ཚོགས་ཆེན་གཉིས་ཀྱི་ཆེད་དོན་ལེ་ཚན། པདྨ་རྫོང་མི་དམངས་སྲིད་གཞུང་།  
ཤོག་ངོས་དང་པོ། :> ས་གནས་རིག་གནས་དང་ལོ་རྒྱུས།
མགོ་ལོག་པདྨ་རྫོང་གི་དམར་དམག་ལུང་པའི་གནའ་ཤུལ་ལོ་རྒྱུས་མཚམས་སྦྱོར་མདོར་བསྡུས།
འབྱུང་ཁུངས།: 2019/7/15

     མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པདྨ་རྫོང་གི་ཡར་ཐང་ཡུལ་ཚོའི་ཁོངས་ཀྱི་ཡ་མཛི་ཞེས་པའི་ལུང་བ་སྟེ་སའི་གོ་ལའི་ཤར་གྱི་གཞུང་ཚད༡༠༠ ° ༤༩`༣༤ .༠༣"དང་
བྱང་གི་
འཕྲེད་ཚད༣༢ ° ༤༦`༢༧.༠༤"ཡི་མཚམས་སུ་ཡོད། པདྨ་རྫོང་མཁར་ནས་ཤར་ལྷོའི་ཕྱོགས་སུ་ལམ་ཐག་སྤྱི་ལེ༤༢ཡས་མས་སུ་ཡོད།  སྔོན་མགོ་ལོག་གིས་མཚོ་སྔོན་གྱི་
མཱ་པུའུ་ཧྥང་གི་ལོག་སྤྱོད་དམག་དཔུང་ལ་ཤི་གསོན་གྱི་
འཐབ་འཛིང་བྱེད་བཞིན་པའི་སྐབས་ཏེ། སྤྱི་ལོ༡༩༣༦ལོར་དམག་སྤྱི་ཀྲུའུ་ཏེ་ཡིས་སྣེ་ཁྲིད་པའི་དམར་དམག་ཉིས་ཁྲི་ལྷག་
སི་ཁྲོན་དཀར་མཛེས་ནས་གནས་འདིར་ཕེབས་ཤིང་།    ཕལ་ཆེར་ཉིན་ཉི་ཤུ་ལྷག་ལ་བསྡད་རྗེས་ཡ་མཛིའི་ལུང་བ་འདི་བརྒྱུད་ནས་རྔ་བའི་ཕྱོགས་ལ་ཕེབས་སོང་བ་དེ་དམར་
དམག་བགྲོད་རིམ་གྱི་ཆ་ཤས་ཤིག་ཏུ་གྱུར། སྤྱི་ལོ༡༩༤༩ལོའི་ཟླ༡༠ཚེས༡ཉིན་ཀྲུང་གོ་གསར་པ་དབུ་བརྙེས་རྗེས་སྐབས་དེར་ཞིང་ཆེན་བཞིའི་བར་མཚམས་སུ་ཡོད་པའི་མགོ་ལོག་
བོད་ཁུལ་བཅིངས་གྲོལ་བྱེད་པར་ཀྲུང་དབྱང་མི་དམངས་ལས་དོན་ཨུ་ཡོན་ལྷན་ཁང་གིས་རྒྱ་བསྐྱེད་ཚོགས་འདུ་བསྡུས་ཏེ་ཏང་ཀྲུང་དབྱང་དང་ཀྲུང་དབྱང་མི་དམངས་སྲིད་
གཞུང་གི་མཛུབ་སྟོན་ལྟར་སི་ཁྲོན་དང་ཀན་སུའུ།   ཁམས།    མཚོ་སྔོན་བཅས་ཞིང་ཆེན་བཞིའི་མཐའ་མཚམས་ས་ཆའི་བྱ་བའི་གནད་དོན་ལ་གྲོས་བསྡུར་བྱས་པ་མ་ཟད།
<<ཞིང་ཆེན་བཞིའི་མཐའ་མཚམས་ཀྱི་བྱ་བའི་སྐོར་གྱི་བཀོད་སྒྲིག>>གྲུབ་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ནུབ་བྱང་ཅུའུ་དང་ལྷོ་ནུབ་ཅུའུ། མཚོ་
སྔོན་དང་སི་ཁྲོན་གྱི་འབྲེལ་ཡོད་བློ་མཐུན་བཀྲ་ཤིས་དབང་ཕྱུག་དང་བྱ་རྒོད་སྟོབས་ལྡན།  ཐེན་པོའམ་སངས་རྒྱས་ཡེ་ཤེས་སོགས་ལ་མགོ་ལོག་བཅིངས་གྲོལ་བྱེད་པའི་ཐད་ལ་
ཁོ་ཚོའི་བསམ་འཆར་བསྡུ་ལེན་བྱས་ཏེ་ཞིང་ཆེན་བཞིའི་དཀྱིལ་དུ་ཡོད་པའི་མགོ་ལོག་ས་ཆར་ཞི་བའི་བཅིངས་གྲོལ་དང་སྲིད་དབང་འཛུགས་པར་བཀོད་སྒྲིག་བྱས།   མཐར་
ཀྲུང་དབྱང་གིས་ཐག་བཅད་པ་སྟེ། གཅིག མགོ་ལོག་མཚོ་སྔོན་ཞིང་ཆེན་གྱི་ཁོངས་གཏོགས་བྱེད་རྒྱུ། གཉིས། ནུབ་བྱང་ཅུས་མགོ་ལོག་ལས་དོན་ཨུ་ཡོན་ལྷན་ཁང་དང་མགོ་ལོག་
ལས་བྱེད་ཚོགས་པ་འཛུགས་རྒྱུ། གསུམ། མགོ་ལོག་ལ་དམིགས་བསལ་གྱི་སྲིད་ཇུས་ལག་ལེན་བྱེད་རྒྱུ་བཅས་སོ།།

     དེ་རྗེས་སྤྱི་ལོ༡༩༥༤ལོའི་ཟླ༡ཚེས༡ཉིན་མགོ་ལོག་བཅིངས་གྲོལ་བྱས་ནས་མགོ་ལོག་བོད་རིགས་རང་སྐྱོང་ལྗོངས་དངོས་སུ་བཙུགས་པ་ཡོངས་བསྒྲགས་བྱས་ཤིང་དེ་ནས་
བཟུང༡༩༥༨ལོའི་བར་དུ་སྔ་གཞུག་ཏུ་མགོ་ལོག་གི་ས་ཁུལ་ཡོངས་ལ་པདྨ་དང་གཅིག་སྒྲིལ། དར་ལག དགའ་བདེ། རྨ་ཆེན་དང་རྨ་སྟོད་བཅས་རྫོང་ཁག་དྲུག་བཙུགས་པ་དང་
སྔོན་མགོ་ལོག་གི་ཕྱོགས་གཏོགས་ཚོ་བ་འཛི་སྐ་འཛམ་ཐང་དང་རྔ་བ། གསེར་རྟ། མུ་ར། ཕྱག་ཆུང་། ཨ་སྐྱོང་དཔོན་མོ་སང་གི་རུ་སྡེ། ད་དུང་མགོ་ལོག་གསེར་ཐལ་ནས་གྱེས་
པའི་རྨེ་བ་ཚོ་བ་བཅས་ནི་སི་ཁྲོན་ཞིང་ཆེན་དང་ཀན་སུའུ་ཞིང་ཆེན། མཚོ་སྔོན་གྱི་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་ཆུ་དམར་ལེབ་དང་ཁྲི་འདུ་རྫོང་གི་ཁོངས་སུ་བཅད།

     དེས་ན། དམར་དམག་ལུང་པ་ནི་ཀྲུང་གོ་གུང་ཁྲན་ཏང་གི་དམག་དཔུང་མགོ་ལོག་ཏུ་དང་པོར་ཕེབས་པའི་ས་ཡིན་པ་མ་ཟད། དེང་སང་མཚོ་སྔོན་ཞིང་ཆེན་གྱི་གསར་
བརྗེའི་ཡུལ་སྐོར་གྱི་ས་གནས་གཅིག་པུར་གྱུར་ཡོད། སྤྱི་ལོ༡༩༨༦ལོར་ཞིང་ཆེན་རིམ་པའི་རིག་དངོས་སྲུང་སྐྱོབ་སྡེ་ཁག་གི་གྲལ་དུ་བཞག་ཅིང་། ༢༠༡༢ལོར་མཚོ་སྔོན་ཞིང་ཆེན་
ཏང་ཨུའི་དྲིལ་བསྒྲགས་པུའུ་ཡིས་མཚོ་སྔོན་ཞིང་ཆེན་གྱི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་གནས་གཞི་ཡི་མཚན་བྱང་གནང་།  ༢༠༡༣ལོར་ཀྲུང་གུང་མཚོ་སྔོན་ཞིང་ཆེན་
གྱི་ཏང་གི་སློབ་གྲྭ་དང་སྲིད་འཛིན་སློབ་གླིང་།  སྤྱི་ཚོགས་རིང་ལུགས་ཀྱི་སློབ་གླིང་བཅས་ཀྱི་སློབ་གསོ་དང་ལག་ལེན་གྱི་གནས་གཞིར་གཏན་ལ་ཕབས། ༢༠༡༣ལོའི་ཟླ༡༠བར་
མཚོ་སྔོན་ཞིང་ཆེན་གྱི་ཏང་གི་སློབ་གྲྭའི་སྐབས༤༧པའི་ཀྲུང་གུང་མཚོ་སྔོན་ཏང་གི་འཛིན་གྲྭའི་མི༤༠ལྷག་གནས་འདིར་ཕེབས་ནས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་ 
མྱངས་ལ།
 ༢༠༠༥ལོའི་ཟླ༧པར་པདྨ་རྫོང་གི་དམར་དམག་ཡུལ་སྐོར་འགྲེམས་སྟོན་ཁང་ལེགས་འགྲུབ་བྱུང་བའི་ནང་དུ་སྔོན་ཆད་དམར་དམག་གི་ཤུལ་བཞག་གནའ་རྫས་དུ་
མ་བཞག་ཅིང་སྐབས་དེའི་རྣམ་པ་རི་མོའི་གཟུགས་སུ་ཕབ་ནས་ཡུལ་སྐོར་ལྗོངས་རྒྱུ་བ་དག་ལ་ཉམས་སུ་མྱོང་བར་བྱེད་པའི་ཆ་རྐྱེན་དུ་བསྐྲུན་ཡོད།

                                                                                   པདྨ་རྫོང་གི་རི་ཆུའི་རིག་གནས་ལས་བཤུས།



   


 



 
 
· ལིག་ཀྲིན་དབུས། 2018/5/11
· རྒྱལ་འབུམ་འཁྲུངས། 2018/5/11
· ལྷ་ཆེན་ཚེ་རིང་། 2018/5/11
· ཀརྨ་སྐྱིད། 2018/5/11
· ལའོ་ཧོང་ལིན། 2018/5/11
· ལི་ཧྥུ་ཉན། 2018/5/11
· མཚོ་སྔོན་ཀན་སུའུ་སི་ཁྲོན་མཐའ་འ 2019/8/23

2008-2012 པདྨ་རྫོང་མི་དམངས་སྲིད་གཞུང་། All Rights Reserved
09758322651 མགོ་ལོག པདྨ  ཆ་འཕྲིན་རབ་གསལ། :814100
པདྨ་རྫོང་མི་དམངས་སྲིད་གཞུང་།