ཚོགས་ཆེན་གཉིས་ཀྱི་ཆེད་དོན་ལེ་ཚན། པདྨ་རྫོང་མི་དམངས་སྲིད་གཞུང་།  
ཤོག་ངོས་དང་པོ། :--> དཔལ་འབྱོར་འཛུགས་སྐྲུན།
༄༅།།རྫོང་དཔོན་ལིག་ཀྲིན་དབུས་ཀྱིས་འབྲེལ་ཡོད་སྡེ་ཁག་དག་གི་སྣེ་ཁྲིད་ནས་སེ་ལེ་ཐང་གྲོང་རྡལ་ནས་ཡུལ་དངོས་ལས་སྒྲུབ་མཛད།
འབྱུང་ཁུངས།: 2018/5/6

༄༅།།  རྫོང་དཔོན་ལིག་ཀྲིན་དབུས་ཀྱིས་འབྲེལ་ཡོད་སྡེ་ཁག་དག་གི་སྣེ་ཁྲིད་ནས་སེ་ལེ་ཐང་གྲོང་རྡལ་ནས་ཡུལ་དངོས་ལས་སྒྲུབ་མཛད།


    ཟླ5བའི་ཚེས6ཉིན།རྫོང་དཔོན་ལིན་ཀྲིན་དབུས་ལགས། རྒྱལ་འབུམ་འཁྲུངས་རྒྱུན་ལས་རྫོང་དཔོན་གཞོན་པ་དང་ལོ་ཧོན་ལིན་རྫོང་དཔོན་གཞོན་པས་ཕེབས་རོགས་འོག་རྫོང་སྲིད་གཞུང་གཞུང་ལས་ཁང་དང་།སྡོད་ཁང་འཛུགས་སྐྲུན་ཅུས།ནགས་ལས་ཅུས།རྒྱལ་ཐོན་ཅུས།སེ་ལེ་ཐང་གྲོང་རྡལ་སོགས་ལས་ཁུངས་ཀྱི་འགན་འཛིན་པ་དག་སྣེ་ཁྲིད་ནས།སྔ་གཞུག་ཏུ་གཏིང་ཟབ་པའི་སྒོས་རྫོང་མཁར་རིག་རྩལ་ལམ་དང་།དམངས་དཀྱིལ་ལམ།རྫོང་འཁོར་ཤར་ལམ།སྟག་མཁར་གནས་སྤོར་ས་ཚུགས།སེ་ལེ་ཐང་གྲོང་རྡལ་སྲིད་གཞུང་།ཏང་གི་སློབ་གྲྭའི་ཁྱིམ་མིའི་ར་བ་སོགས་ས་གནས་ཀྱི་རྣམ་གྲངས་འཛུགས་སྐྲུན་ས་བཀོལ་དང་།སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ།གྲོང་དང་གྲོང་གསེབ་ཀྱི་རྒྱལ་ཐོན་ལྗང་བསྒྱུར།ས་བསྡུ་བཤིག་སྤོར་སོགས་ཀྱི་ནང་དོན་ལ་ཡུལ་དངོས་ནས་ལས་བསྒྲུབས་མཛད། གནས་རེ་རེར་སླེབས་དུས།རྫོང་དཔོན་ལིག་ཀྲིན་དབུས་ཀྱིས་ཧ་ཅང་ཞིབ་ཚགས་ཀྱིས་བྱ་བའི་མགྱོགས་མྱུར་ཚད་ལ་འདྲི་རྩད་གནང་བ་མ་ཟད།ལས་ཁུངས་རེ་རེའི་གནས་ཚུལ་ཡར་ཞུ་ལ་གསན། ཡུལ་དངོས་ནས་སེ་ལེ་ཐང་གྲོང་རྡལ་དམངས་དཀྱིལ་ཤར་ནུབ་ལམ་དང་དམངས་དཀྱིལ་ཟམ་པ་འཛུགས་སྐྲུན་བཟོ་སྐྲུན་ལ་གཟིགས་ཞིབ་གནང་བའི་སྐབས་སུ། ཁོང་གིས་ནན་གྱིས་བསྟན་དོན། ང་ཚོས་ངེས་པར་དུ་དུས་ལྟར་ཚད་མཐོ་བའི་ངང་བཟོ་སྐྲུན་ལ་རྩིས་བཤེར་ངོས་ལེན་བྱ་དགོས་པ་མ་ཟད།རྒྱུ་སྤུས་ལ་འགན་སྲུང་གིས་རྣམ་གྲངས་འཛུགས་སྐྲུན་བྱ་བ་ལེགས་འགྲུབ་ཡོང་བར་བྱ་དགོས།མིག་སྔར་གྱི་ལས་ཚུགས་གོ་རིམ་ཁྲོད་གནས་པའི་གནས་སྐབས་ཀྱི་ས་བསྡུ་བཀོལ་སྤྱོད་དང་།གློག་སྡོང་།ཤིང་སྡོང་སོགས་གནད་དོན་ལ་དམིགས་ནས།གཏིང་ཟབ་སྒོས་ཞིབ་འཇུག་དང་རིགས་བགོས་གསེད་བཀྲོལ།བྱེད་ཐབས་ཞིབ་ཕྲ།རྣམ་གྲངས་རེ་བཞིན་ཐག་གཅོད་བྱ་བ་དང་།དངོས་མཐུན་སྒོས་དངོས་འཛིན་དོན་འཁྱོལ་དང་མགྱོགས་མྱུར་སྐུལ་འདེད་ཀྱིས། ཉིན་བདུན་གྱི་ནང་ས་བསྡུ་དོན་འཁྱོལ་དང་ཤིང་སྡོང་སྤོར་འཛུགས། གློག་སྡོང་གནས་སྤོར་སོགས་ཀྱི་བྱ་བ་དོན་འཁྱོལ་ཡོང་བར་བྱ་དགོས་ལ།ལས་ཚུགས་ལས་ཁུངས་ཀྱིས་འཛུགས་སྐྲུན་ཚར་བའི་རྗེས་སུ་ས་བཀོལ་སླར་གསོ་ཡིས། ཁོར་ཡུག་སྲུང་སྐྱོབ་ཀྱི་ཚད་གཞི་ལོན་པར་བྱ་དགོས། པདྨ་རྫོང་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བཟོ་སྐྲུན་འཛུགས་སྐྲུན་རྣམ་གྲངས་ལ་གཟིགས་ཞིབ་གནང་དུས།ཁོང་གིས་བསྟན་དོན།བརླན་ས་སྤྱི་གླིང་ནི་ཆེས་ལེགས་པའི་དམངས་ཚིས་བཟོ་སྐྲུན་ཞིག་ཡིན་ལ།བཟོ་སྐྲུན་ལེགས་འགྲུབ་ན་རང་རྫོང་གི་མཛེས་པའི་ཡུལ་ལྗོངས་ཤིག་ཡིན།རྣམ་གྲངས་ལས་ཚུགས་དུས་སུ་ངེས་པར་དུ་གཟབ་ནན་སྒོས་འཆར་འགོད་བཟོ་སྐྲུན་ལྟར་ལས་ཚུགས་འཛུགས་སྐྲུན་བྱ་དགོས་ལ།རྒྱུ་སྤུས་བདེ་འཇགས་གནད་དུ་བཟུང་ནས།ཐོན་སྐྱེད་བདེ་འཇགས་དོན་རྐྱེན་མི་འབྱུང་བྱ་དགོས།ལས་ཚུགས་ལས་ཁུངས་ཀྱིས་ཆུ་རྙོག་ཕྱི་གཏོང་གནད་དོན་ཐག་གཅོད་ནན་མོ་སྒོས༎ ཆུ་རྙོག་ཆུ་གཞུང་ལ་གཏོང་བར་བཀག་འགོག་བྱ་དགོས་པ་དང་།ལམ་ངོས་དང་ཆུ་ངོས་དག་གཙང་ལ་རྒྱུན་འཁྱོངས་བྱ་དགོས།རྫོང་ཞིབ་བཤེར་ལས་ཁུངས་ཀྱིས་དངོས་མཐུན་སྒོས་སྒེར་གཉེར་ཚོང་ཁང་ལ་གཟབ་ནན་གྱིས་སྒོ་མདུན་འགན་གསུམ་ལམ་ལུགས་དོན་འཁྱོལ་བྱ་དགོས་ལ།གོམ་གང་མདུན་སྤོས་ཀྱིས་ཁང་བའི་རྒྱབ་ཀྱི་གད་སྙིགས་དང་དངོས་ཟོག་ཙག་ཙིག།ལམ་ནང་ནཚོང་གཉེར་བྱས་པ།འཁོར་སྣུམ་གང་སར་བྱོ་བ་སོགས་ཀྱི་ལས་ལ་གཙང་སེལ་བཅོས་བསྒྱུར་གྱིས།གཟབ་ནན་སྒོས་སྐྱེ་ཁམས་སྔོན་ལ་འཕེལ་རྒྱས་ཀྱི་འདུ་ཤེས་དོན་འཁྱོལ་བྱ་དགོས། དེ་དང་མཉམ་དུ་རྒྱལ་ཐོན་ཁོར་སྲུང་སྡེ་ཁག་གིས་ལོ་སྔོན་མར་གཏན་འཁེལ་གྱི་ཁང་རྒྱབ་ཚད་གཞི་ཡི་བར་ཐག་ས་བབ་དོན་འཁྱོལ་དང་།ར་བ་ཞིག་གསོ་བྱ་བ་ལེགས་པོར་བསྒྲུབ་དགོས་ལ། ཁྱབ་ཁོངས་འཆར་བགོ་ལེགས་པོར་བསྒྲུབ་པ་དང་། བར་མཚམས་གཏན་འཁེལ་བྱས་ནས།སྤྱི་བདེ་ལས་ཁུངས་དང་མཉམ་འབྲེལ་སྒོས་ར་བ་གཏོར་བཤིག་དང་གང་འདོད་དུ་ཆུ་ལམ་གྱི་ས་སོགས་སྣོག་པའི་ཁྲིམས་འགལ་བྱ་སྤྱོད་ལ་རྡུང་རྡེག་ནན་མོ་གཏོང་དགོས།  སྟག་མཁར་གནས་སྤོར་ས་ཚུགས་ལ་གཟིགས་ཞིབ་གནང་བའི་སྐབས་སུ།ཁོང་གིས་བསྟན་དོན།ཕྱོགས་ཡོངས་ནས་རྣམ་གྲངས་འཛུགས་སྐྲུན་བྱ་བ་ལེགས་པོར་བསྒྲུབ་དགོས་ལ། འཕེལ་རྒྱས་གང་ལེགས་ཀྱིས་གནས་བཟང་བོ་འདིར་བཀོལ་སྤྱོད་བྱ་དགོས།ཁྲིམས་མཐུན་འཛུགས་སྐྲུན་གྱིས་འཛུགས་སྐྲུན་རྒྱ་ཁྱོན་གཏན་ཁེལ་དང་། གཏན་ནས་གང་འདོད་དུ་རྒྱས་བསྐྲུན་མི་བྱ་བ་དང་སྲིད་གཞུང་གི་ས་བཀོལ་ལ་བཙན་བཟུང་བྱེད་པར་བཀག་འགོག་བྱ་དགོས།ཁྲིམས་འགལ་སྒྲིག་འགལ་གྱི་འཛུགས་སྐྲུན་ལ་མགྱོགས་མྱུར་གྱིས་བཤིག་སྤོར་བརྡ་ཡིག་བསྒྲག་པ་དང་། སྲིད་གཞུང་བྱེད་ནུས་སྡེ་ཁག་གི་ཁྲིམས་ལྟར་སྲིད་འཛིན་དབང་ཆ་བཀོལ་སྤྱོད་ཀྱི་སྐབས་སུ། ལོ་སྔོན་མར་གཏན་ཁེལ་བྱས་པའི་ཇུས་གཞི་ལྟར་བཤིག་སྤོར་བྱ་བ་དང་། བཤིག་སྤོར་བརྡ་ཡིག་དང་ལེན་མི་བྱ་བའི་ཁྱིམ་བདག་ལ། ཁྲིམས་ལྟར་བཅའ་ཁྲིམས་ཀྱི་རིམ་པ་བཞིན་འགྲོ་ལུགས་བསྒྲུབ་དགོས།  དེའི་རྗེས་སུ་ལས་སྒྲུབ་ཚོགས་པས་སེ་ལེ་ཐང་གྲོང་རྡལ་གྱི་ལས་བྱེད་ཀྱི་གཞུང་ལས་ཁང་དང་། ཞབས་ཞུའི་ལྟེ་གནས་སོགས་ལ་གཟིགས་ཞིབ་གནང་ལ། ཁོང་གིས་བསྟན་དོན། དཀའ་སྤྱད་འབད་བརྩོན་གྱི་བྱ་བའི་གཤིས་ཀ་དར་སྤེལ་གཏོང་བ་དང་། དཀའ་སྡུག་ལ་མི་སྐྲག་མི་འཇིགས་པ་བྱ་དགོས། རྗེས་ཕྱོགས་སུ་རང་རྫོང་གི་གཞུང་ལས་ཁང་གི་ཆ་རྐྱེན་ནང་། ཐབས་ཤེས་སྣ་ཚོགས་སྒོས་དཔེ་ཀློག་ཁང་དང་བྱ་འགུལ་ལྟེ་གནས་དཀོན་པ་སོགས་ཀྱི་གནད་དོན་ཐག་གཅོད་ཀྱིས་དོན་འཁྱོལ་ཡོང་བར་བྱ་དགོས།  ཏང་གི་སློབ་གྲྭའི་ཁྱིམ་མི་ར་བའི་བཤིག་སྤོར་ཡུལ་དངོས་ལ་གཟིགས་ཞིབ་གནང་དུས། ཁོང་གིས་ནན་ཏན་གྱིས་བསྟན་དོན། བཤིག་སྤོར་བྱ་བ་དཀའ་ཁག་ཆེ་ལ་འགན་འཁྲི་ལྗིད་མོད།དོན་སྙིང་ཕུན་སུམ་ཚོགས་པ་ལྡན་ལ། མིག་རྒྱང་ཕྱོགས་ཡོངས་ལ་འབབ་དགོས། འདི་ནི་གྲོང་དང་གྲོང་གསེབ་འཕེལ་རྒྱས་འཆར་འགོད་ལ་འབྲེལ་བ་ཟབ་མོ་ཡོད་ལ། དམངས་ཚིས་བདེ་སྐྱིད་ལ་འབྲེལ་བ་ཟབ་མོ་ཡོད་ལ།དམངས་ཕན་དམངས་ཚིས་ལ་ཕན་པའི་བྱེད་སྒོ་ཞིག་ཡིན། བཤིག་སྤོར་ཚན་ཆུང་གིས་དངོས་མཐུན་སྒོས་འགན་འཁྲི་ནན་མོས། རང་རྫོང་གི་བཤིག་སྤོར་ཇུས་འགོད་ལྟར་བཤིག་སྤོར་བྱ་དགོས་ལ། བཤིག་སྤོར་ཁྱིམ་ཚང་བདེ་འགོད་ཁ་གསབ་གནད་དོན་སོགས་དོན་འཁྱོལ་ལེགས་པོ་སྒོས། འབྲོག་པ་མང་ཚོགས་ཀྱི་འཚོ་བར་བདེ་སྐྱིད་ལྡན་པར་འབད་དགོས། 

 
· ༄༅།། པདྨ་རྫོང་གི་བོད་ཇ་དང་རྫ་ན 2018/6/3
· ༄༅།། མཚོ་སྔོན་གྱིས་ཞིང་ཆེན་ཡོང 2018/7/19 17:51:07
· ༄༅།།སྐབས་དང་པོའི་ཀྲུང་གོའི་སྨན 2018/7/19
· ༄༅།། ཞི་ཅིན་ཕིང་གིས་ཨ་རབ་མཉམ་འ 2018/7/19 17:35:05
· ༄༅།།ཞིང་ཆེན་རིག་ལྷན་གྱིས་པདྨ་ན 2018/7/19
· ༄༅།། མཚོ་སྔོན་ཞིང་ཆེན་སྒྲིག་ཁྲ 2018/7/19 17:22:02
· ༄༅།།པདྨ་རྫོང་གིས་ལས་བྱེད་པའི་ས 2018/7/19

2008-2012 པདྨ་རྫོང་མི་དམངས་སྲིད་གཞུང་། All Rights Reserved
09758322651 མགོ་ལོག པདྨ  ཆ་འཕྲིན་རབ་གསལ། :814100
པདྨ་རྫོང་མི་དམངས་སྲིད་གཞུང་།