ཚོགས་ཆེན་གཉིས་ཀྱི་ཆེད་དོན་ལེ་ཚན། པདྨ་རྫོང་མི་དམངས་སྲིད་གཞུང་།  
ཤོག་ངོས་དང་པོ། :--> སྲིད་དོན་ཆ་འཕྲིན། > རྒྱལ་སྤྱི།
༄༅།།ཞི་ཅིན་ཕིང་སོཊ་ནས་འཇར་མན་གྱི་ཙུང་ལི་མོ་ཁེར་དང་གྲོས་མོལ་གནང་།
འབྱུང་ཁུངས།: 2018/5/25

  ༄༅།།ཞི་ཅིན་ཕིང་སོཊ་ནས་འཇར་མན་གྱི་ཙུང་ལི་མོ་ཁེར་དང་གྲོས་མོལ་གནང་།

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤྱི་ཚེས༢༤ཉིན་མི་དམངས་ཚོགས་ཁང་ཆེན་མོར་འཇར་མན་གྱི་ཙུང་ལི་མོ་ཁེར་དང་མཇལ་འཛོམས་གནང་ཡོད།  ཞི་ཅིན་ཕིང་གིས་མོ་ཁེར་ནས་ཀྲུང་གོར་འཚམས་འདྲི་ཐེངས་བཅུ་གཅིག་པ་གནང་བར་ཕེབས་པར་དགའ་བསུ་ཞུས་གནང་བ་དང་།  མོ་ཁེར་ནས་ཀྲུང་གོ་དང་འཇར་མན་གྱི་འབྲེལ་བར་མཐོང་ཆེན་པོ་གནང་བར་བསྔགས་བརྗོད་གནང་ཡོད།  

   ཞི་ཅིན་ཕིང་གིས་སྤྱི་ལོ༢༠༡༤ལོར།  ཀྲུང་གོ་དང་འཇར་མན་བར་ཁྱོན་ཡོངས་འཐབ་ཇུས་རོགས་པའི་འབྲེལ་བ་བཙུགས་ཚུན།  རྒྱལ་ཁབ་གཉིས་པོའི་འབྲེལ་བ་གོང་འཕེལ་ཆེན་པོ་བྱུང་བ་དང་།  མཉམ་ལས་ཀྱི་ཁྱབ་རྒྱ་དང་གཏིང་ཚད་སྔར་ན་མེད་པའི་ཆུ་ཚད་ལ་སླེབས་ཡོད།  ཀྲུང་གོའི་ཕྱོགས་ནས་འཇར་མན་ཕྱོགས་དང་ཐུན་མོང་ཐོག་འབད་བརྩོན་བྱས་པ་བརྒྱུད་ཕྱོགས་གཉིས་འབྲེལ་བ་མཐོ་ཚད་གསར་པའི་ཐོག་སླེབས་རྒྱུར་སྐུལ་འདེད་ཟམ་མི་ཆད་པ་གཏོང་འདོད་ཡོད་ཅེས་གསུངས་གནང་ཡོད།

   ཞི་ཅིན་ཕིང་གིས་ཀྲུང་གོ་དང་འཇར་མན་རྒྱལ་ཁབ་གཉིས་པོ་མཉམ་ལས་མཉམ་རྒྱལ་གྱི་དཔེ་སྟོན་པ་དང་།  ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བའི་སྣེ་ཁྲིད་པ།  རྒྱལ་སྤྱིའི་འབྲེལ་བ་གསར་པར་སྐུལ་འདེད་གཏོང་མཁན།  འདུ་ཤེས་འཛིན་སྟངས་ཀྱི་ཧེ་བག་ལས་བརྒལ་བའི་མཉམ་ལས་པ་བཅས་ལ་འགྱུར་བ་བྱེད་དགོས།  དེ་ནི་ཕྱོགས་གཉིས་པོས་དུས་མཚམས་རྗེས་མར་རྒྱལ་ཁབ་གཉིས་པོའི་འབྲེལ་བར་སྐུལ་འདེད་གཏོང་བའི་ཐུན་མོང་འབད་བརྩོན་བྱེད་པའི་ཁ་ཕྱོགས་ཤིག་ཡིན་པས།  ང་ཚོས་འཇར་མན་ཕྱོགས་ནས་ཀྲུང་གོའི་རེས་འཁོར་གསར་པའི་སྒོ་དབྱེའི་གོ་སྐབས་དམ་འཛིན་བྱ་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན།  ཕྱོགས་གཉིས་པོས་ཚན་རྩལ་གསར་སྐྲུན་གྱིས་ཁྲིད་སྟོན་བྱས་ཏེ།  ཐུན་མོང་ཐོག་ལས་དོན་ཆེན་པོ་སྒྲུབ་པ་དང་། ཐོན་ལས་ཆེན་པོ་ལེགས་གྲུབ་བྱེད་པ། ཁྲོམ་ར་ཆེན་པོ་གཏོད་པ་བཅས་བྱེད་པ་དང་།  ཕྱོགས་གཉིས་པོས་འབྱུང་འགྱུར་གྱི་ཐོན་ལས་ཁྱབ་ཁོངས་ནང་མཉམ་ལས་དེ་བས་མང་བ་བྱས་ཏེ་ཕྱོགས་གསུམ་པའི་ཁྲོམ་ར་མཉམ་དུ་གསར་འབྱེད་བྱེད་ཆོག  ང་ཚོས་འཇར་མན་ཕྱོགས་དང་ཕྱོགས་མང་སྒྲོམ་གཞིའི་འོག་མཉམ་དུ་འཛམ་གླིང་ཧྲིལ་པོའི་བཅོས་སྐྱོང་དང་ཕྱོགས་མང་རིང་ལུགས་ལ་སྐུལ་འདེད་གཏོང་བ་དང་།  ཀུན་གྱིས་དོ་ཁུར་བྱེད་པའི་གནད་དོན་དང་དཀའ་གནད་ཐག་གཅོད་བྱེད་པའི་ཐད་འབྲེལ་གཏུག་མཉམ་ལས་ལ་ཤུགས་སྣོན་རྒྱག་འདོད་ཡོད།  ཀྲུང་གོའི་ཕྱོགས་ཀྱིས་འཇར་མན་ཕྱོགས་ནས་རྒྱུད་གཅིག་ལམ་གཅིག་གི་གྲོས་འགོར་རྒྱབ་སྐྱོར་བྱས་པར་བསྔགས་བརྗོད་ཞུ་རྒྱུ་དང་།  འཇར་མན་གྱི་ཁེ་ལས་ནས་དེའི་ནང་ཧུར་ཐག་ཞུགས་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་ནན་བཏོན་གནང་ཡོད།

 མོ་ཁེར་གྱིས་ང་རང་ནས་འཇར་མན་གྱི་ཙུང་ལིའི་འགན་གནས་སྟུད་མར་འཁུར་རྗེས་འཕྲལ་མར་ཀྲུང་གོར་འཚམས་འདྲིར་ཡོང་རྒྱུ་བྱུང་བར་དགའ་ཚོར་ཆེན་པོ་བྱུང་།  འཇར་མན་དང་ཀྲུང་གོའི་འབྲེལ་བ་དུས་རབས་གསར་པར་སླེབས་ཟིན་པ་དང་།  འཇར་མན་ཕྱོགས་ནས་ཀྲུང་གོས་སྒོ་འབྱེད་གཏིང་ཟབ་བྱས་པ་ལས་བྱུང་བའི་གོ་སྐབས་གསར་པར་དམ་འཛིན་དང་།  འཇར་མན་དང་ཀྲུང་གོའི་ཉོ་ཚོང་མ་འཇོག་མཉམ་ལས་རྒྱ་ཆེར་གཏོང་འདོད་ཡོད།  མིག་སྔའི་འཛམ་གླིང་དུས་བབ་ལ་འགྱུར་བ་ཆེན་པོ་བྱུང་བའི་རྒྱབ་ལྗོངས་འོག  འཇར་མན་དང་ཀྲུང་གོ་རྒྱལ་ཁབ་གཉིས་པོས་རྒྱལ་སྤྱིའི་བྱ་དོན་ཁྲོད་ཀྱི་འབྲེལ་གཏུག་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་དགོས་ཞེས་གསུངས་པ་རེད།

  ཕྱོགས་གཉིས་པོས་ད་དུང་རྒྱལ་སྤྱིའི་ཉོ་ཚོང་དང་།  དབྱི་རན་གྱི་རྡུལ་ཉིང་གནད་དོན་སོགས་ཐུན་མོང་ཐོག་དོ་ཁུར་བྱེད་པའི་གནད་དོན་ཐད་གཟིགས་སྟངས་བརྗེ་རེས་གནང་ཡོད།

   སྤྱི་ཚེས་༢༤ཉིན།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོར་ཀྲུང་གོར་དངོས་གཞིའི་འཚམས་འདྲི་གནང་བར་ཕེབས་པའི་འཇར་མན་གྱི་ཙུང་ལི་མོ་ཁེར་དང་གླེང་མོལ་གནང་ཡོད།

   ལི་ཁེ་ཆང་གིས་རྒྱལ་ཁབ་གཉིས་པོའི་སྐབས་གསར་པའི་སྲིད་གཞུང་གིས་ཕྱོགས་གཉིས་པོའི་ཁྱབ་ཁོངས་མང་པོའི་སྒྲིག་གཞིའི་རང་བཞིན་གྱི་སྐད་ཆ་ཤོད་རེས་ཀྱི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་སྔར་ལས་ལྷག་པ་བྱེད་པ་དང་།  ལོ་འདིའི་ནང་འཚོག་རྒྱུའི་རེས་སྐོར་གསར་པའི་ཀྲུང་གོ་དང་འཇར་མན་སྲིད་གཞུང་གི་གྲོས་མོལ་ཡག་པོ་གཉེར་བ།  ནོར་དཔལ་དང་།  ཉོ་ཚོང་།  མ་འཇོག   བདེ་འཇགས་སོགས་ཁྱབ་ཁོངས་ནང་གི་འབྲེལ་གཏུག་སྤེལ་རེས་ལ་ཤུགས་སྣོན་རྒྱག་དགོས།  གྲངས་གཞི་ཅན་དང་གསར་སྐྲུན་མཉམ་ལས་ཀྱིས་ཁྲིད་སྟོན་བྱེད་པ་དང་།  མི་ཐབས་ལ་བརྟེན་པའི་རིག་ནུས་དང་།  ནུས་ཁུངས་གསར་པའི་རླངས་འཁོར།  འཁོར་སྦྲེལ་དྲ་བ།  རང་འགུལ་རླངས་འཁོར་སོགས་གསར་དར་ཐོན་ལས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ།  རིག་ནུས་བཟོ་སྐྲུན་སོགས་ཁྱབ་ཁོངས་ཀྱི་ཞིབ་བཟོའི་མཉམ་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་བྱེད་པ།  ཐུན་མོང་ཐོག་མཉམ་ལས་སྟེགས་བུའམ་ཡང་ན་ཞིབ་བཟོའི་ལྟེ་གནས་འཛུགས་རྒྱུར་གྲོས་བསྡུར་བྱེད་པ།  རྒྱལ་ཁབ་གཉིས་པོའི་ཚན་རྩལ་སྡེ་ཁག་གིས་གསར་སྐྲུན་མཉམ་ལས་ཀྱི་བསམ་ཤེས་བརྗེད་ཐོར་མིང་རྟགས་འགོད་རྒྱུར་རྒྱབ་སྐྱོར་བྱེད་པ།  ཀྲུང་གོ་དང་འཇར་མན་གྱིས་མཉམ་ལས་བྱས་པའི་སྒུལ་བྱེད་འཕྲུལ་འཁོར་གསར་པ་གཏོད་དགོས།  ཀྲུང་གོ་སྲིད་གཞུང་གིས་ཀྲུང་གོ་དང་འཇར་མན་གྱིས་དངོས་གཞིའི་སློབ་མ་གཏོང་རེས་བྱེད་པའི་འཆར་གཞིར་རྒྱབ་སྐྱོར་བྱེད་པ།  ཆེད་ལས་རྩལ་ནུས་ཐད་ཕན་ཚུན་སློབ་སྦྱོང་བྱེད་པ།  བཟོ་པའི་སྙིང་སྟོབས་དར་སྤེལ་གཏོང་བ་བཅས་བྱེད་དགོས་ཞེས་གསུངས་པ་རེད།

   གྲོས་མོལ་མ་གནང་གོང་།  ལི་ཁེ་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོའི་ཕྱི་རོལ་ཐང་ཆེན་ཐོག་མོ་ཁེར་ལ་དགའ་བསུ་ཞུ་བའི་མཛད་སྒོ་གཉེར་ཡོད།  ཉིན་དེའི་སྔ་དྲོར།  ལི་ཁེ་ཆང་གིས་མོ་ཁེར་དང་ཞོགས་ཟས་ཚོགས་འདུ་འཚོགས་ནས་ཀྲུང་གོ་དང་འཇར་མན་དང་།  ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བ།  དེ་བཞིན་ཐུན་མོང་ཐོག་དོ་ཁུར་བྱེད་པའི་གནད་དོན་ཐད་གཟིགས་སྟངས་བརྗེ་རེས་གཏིང་ཟབ་གནང་ཡོད།  གྲོས་མོལ་མཇུག་སྒྲིལ་རྗེས་ཕྱོགས་གཉིས་པོས་ལྷན་དུ་གསར་འགོད་པར་མཇལ་འཕྲད་གནང་ཡོད།

   ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་ཀྱི་མཉམ་ལས་སྐོར་གྱི་དྲི་བར་ལན་བསྐྱོན་སྐབས་ལི་ཁེ་ཆང་གིས་བཅུ་དྲུག་གཅིག་སྣོན་མཉམ་ལས་ཀྱིས་ཡོ་རོབ་མནའ་འབྲེལ་ནང་ཁུལ་གྱི་ཧེ་བག་ཆུང་དུ་གཏོང་བ་དང་།  དོ་སྙོམས་གོང་འཕེལ་དང་ཡོ་རོབ་གཞི་གཅིག་ཅན་གྱི་འཕེལ་རིམ་མངོན་འགྱུར་ཡོང་བར་ཕན་ཐོགས་ཡོད།  ཀྲུང་གོའི་ཕྱོགས་ནས་སྔ་བར་ཕྱི་གསུམ་དུ་ཡོ་རོབ་གཞི་ཅིག་ཅན་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་ཀྱི་ཡོད་པ་དང་།  མཐུན་སྒྲིལ་དང་།  བརྟན་ལྷིང་།  དར་རྒྱས་བཅས་ཀྱི་ཡོ་རོབ་མནའ་འབྲེལ་དང་སྟོབས་ཆེ་བའི་ཡོ་རོབ་ཀྱི་སྒོར་མོ་ཞིག་ཡོང་བ་ནི་ཀྲུང་གོའི་རྩ་བའི་ཁེ་ཕན་དང་མཐུན་གྱི་ཡོད་པའི་ངོས་འཛིན་གནང་ཡོད།  བཅུ་དྲུག་གཅིག་སྣོན་མཉམ་ལས་ནི་སྔ་ཕྱི་བར་གསུམ་དུ་ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བ་དང་ཡོ་རོབ་མནའ་འབྲེལ་གྱི་འབྲེལ་ཡོད་ཁྲིམས་ལུགས་ཁྲིམས་སྲོལ་གྱི་སྒྲོམ་གཞིའི་འོག་སྤེལ་བ་ཞིག་ཡིན་པས་དེ་ནི་སྒོ་འབྱེད་དང་ཁ་གསལ་ཞིག་ཡིན་ཞེས་གསུངས་པ་རེད།  

   མོ་ཁེར་གྱིས་བཅུ་དྲུག་ཐོག་གཅིག་སྣོན་གྱི་མཉམ་ལས་ནི་ཕན་ཐོགས་ཡོད་པའི་མཉམ་ལས་སྟེགས་བུ་ཞིག་ཡིན་པ་དང་།  ཡོ་རོབ་དབུས་ཤར་རྒྱལ་ཁབ་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུར་ཕན་ཐོགས་ཡོད།  ཡོ་རོབ་དབུས་ཤར་རྒྱལ་ཁབ་དང་ཀྲུང་གོས་བཟང་ཆ་གསབ་རེས་དང་།  མཉམ་ལས་བྱེད་པ་ནི་ཡོ་རབ་མནའ་འབྲེལ་ནང་ཁུལ་གྱི་འཛུགས་སྐྲུན་ལ་ཕན་ཐོགས་ཡོད་པའི་ཁ་གསབ་ཅིག་ཡིན་པ་ལས་ཡོ་རོབ་མནའ་འབྲེལ་ཁ་ཐོར་གཏོང་བ་ཞིག་མིན་ཞེས་བསྟན་ཡོད། 

   ལི་ཁེ་ཆང་དང་མོ་ཁེར་གྱིས་ད་དུང་ཐུན་མོང་ཐོག་ཀྲུང་གོ་དང་འཇར་མན་གྱི་དཔལ་འབྱོར་བློ་འདྲི་ཨུ་ཡོན་ལྷན་ཁང་གི་བཞུགས་མོལ་ཚོགས་འདུར་ཞུགས་པ་དང་།  ཕྱོགས་གཉིས་པོའི་ཁེ་ལས་མཁས་པའི་འཐུས་མིས་སྤེལ་བའི་གཏམ་བཤད་གསན་གྲུབ་རྗེས་གསུང་བཤད་གནང་ཡོད།

  ལི་ཁེ་ཆང་གིས་ཀྲུང་གོ་དང་འཇར་མན་ནི་ཁག་སོ་སོར་ཨེ་ཤེ་ཡ་དང་ཡོ་རོབ་སྐམ་ས་ཆེན་མོའི་མཐའ་གཉིས་ཀྱི་དཔལ་འབྱོར་མ་ལག་ཆེ་ཤོས་ཡིན་པས།  ཐུན་མོང་ཐོག་སྒྲིག་སྲོལ་གྱིས་རྨང་གཞི་བྱས་པའི་ཕྱོགས་མང་ཉོ་ཚོང་མ་ལག་ལ་སྲུང་སྐྱོབ་དང་།  དར་ཆ་གསལ་སྟོན་ངང་སྲུང་སྐྱོབ་རིང་ལུགས་དང་ཕྱོགས་རྐྱང་པའི་རིང་ལུགས་ལ་ངོ་རྒོལ་བྱེད་པ།  ཉོ་ཚོང་དང་མ་འཇོག་རང་མོས་ཅན་དང་སྟབས་བདེ་ཅན་ལ་སྲུང་སྐྱོབ་བྱེད་པ་བཅས་ཀྱི་འགན་འཁྲི་ཡོད་ཅེས་བསྟན་ཡོད་པ་དང་།  ལི་ཁེ་ཆང་གིས་ཀྲུང་གོའི་སྒོ་དབྱེ་རིམ་བཞིན་ཆེ་རུ་གཏོང་གི་ཡོད།  ང་ཚོས་ཕྱི་ཕྱོགས་མ་རྩའི་དངུལ་རྩའི་ལས་ཁུངས་ཀྱིས་ཀྲུང་གོར་ལས་སྒོ་གཉེར་བའི་ཁྱབ་ཁོངས་རྒྱ་ཆེར་གཏོང་བ་དང་།  དངུལ་ཁང་དང་དངུལ་འཛིན།  འགན་བཅོལ་ལས་རིགས་བཅས་ཀྱི་ཕྱི་ཕྱོགས་མ་རྩའི་མ་རྐང་བསྡུར་ཚད་ཀྱི་ཚོད་འཛིན་ལྷུག་ཏུ་གཏོང་བ།  རླངས་འཁོར་ལས་རིགས་ཀྱི་ཕྱི་ཕྱོགས་མ་རྩའི་མ་རྐང་བསྡུར་ཚད་ཚད་གཞི་རིམ་བཞིན་ལྷུག་ཏུ་གཏོང་བ།  ཕྱི་རྒྱལ་གྱི་རླངས་འཁོར་དང་སྨན་རྫས་ཁག་གཅིག་ནང་འདྲེན་བྱེད་པའི་འགག་སྒོའི་དཔྱ་ཁྲལ་དམའ་རུ་ཤུགས་ཆེན་གཏོང་བ་སོགས་བྱ་རྒྱུ་ཡིན།  འཇར་མན་གྱི་ཁེ་ལས་ནས་བཟང་ཆ་འདོན་སྤེལ་བྱས་ཏེ།  སྔོན་ལ་གོ་སྐབས་བཟུང་རྒྱུའི་རེ་བ་ཡོད་ཅེས་བསྟན་ཡོད་པ་དང་།  

  ལི་ཁེ་ཆང་གིས་སྒོ་དབྱེ་ནི་ཕྱོགས་གཉིས་པོས་ཕན་ཚུན་སྒོ་འབྱེད་བྱེད་པ་ཞིག་ཡིན།  གཞན་ལ་སྒོ་བརྒྱབ་ཚེ།  རང་ཉིད་ཀྱི་ལམ་བུའང་འགོག་སྲིད།  འཇར་མན་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ལས་ནས་འཇར་མན་དུ་མ་འཇོག་བྱས་ཏེ་བྱ་གཞག་གོང་འཕེལ་གཏོང་རྒྱུར་དེ་བས་འདྲ་མཉམ་དང་སྟབས་བདེའི་ཁོར་ཡུག་སྐྲུན་རྒྱུའི་རེ་བ་ཡོད་ཅེས་ནན་བཤད་གནང་ཡོད།

  རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་ཡིས་སྤྱི་ཚེས་༢༤ཉིན་མི་དམངས་ཚོགས་ཁང་ཆེན་མོར་འཇར་མན་གྱི་ཙུང་ལི་མོ་ཁེར་དང་མཇལ་འཛོམས་གནང་ཡོད།  ལི་ཀྲན་ཧྲུའུ་ཡིས་རྒྱལ་ཁབ་གཉིས་པོའི་ཁྲིམས་འཛུགས་ལས་ཁུངས་ཀྱིས་ཕན་ཚུན་སྤྱི་ཚོགས་ལམ་ལུགས་དང་གོང་འཕེལ་འགྲོ་ལམ་ལ་བསམ་ཤེས་ཟབ་ཏུ་གཏོང་བ་དང་།  ཁྲིམས་འཛུགས་ཉམས་མྱོང་མཉམ་སྤྱོད་བྱས་ཏེ།  ཕྱོགས་གཉིས་འབྲེལ་བའི་གོང་འཕེལ་ཆེད་དྲང་ནུས་སྣོན་དགོས་ཞེས་བསྟན་ཡོད་པ་རེད།  

 
· ༄༅།། པདྨ་རྫོང་ནང་བསྟན་མཐུན་ཚོག 2018/9/3
· ༄༅།། པདྨ་རྫོང་གི་བོད་ཇ་དང་རྫ་ན 2018/6/3
· ༄༅།། པད་མ་རྫོང་གི་དམར་དམག་རྒྱང 2018/12/17
· ༄༅།། མཚོ་སྔོན་ཞིང་ཆེན་སྲིད་གྲ 2018/12/17
· ༄༅།། ཧཱ་མཱ་སི་ཡིས་ཕཱ་ལེ་སི་ཐན་ 2018/12/17
· ༄༅།། ཀྲུང་དབྱང་དྲིལ་སྒྲོག་པུའུ 2018/12/17
· ༄༅།། པད་མ་རྫོང་གི་དམར་དམག་རྒྱ 2018/12/17

2008-2012 པདྨ་རྫོང་མི་དམངས་སྲིད་གཞུང་། All Rights Reserved
09758322651 མགོ་ལོག པདྨ  ཆ་འཕྲིན་རབ་གསལ། :814100
པདྨ་རྫོང་མི་དམངས་སྲིད་གཞུང་།