ཚོགས་ཆེན་གཉིས་ཀྱི་ཆེད་དོན་ལེ་ཚན། པདྨ་རྫོང་མི་དམངས་སྲིད་གཞུང་།  
ཤོག་ངོས་དང་པོ། :--> དཔལ་འབྱོར་འཛུགས་སྐྲུན།
༄༅།། རྫོང་དཔོན་ལིག་ཀྲིན་དབུས་ཀྱིས་སྟག་མཁར་ཞང་གི་གནད་ཁེལ་དབུལ་སྐྱོར་དང་ཆུ་ལམ་བཅོས་སྐྱོང་སོགས་ཉེ་ལམ་གལ་ཆེན་བྱ་བའི་སྐུལ་འདེད་ཚོགས་འདུ་བསྡུས།
འབྱུང་ཁུངས།: 2018/5/8

  ༄༅།། རྫོང་དཔོན་ལིག་ཀྲིན་དབུས་ཀྱིས་སྟག་མཁར་ཞང་གི་གནད་ཁེལ་དབུལ་སྐྱོར་དང་ཆུ་ལམ་བཅོས་སྐྱོང་སོགས་ཉེ་ལམ་གལ་ཆེན་བྱ་བའི་སྐུལ་འདེད་ཚོགས་འདུ་བསྡུས།


     སྟག་མཁར་ཞང་གི་གཞན་ཡུལ་གནས་སྤོར་རྣམ་གྲངས་འཛུགས་སྐྲུན་བྱས་པ་ནས་ད་ལྟའི་བར་དུ་བཟོ་སྐྲུན་གྱི་འཕེལ་ཚད་དལ་བ་དང་འཕེལ་རིམ་ཚད་མི་འདྲ་བ།ཐ་ན་རྣམ་གྲངས་གཞན་དག་གིས་དུས་ལྟར་བཟོ་ལས་མ་འགྲུབ་པར་ཞིབ་བཤེར་རྩིས་ལེན་བྱས་པ་དང་ཆུ་ལམ་གཙང་བཤེར་བྱས་པ་རྗེས་ལུས་ཡིན་པ།གོམ་གང་མདུན་སྤོས་ཀྱིས་དབུལ་སྐྱོར་རྣམ་གྲངས་འཛུགས་སྐྲུན་དང་ཁྱོན་ཡོངས་ནས་རང་རྫོང་གི་དབུལ་ཐར་མཁྲེགས་གཏོར་ཡོང་བར་སྐུལ་འདེད་གཏོང་བ།ཆུ་ལམ་གཙང་བཤེར་བྱས་ནས་ཆུ་བོ་ཤར་བགྲོད་བྱེད་པར་ཁག་ཐེག་དང་ཆུ་ངོས་གཙང་ལ་གྲལ་དག་པ་རྒྱུན་འཁྱོངས་བྱ་ཆེད།ཟླ5བའི་ཚེས8ཉིན་གྱི་སྔ་དྲོར། རྫོང་དཔོན་ལིག་ཀྲིན་དབུས་ཀྱིས་རྒྱུན་ལས་རྫོང་དཔོན་གཞོན་པ་རྒྱལ་འབུམ་འཁྲུངས་དང་རྫོང་དཔོན་གཞོན་པ་ལྷ་ཆེན་ཚེ་རིང་དང་མ་རྟ་མགྲིན། རྫོང་རྒྱལ་ཁོངས་ཅུས།རྫོང་དབུལ་སྐྱོར་ཅུས།སྟར་མཁར་ཞང་སོགས་ལས་ཁུངས་ཀྱི་འགོ་ཁྲིད་དང་སྟག་མཁར་ཞང་རྣམ་གྲངས་འཛུགས་སྐྲུན་འགན་འཁུར་མི་སྣ་བཅས་བསྡུས་ནས་སྟར་མཁར་ཞང་གི་གནད་ཁེལ་དབུལ་སྐྱོར་དང་ཆུ་ལམ་གཙང་བཤེར་བྱེད་པའི་སྐུལ་འདེད་བཀོད་སྒྲིག་ཚོགས་འདུ་བསྡུས།

   སྟར་མཁར་ཞང་གཞན་ཡུལ་གནས་སྤོར་གྱི་རྣམ་གྲངས་ཁྲོད་གནས་པའི་གནད་དོན་ལ་དམིགས་ནས་རྫོང་དཔོན་ལིག་ཀྲིན་དབུས་ཀྱིས་བསྟན་དོན། དབུལ་ཐར་མཁྲེགས་གཏོར་བྱ་བ་ནི་ཧ་ཅང་གལ་ཆེན་གྱི་འཐབ་ཇུས་འགན་འཁུར་ཞིག་ཡིན་པ་དང་། དབུལ་ཐར་མཁྲེགས་གཏོར་ལས་རྒྱལ་བ་ནི་ང་ཚོས་རྫོང་ཡོངས་ཀྱི་མི་དམངས་དང་ལྷག་པར་དུ་དཀའ་ཁག་ཅན་གྱི་དམངས་ཚོགས་ལ་བཏོན་པའི་གཟབ་ནན་གྱི་དམ་བཅའ་ཡིན་ལ།ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་ངེས་ཅན་གྱི་ལས་འགན་ཡང་ཡིན།གཅིག་ནས་བསམ་བློའི་འདུ་ཤེས་མཐོར་འདེགས་གཏོང་བ་དང་དབུལ་ཐར་མཁྲེགས་གཏོར་ལས་རྒྱལ་བ་དེ་ཆབ་སྲིད་ཀྱི་ལས་འགན་ཐོག་མ་རུ་འཇོག་པ།གཉིས་ནས་གནད་དོན་གྱི་ཁྲིད་ཕྱོགས་ལ་ཤུགས་སྣོན་རྒྱག་པ་དང་མི་འདང་སར་ཁ་གསབ་རྒྱག་པ།  དུས་ལྟར་བཅོས་བསྒྱུར་བྱེད་རྒྱུ།བྱ་བ་ཞིབ་ཚགས་དང་ནན་ཏན་གྱིས་བསྒྲུབ་ནས་དབུལ་ཐར་དམིགས་འབེན་འགན་འཁྲི་དུས་ལྟར་འགྲུབ་རྒྱུ།  འབྲེལ་ཡོད་སྡེ་ཁག་གི་འགོ་ཁྲིད་ཀྱིས་བསམ་བློ་ཞིབ་མོ་གཏོང་བ་དང་ཇུས་འགོད་བཟོས་ནས་བྱ་བའི་ཁྲོད་བྱུང་བའི་གནད་དོན་ལ་ཞིབ་འཇུག་དང་ཐག་གཅོད་བྱེད་པ།གསུམ་ནས་མང་གྲོས་ཐབས་བསྡུ་དང་ལེགས་ཆ་འཚོལ་བསྡུ་གང་མང་བྱས་ཏེ་སྔར་ལས་ཐབས་ཇུས་ཡག་པོ་དོན་འཁྱོལ་བྱས་ནས་རྣམ་གྲངས་ཀྱི་དམིགས་འབེན་ལེགས་འགྲུབ་ཡོང་རྒྱུ། ཆུ་ལམ་བཅོས་སྐྱོང་གི་གནད་དོན་ལ་དམིགས་ནས་ཁོང་གིས་ནན་གྱིས་བསྟན་དོན། ཆུ་རྒྱུན་དོ་དམ་སྲུང་སྐྱོབ་བྱ་བར་ཤུགས་སྣོན་བྱས་ནས་ཁོངས་གཏོགས་ཀྱི་འགན་འཁྲི་གཙོ་བོ་ལག་བསྟར་བྱེད་པ།ཡུན་ཕན་ལྡན་པའི་དོ་དམ་བདག་སྐྱོང་ལམ་སྲོལ་བཙུགས་ནས་རང་རྫོང་གི་རྒྱུན་མཐུད་སྐྱེ་ཁམས་དཔལ་ཡོན་སྔོན་ཐོན་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ།   

    འབྲེལ་ཡོད་སྡེ་ཁག་སོ་སོའི་གཅིག་ནས་ཕན་ཚུན་མཐུན་སྦྱོར་དང་གཞོགས་འདེགས་བྱས་ནས་ཆུ་ལམ་གཙང་སྦྲ་དང་གྲལ་དག་པ།བདེ་འཇགས་སོགས་གཙོ་བོ་ཡིན་པའི་འགན་འཁྲི་དང་ཆུ་ངོས་དང་ཆུ་ངོགས་བཅས་ན་གད་སྙིགས་སོགས་མེད་པར་བྱས་ནས་ཁྱོན་ཡོངས་ནས་ཆུ་ལམ་བཅོས་སྐྱོང་བྱ་བ་ལེགས་འགྲུབ་ཡོངས་རྒྱུ།གཉིས་ནས་ནན་ཏན་གྱིས་ཆུ་དཔོན་ལམ་ལུགས་ཀྱི་བྱ་བའི་ལམ་ལུགས་ལག་བསྟར་བྱེད་པ་དང་ཆུ་ལམ་ཕྱོགས་བསྡུས་བཅོས་སྐྱོང་ལ་ཞིབ་འཇུག་བྱས་ནས་ཆུ་བོ་གཅིག་ལ་སྲིད་ཇུས་གཅིག་ཡོད་པའི་ཐབས་ཇུས་བཟོ་བར་མ་ཟད་ཕྱོགས་བསྡུས་བཅོས་སྐྱོང་བྱས་ནས་མི་དང་རྒྱུ་ནོར་ལ་གནོད་ཚེ་བྱུང་བར་སྔོན་འགོག་བྱེད་རྒྱུ།གསུམ་ནས་ནན་ཏན་གྱིས་ཆུ་ལམ་འཛུགས་སྐྲུན་དང་དོ་དམ་འགན་འཁུར་ལག་བསྟར་བྱས་ནས་ཧུར་ཐག་གིས་ཆུ་ལམ་དང་ཐོན་ཁུངས་དོ་དམ་སོགས་ཆུའི་སྐྱེ་ཁམས་སླར་གསོ་ཐབས་ཇུས་སྤེལ་བ།ཉིན་རྒྱུན་ཆུ་ལམ་སྲུང་སྐྱོབ་ལ་ཤུགས་སྣོན་རྒྱག་རྒྱུ།

 
· ༄༅།། པདྨ་རྫོང་གི་བོད་ཇ་དང་རྫ་ན 2018/6/3
· ༄༅།། མཚོ་སྔོན་གྱིས་ཞིང་ཆེན་ཡོང 2018/7/19 17:51:07
· ༄༅།།སྐབས་དང་པོའི་ཀྲུང་གོའི་སྨན 2018/7/19
· ༄༅།། ཞི་ཅིན་ཕིང་གིས་ཨ་རབ་མཉམ་འ 2018/7/19 17:35:05
· ༄༅།།ཞིང་ཆེན་རིག་ལྷན་གྱིས་པདྨ་ན 2018/7/19
· ༄༅།། མཚོ་སྔོན་ཞིང་ཆེན་སྒྲིག་ཁྲ 2018/7/19 17:22:02
· ༄༅།།པདྨ་རྫོང་གིས་ལས་བྱེད་པའི་ས 2018/7/19

2008-2012 པདྨ་རྫོང་མི་དམངས་སྲིད་གཞུང་། All Rights Reserved
09758322651 མགོ་ལོག པདྨ  ཆ་འཕྲིན་རབ་གསལ། :814100
པདྨ་རྫོང་མི་དམངས་སྲིད་གཞུང་།