ཚོགས་ཆེན་གཉིས་ཀྱི་ཆེད་དོན་ལེ་ཚན། པདྨ་རྫོང་མི་དམངས་སྲིད་གཞུང་།  
ཤོག་ངོས་དང་པོ། :--> མགོ་ཁྲིད་རབ་གསལ། > སྲིད་གཞུང་།
ཀརྨ་སྐྱིད།
འབྱུང་ཁུངས།: 2018/5/11

            


ཀརྨ་སྐྱིད།   མོ།   བོད་རིགས།   1980ལོའི་ཟླ5བར་མཚོ་སྔོན་པདྨ་རྫོང་དུ་སྐྱེས།

སློབ་གཉེར་བརྒྱུད་རིམ།  ཉིན་གང་ལམ་ལུགས་ཀྱི་སློབ་གསོ།  མཚོ་སྔོན་ཞིང་ཆེན་སྟོང་སྐོར་ཕྱུགས་ལས་སློབ་གླིང་གི་དཔལ་འབྱོར་དོ་དམ་འབྲིང་རིམ་ཆེད་ལས་ཡིན།

ལས་ཐོག་སློབ་གསོ།  ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ་ཀྲུང་དབྱང་ཏང་གི་སློབ་ཆེན་མགོ་ལོག་ཡན་ལག་སློབ་གླིང་སྲིད་འཛིན་དོ་དམ་ཆེད་ལས།

ལོ་རྒྱུས་མཚམས་སྦྱོར་མདོར་བསྡུས།

2001ལོའི་ཟླ5བར་ཏང་ནང་ལ་ཞུགས།    1999ལོའི་ཟླ7པར་ལས་ཞུགས་བྱས།

1996ལོའི་ཟླ9ནས1999ལོའི་ཟླ7པའི་བར་ལ་མཚོ་སྔོན་ཞིང་ཆེན་སྟོང་སྐོར་ཕྱུགས་ལས་སློབ་གླིང་དཔལ་འབྱོར་དོ་དམ་ཆེད་ལས་འབྲིང་རིམ་འཛིན་གྲྭ་ནས་སློབ་གཉེར་བྱས།

1999ལོའི་ཟླ7ནས2000ལོའི་ཟླ10པའི་བར་ལ་མཚོ་སྔོན་ཞིང་ཆེན་པདྨ་རྫོང་སློབ་གསོ་ཅུས་ཡིག་གཏགས་པ་དང་དངུལ་གཉེར་པ་བྱས།

2000ལོའི་ཟླ10ནས2001ལོའི་ཟླ4པའི་བར་ལ་མཚོ་སྔོན་ཞིང་ཆེན་པདྨ་རྫོང་སློབ་གསོ་ཅུས་ལས་སྒྲུབ་མི་ཡིན།

2001ལོའི་ཟླ4ནས2005ལོའི་ཟླ5པའི་བར་ལ་མཚོ་སྔོན་ཞིང་ཆེན་གུང་གཞོན་ཚོགས་པ་པདྨ་རྫོང་ཨུའི་ཧྲུའུ་ཅི་གཞོན་པའི་འགན་བཞེས།

(2001ལོའི་ཟླ9ནས2003ལོའི་ཟླ7པའི་རིང་ལ་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་སྲིད་འཛིན་དོ་དམ་ཆེད་ལས་ཀྱི་དངོས་གཞི་འཛིན་གྲྭ་ནས་སློབ་གཉེར་བྱས

2005ལོའི་ཟླ5ནས2011ལོའི་ཟླ6པའི་བར་ལ་མཚོ་སྔོན་ཞིང་ཆེན་གུང་གཞོན་ཚོགས་པ་པདྨ་རྫོང་ཨུའི་ཧྲུའུ་ཅིའི་འགན་བཞེས། (ཁོ་རྒན་པའི་རིམ་པ་ཡིན)

2011ལོའི་ཟླ6ནས2012ལོའི་ཟླ7པའི་བར་ལ་མཚོ་སྔོན་ཞིང་ཆེན་པདྨ་རྫོང་སེ་ལེ་ཐང་གྲོང་རྡལ་གྱི་ཀྲིན་ཀྲང་གི་འགན་བཞེས།

2012ལོའི་ཟླ7ནས2014ལོའི་ཟླ7པའི་བར་ལ་མཚོ་སྔོན་ཞིང་ཆེན་པདྨ་རྫོང་སེ་ལེ་ཐང་གྲོང་རྡལ་གྱི་ཧྲུའུ་ཅིའི་འགན་བཞེས།

2014ལོའི་ཟླ7ནས2016ལོའི་ཟླ9པའི་བར་ལ་མཚོ་སྔོན་ཞིང་ཆེན་པདྨ་རྫོང་ཨུའི་རྒྱུན་ཨུ་དང་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་གི་འགན་བཞེས།

2016ལོའི་ཟླ9ནས་ད་ལྟའི་བར་དུ་མཚོ་སྔོན་ཞིང་ཆེན་པདྨ་རྫོང་མི་དམངས་སྲིད་གཞུང་གི་རྫོང་དཔོན་གཞོན་པའི་འགན་བཞེས་བྱས་ཡོད་ལ།

རྫོང་དཔོན་ལ་གཞོགས་འདེགས་བྱས་ནས་རྫོང་རིག་གནས་ལུས་རྩལ་དང་རྒྱང་སྒྲོག་བརྙན་འཕྲིན་ཅུས། འཕྲོད་བསྟེན་དང་མི་གྲངས་འཆར་ལྡན་བུ་སྐྱེས།

རྫོང་རྒྱ་གྲམ་དམར་པོ།དེ་མིན་མང་ཚོགས་ཀྱི་ཚོགས་པ་ཁག་གི་གལ་ཆེའི་དོན་གནད་སྐོར་ལ་འབྲེལ་འདྲིས་དང་མཐུན་སྦྱོར་བྱེད་པའི་འགན་བཞེས་ཡོད།


 
· ༄༅།། པདྨ་རྫོང་མི་དམངས་འཐུས་མི་ 2019/3/17
· ༄༅།། པདྨ་རྫོང་ནང་བསྟན་མཐུན་ཚོག 2018/9/3
· ༄༅།། པདྨ་རྫོང་གི་བོད་ཇ་དང་རྫ་ན 2018/6/3
· ལིག་ཀྲིན་དབུས། 2018/5/11
· རྒྱལ་འབུམ་འཁྲུངས། 2018/5/11
· ལྷ་ཆེན་ཚེ་རིང་། 2018/5/11
· ཀརྨ་སྐྱིད། 2018/5/11

2008-2012 པདྨ་རྫོང་མི་དམངས་སྲིད་གཞུང་། All Rights Reserved
09758322651 མགོ་ལོག པདྨ  ཆ་འཕྲིན་རབ་གསལ། :814100
པདྨ་རྫོང་མི་དམངས་སྲིད་གཞུང་།