ཚོགས་ཆེན་གཉིས་ཀྱི་ཆེད་དོན་ལེ་ཚན། པདྨ་རྫོང་མི་དམངས་སྲིད་གཞུང་།  
ཤོག་ངོས་དང་པོ། :> བརྡ་སྦྱོར།བརྡ་ཁྱབ།
༄༅།། ཅི་ཞིག་ལ་མདོག་གསུམ་པདྨ་ཟེར།
འབྱུང་ཁུངས།: 2018/6/20 15:30:28

     དམར་མདོག་གི་པདྨ་ནི་སྔོན་བྱོན་དཔའ་བོའི་ཞབས་རྗེས་ཕབ་མྱོང་ལ། རླབས་ཆེན་གྱི་ཀྲུང་གོ་གསར་བའི་དོན་དུ་རང་སྲོག་དམར་བོ་ཡང་བཏང་མྱོང་བའི་དཔའ་བོ་གང་མང་

ཞིག་རྒྱང་བསྐྱོད་ལ་བརྒྱུད་མྱོང་བ་ནི་མཚོ་སྔོན་ནས་རང་རེའི་པདྨ་ཡིན་ཏེ། ང་ཚོས་སྔོན་བྱོན་དཔའ་བོའི་མཛད་རྗེས་ལ་སློབ་སྦྱོང་དང་རྗེས་སུ་ཡི་རང་བྱས་པ་དང་། ང་ཚོས་ཀྱང་ངེས་

པར་དུཐོག་མའི་བསམ་འདུན་མི་བརྗེད་པར།    དུས་རབས་གསར་བས་ང་ཚོ་ལ་བཅངས་པའི་འགན་འཁྲི་ཡིད་ལ་དམ་པོར་བཅངས་ནསགསར་བརྫེའི་སྔོན་གཤེགས་དམར་
དམག་གི་མཛད་རྗེས་དང་བློ་སྤོབས་ཡིད་ལ་དམ་པོ་བཅངས་དགོས། 
     གསེར་མདོག་གི་པདྨ་ནི་ང་ཚོར་ཆ་རྒྱུས་གསལ་བོ་ཡོད་པ་ཞིག་སྟེ།  ནང་བའི་གྲུབ་མཐའ་གཙོ་བྱས་པའི་དགོན་སྡེ་ཉི་ཤུ་ལྷག་དང་། ནང་བ་སངས་རྒྱས་པའི་ཆོས་ལུགས་དང་
རིག་གནས་མ་ལག་གི་རྫོངས་མཐུག་ལ། དེས་སྤྱི་ཚོགས་བདེ་འཇགས་དང་མི་རིགས་མཐུན་སྒྲིལ་ལ་བཏོན་པའི་ནུས་པ་བསམ་གྱིས་མི་ཁྱབ་པ་ཞིག་ཡིན།
    
ལྗང་མདོག་གི་པདྨ་ནི་རི་ཆུ་ནགས་གསུམ་གྱི་ཕྱིའི་བཀོད་པ་རྒྱ་ཆེ་ལ། ནང་བཅུད་ཀྱི་སེམས་ཅན་རི་སྐྱེས་སྲོག་ཆགས་སྣ་མང་བ་མ་ཟད། གདོད་མའི་ནགས་ཚལ་གྱི་གཞི་རྒྱ་ཆེ་
ཞིང་། ལྷག་ཏུ་ནས་ཀྱང་སྨར་ཁོག་བརླན་ས་སྤྱི་གླིང་སོགས་ནི་ཞིང་ཆེན་ནང་ཁུལ་ནས་ཀྱང་གཞི་རྒྱ་ཆེ་ཤོས་ཡིན་ལ། པདྨའི་གངས་ལྗོངས་བོད་ཇ་སོགས་ཞིང་ཆེན་ཕྱི་ནང་ལ་མངོན་
ཆོག་ཆོག་གི་རང་བྱུང་ཁམས་ཆེན་མོས་གནང་བའི་ལེགས་སྐྱེས་རྩ་ཆ་
ཆེན་ཏག་ཏག་ཡོད་པ་རེད།






 
 
· ལིག་ཀྲིན་དབུས། 2018/5/11
· རྒྱལ་འབུམ་འཁྲུངས། 2018/5/11
· ལྷ་ཆེན་ཚེ་རིང་། 2018/5/11
· ཀརྨ་སྐྱིད། 2018/5/11
· ལའོ་ཧོང་ལིན། 2018/5/11
· ལི་ཧྥུ་ཉན། 2018/5/11
· པདྨ་རྫོང་གི་དམར་དམག་རྒྱང་སྐྱོད 2019/8/16

2008-2012 པདྨ་རྫོང་མི་དམངས་སྲིད་གཞུང་། All Rights Reserved
09758322651 མགོ་ལོག པདྨ  ཆ་འཕྲིན་རབ་གསལ། :814100
པདྨ་རྫོང་མི་དམངས་སྲིད་གཞུང་།