ཚོགས་ཆེན་གཉིས་ཀྱི་ཆེད་དོན་ལེ་ཚན། པདྨ་རྫོང་མི་དམངས་སྲིད་གཞུང་།  
ཤོག་ངོས་དང་པོ། :--> མགོ་ཁྲིད་རབ་གསལ། > སྲིད་གཞུང་།
ལིག་ཀྲིན་དབུས།
འབྱུང་ཁུངས།: 2018/5/11




 

 

ལིག་ཀྲིན་དབུས།   ཕོ།   རྒྱ་རིགས།   1969ལོའི་ཟླ4བར་མཚོ་སྔོན་ལུའོ་ཏུའུ་རྫོང་དུ་སྐྱེས།

སློབ་གཉེར་བརྒྱུད་རིམ།    ཉིན་གང་ལམ་ལུགས་ཀྱི་སློབ་གསོ།     

ལས་ཐོག་སློབ་གསོ།   ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་ཞིབ་འཇུག་སློབ་མ །   མཚོ་སྔོན་ཞིང་ཆེན་ཨུའི་ཏང་གི་སློབ་གྲྭའི་ཞིབ་འཇུག་སློབ་མ་སྤྱི་ཚོགས་རིག་པའི་ཆེད་ལས་སྡེ་ཁག་ནས་སློབ་གཉེར་བྱས།

ལོ་རྒྱུས་མཚམས་སྦྱོར་མདོར་བསྡུས།

1990ལོའི་ཟླ12པར་ཏང་ནང་ལ་ཞུགས།   1988ལོའི་ཟླ7པར་ལས་ཞུགས་བྱས།

1985ལོའི་ཟླ9ནས1988ལོའི་ཟླ7པའི་བར་ལ་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་མི་རིགས་དགེ་ཐོན་སློབ་གྲྭ་ནས་སློབ་གཉེར་བྱས།

1988ལོའི་ཟླ7ནས1990ལོའི་ཟླ3པའི་བར་ལ་མཚོ་སྔོན་ཞིང་ཆེན་ཐུན་ཏེ་རྫོང་ཞོལ་མ་ཞང་སྟག་གསོད་བཅའ་སྡོད་སློབ་གྲྭའི་དགེ་རྒན་བྱས།

1990ལོའི་ཟླ3ནས1993ལོའི་ཟླ6པའི་བར་ལ་མཚོ་སྔོན་ཞིང་ཆེན་ཐུན་ཏེ་རྫོང་ཞོལ་མ་ཞང་སྲིད་གཞུང་གི་ལས་བྱེད་པ་ཡིན།

1993ལོའི་ཟླ6ནས1996ལོའི་ཟླ12པའི་བར་ལ་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་སྲིད་གཞུང་གཞུང་ལས་ཁང་གི་ཁོ་ཡོན་ལས་བྱེད་པ་ཡིན།

1996ལོའི་ཟླ12པ་ནས1998ལོའི་ཟླ12པའི་བར་ལ་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་སྲིད་གཞུང་གཞུང་ལས་ཁང་གི་ཆ་འཕྲིན་ལྟ་ཞིབ་ཁོ་ཡི་ཁོ་ཀྲང་གཞོན་པའི་འགན་བཞེས། (1994ལོའི་ཟླ8ནས1997ལོའི་ཟླ6པའི་རིང་ལ་ཀྲུང་དབྱང་ཏང་གི་སློབ་གླིང་འཕྲིན་བརྒྱུད་སློབ་ཁྲིད་དཔལ་འབྱོར་དོ་དམ་རིག་པའི་ཆེད་སྦྱོང་འཛིན་གྲྭ་ནས་སློབ་གཉེར་བྱས)

1998ལོའི་ཟླ12ནས2000ལོའི་ཟླ12པའི་བར་ལ་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་སྲིད་གཞུང་གཞུང་ལས་ཁང་གི་ཁོ་རིམ་པ་རྒན་པའི་དྲུང་ཡིག་དང་ཆ་འཕྲིན་ལྟ་ཞིབ་ཁོ་ཡི་ཁོ་ཀྲང་གཞོན་པའི་འགན་བཞེས། (1994ལོའི་ཟླ8ནས1997ལོའི་ཟླ6པའི་རིང་ལ་ཀྲུང་དབྱང་ཏང་གི་སློབ་གྲྭའི་འཕྲིན་བརྒྱུད་སློབ་གླིང་དཔལ་འབྱོར་དོ་དམ་རིག་པའི་དངོས་གཞི་འཛིན་གྲྭ་ནས་སློབ་གཉེར་བྱས)

2000ལོའི་ཟླ12ནས2003ལོའི་ཟླ1པའི་བར་ལ་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་སྲིད་གཞུང་གཞུང་ལས་ཁང་གི་ཆ་འཕྲིན་ལྟ་ཞིབ་ཁོ་ཡི་ཁོ་ཀྲང་གི་འགན་བཞེས།

2003ལོའི་ཟླ1ནས2003ལོའི་ཟླ9པའི་བར་ལ་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་མི་དོན་ཅུས་ཀྲུའུ་རིན་ཁོ་ཡོན་ཡིན།

2003ལོའི་ཟླ9ནས2004ལོའི་ཟླ6པའི་བར་ལ་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་མི་དོན་ཅུས་གཞུང་ལས་ཁང་གི་ཀྲུའུ་རིན་གྱི་འགན་བཞེས།

2004ལོའི་ཟླ6ནས2006ལོའི་ཟླ10བའི་བར་ལ་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་སྒྲིག་ཁྲིམས་ཨུ་ཡོན་ལྷན་ཁང་གི་རྒྱུན་ཨུ་དང་ཏང་སྲོལ་སྲིད་གཙང་གཞུང་ལས་ཁང་གི་ཀྲུའུ་རིན་གྱི་འགན་བཞེས།

2006ལོའི་ཟླ10ནས2009ལོའི་ཟླ12པའི་བར་ལ་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་སྒྲིག་ཁྲིམས་ཨུ་ཡོན་ལྷན་ཁང་གི་རྒྱུན་ཨུ་དང་གཞུང་ལས་ཁང་གི་ཀྲུའུ་རིན་གྱི་འགན་བཞེས། (2004ལོའིཟླ9ནས2007ལོའི་ཟླ1པའི་རིང་ལ་མཚོ་སྔོན་ཞིང་ཆེན་ཏང་གི་སློབ་གྲྭའི་ཞིབ་འཇུག་སློབ་མའི་སྡེ་ཁག་སྤྱི་ཚོགས་རིག་པའི་ཆེད་ལས་ལ་སློབ་གཉེར་བྱས་པ་དང་། 2008ལོའིཟླ12ནས2009ལོའི་ཟླ12པའི་བར་ལ་ཅི་ལིན་ཞིང་ཆེན་

ཡའུ་ཧྲོ་གྲོང་ཁྱེར་གྱི་གྲོང་དཔོན་གཞོན་པའི་འགན་བཞེས)

2009ལོའི་ཟླ12ནས2010ལོའི་ཟླ12པའི་བར་ལ་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་སྒྲིག་ཁྲིམས་ཨུ་ཡོན་ལྷན་ཁང་གི་རྒྱུན་ཨུ་དང་ཏང་སྲོལ་སྲིད་གཙང་སློབ་གསོ་ཁང་གི་ཀྲུའུ་རིན་གྱི་འགན་བཞེས།

2010ལོའི་ཟླ12ནས2013ལོའི་ཟླ11པའི་བར་ལ་མཚོ་སྔོན་ཞིང་ཆེན་ཐུན་ཏེ་རྫོང་ཨུའི་ཧྲུའུ་ཅི་གཞོན་པའི་འགན་བཞེས།

2013ལོའི་ཟླ11ནས2014ལོའི་ཟླ12པའི་བར་ལ་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་སྲིད་གཞུང་གི་དྲུང་ཡིག་གཞོན་པ་དང་གཞུང་ལས་ཁང་གི་ཀྲུའུ་རིན་གྱི་འགན་བཞེས།

2014ལོའི་ཟླ12ནས་ད་ལྟའི་བར་དུ།  མཚོ་སྔོན་ཞིང་ཆེན་པདྨ་རྫོང་མི་དམངས་སྲིད་གཞུང་གི་རྫོང་དཔོན་གྱི་འགན་བཞེས་ཡོད་པ་དང་།   རྫོང་སྲིད་གཞུང་གི་བྱ་བ་ཡོངས་རྫོགས་ཀྱི་གཙོ་འགན་འཁུར་ཞིང་། 

བྱེ་བྲག་ཏུ་ལྟ་ཞིབ་ཅུས་དང་རྩིས་བཤེར་ཅུས།   སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བདག་སྐྱོང་བྱ་བར་དོ་དམ་བྱེད་པ་དང་།  རྫོང་དམངས་ཆེན་དང་རྫོང་སྲིད་གྲོས་ལ་འབྲེལ་གཏུག་དང་མཐུན་སྦྱོར་བྱེད་པའི་འགན་བཞེས་ཡོད།


 
· ༄༅།། པདྨ་རྫོང་མི་དམངས་འཐུས་མི་ 2019/3/17
· ༄༅།། པདྨ་རྫོང་ནང་བསྟན་མཐུན་ཚོག 2018/9/3
· ༄༅།། པདྨ་རྫོང་གི་བོད་ཇ་དང་རྫ་ན 2018/6/3
· ལིག་ཀྲིན་དབུས། 2018/5/11
· རྒྱལ་འབུམ་འཁྲུངས། 2018/5/11
· ལྷ་ཆེན་ཚེ་རིང་། 2018/5/11
· ཀརྨ་སྐྱིད། 2018/5/11

2008-2012 པདྨ་རྫོང་མི་དམངས་སྲིད་གཞུང་། All Rights Reserved
09758322651 མགོ་ལོག པདྨ  ཆ་འཕྲིན་རབ་གསལ། :814100
པདྨ་རྫོང་མི་དམངས་སྲིད་གཞུང་།