ། དུས་མཚུངས་སུ་རྩྭ་ཐང་སྐྱེ་ཁམས་དོ་དམ་སྲུང་སྐྱོབ་མི་སྣའི་བྱ་བའི་
འགན་འཁྲི་ཚད་ལྡན་དུ་བཏང་སྟེ།  རྩྭ་ཐང་སྐྱེ་ཁམས་དོ་དམ་སྲུང་སྐྱོབ་མི་སྣའི་འགན་ནུས་ཀྱི་ཕན་འབྲས་འདོན་སྤེལ་ནན་ཏན་བྱ་དགོས།  བརྒྱད་ནི་ཞིང་ལས་དངུལ་བུན་གྱི་
ཁག་ཐེག་ཐད།  ཧུར་བརྩོན་གྱིས་ཁུལ་ཞིང་འགན་ཀུང་སི་དང་སྦྲེལ་མཐུད་བྱས་ཏེ།  སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་དང་ཞིང་འབྲེལ་ཁེ་ལས་ལ་དངུལ་གྲངས་ཉུང་བའི་
དངུལ་བུན་གཏོང་བ་དང་།   སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་དང་ཞིང་འབྲེལ་ཁེ་ལས་འཕེལ་རྒྱས་གཏོང་བར་མ་དངུལ་གྱི་འགན་སྲུང་འདོན་སྤྲོད་བྱ་དགོས།  དགུ་ནི་
བཏུང་ཆུའི་སྤུས་ཚད་ཞིབ་དཔྱད་ཚད་ལེན་བྱེད་རྒྱུའི་ཐད། གང་མགྱོགས་སྒོས་བྱང་སྒྲུབ་ཚགས་འཇུག་བྱས་པའི་དབུལ་ཁྱིམ་གྱི་བཏུང་ཆུའི་སྤུས་ཚད་ཞིབ་དཔྱད་ཚད་ལེན་བྱེད་
པ་དང་།  དུས་མཚུངས་སུ་བཏུང་ཆུའི་སྤུས་ཚད་ཞིབ་དཔྱད་ཁྱབ་ཁོངས་རྒྱ་བསྐྱེད་དེ་བྱང་སྒྲུབ་ཚགས་འཇུག་མིན་པའི་ཁྱིམ་ཚང་ལ་ཡང་ཁྱབ་པར་བྱ་དགོས།
    
ཚོགས་འདུ་གྲོལ་རྗེས་ཞིབ་བཤེར་ཚན་ཆུང་གིས་ཚན་ཆུང་བགོས་ནས་ཞང(གྲོང་རྡལ)སོ་སོ་རུ་སྐྱོད་དེ་ཡུལ་དངོས་ནས་མདོ་གོང་མ་ཞང་གི་ཕྱུགས་སྐྱུར་རྩ་འདེབས་ཀྱི་
ལས་གཞི་དང་ས་ནག་བཅོས་སྐྱོང་ལས་གཞི་ལ་ཞིབ་བཤེར་བྱས་པ་དང་།  དྷི་མདའ་ཞང་གི་ལུག་གྲོད་ཤ་མོ་འདེབས་འཛུགས་རྟེན་གཞི་དང་།  ཡར་ཐང་ཞང་གི་ནས་ནག་
འདེབས་འཛུགས་རྟེན་གཞི།  སེ་ལེ་ཐང་གྲོང་རྡལ་གྱི་བཏུང་ཆུའི་མགོ་ཁུངས་སྲུང་སྐྱོབ་བྱེད་རྒྱུ་སོགས་ཀྱི་བྱ་བའི་གནས་ཚུལ་ལ་ཞིབ་བཤེར་བྱས།




 
 
· ལིག་ཀྲིན་དབུས། 2018/5/11
· རྒྱལ་འབུམ་འཁྲུངས། 2018/5/11
· ལྷ་ཆེན་ཚེ་རིང་། 2018/5/11
· ཀརྨ་སྐྱིད། 2018/5/11
· ལུའོ་ཧུང་ལིན། 2018/5/11
· ལི་ཧྥུའུ་ཉེན། 2018/5/11
· 000 2019/11/28 14:58:49

2008-2012 པདྨ་རྫོང་མི་དམངས་སྲིད་གཞུང་། All Rights Reserved
09758322651 མགོ་ལོག པདྨ  ཆ་འཕྲིན་རབ་གསལ། :814100
པདྨ་རྫོང་མི་དམངས་སྲིད་གཞུང་།