ཚོགས་ཆེན་གཉིས་ཀྱི་ཆེད་དོན་ལེ་ཚན། པདྨ་རྫོང་མི་དམངས་སྲིད་གཞུང་།  
ཤོག་ངོས་དང་པོ། :--> འགོ་ཁྲིད་ཀྱི་གསུང་བཤད།
༄༅།།རྒྱལ་ཁོངས་ལྗང་བསྒྱུར་སྐུལ་སློང་ཚོགས་འདུ།
འབྱུང་ཁུངས།:པདྨ་རྫོང་མི་དམངས་སྲིད་གཞུང་། 2018/4/12

༄༅།།རྫོང་ཡོངས་ཀྱི་རྒྱལ་ཁོངས་ལྗང་བསྒྱུར་སྐུལ་སློང་ཚོགས་འདུ་སྟེང་གི་

གཏམ་བཤད།

རྫོང་ཨུའི་ཧྲུའུ་ཅི།   ཤ་བོ་སྐྱབས།

2018ལོའི་ཟླ་4པའི་ཚེས་9ཉིན།

བློ་མཐུན་རྣམ་པ།  

      ཐེངས་འདིའི་གྲོས་ཚོགས་ནི་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་ཞིང་ཆེན་དང་ཁུལ་རིམ་པའི་རྒྱལ་ཁོངས་ལྗང་བསྒྱུར་བྱ་བའི་བཀོད་སྒྲིག་ལྟར།  ཏན་ཏན་ཏིག་ཏིག་བཞི་ཡི་གལ་ཆེན་རེ་བ་དང་ལྔ་བཞིའི་འཐབ་ཇུས་དོན་འཁྱོལ་བྱས་ནས་རྫོང་ཡོངས་ཀྱི་རྒྱལ་ཁོངས་ལྗང་བསྒྱུར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་མ་ཟད་དེ་དང་མཉམ་དུ་རང་རྫོང་གི་སྐྱེ་ཁམས་སྲུང་སྐྱོབ་དང་གྲོང་གསེབ་འཛུགས་བསྐྲུན་གྱི་འཕེལ་རྒྱས་ལ་འབྲེལ་བ་ཟབ་མོ་ཡོད།    གཏིང་ཟབ་སྒོས་མཛེས་སྡུག་གི་བོད་ཡུལ་སྟེ་མདོག་གསུམ་པདྨའི་ནགས་ལས་ལ་སྐུལ་སྤེལ་བྱས་ནས་ཕྱོགས་ཡོངས་ནས་ལྗང་བསྒྱུར་ཆུ་ཚད་ཇེ་མཐོར་གཏོང་བ་དང་།   རབ་མཛེས་ཀྱི་མཚོ་སྔོན།  སྐྱེ་ཁམས་ཅན་གྱི་མགོ་ལོག་གི་གཟུགས་བརྙན་ལ་བྱས་རྗེས་གསར་བ་ཞིག་འཇོག་རྒྱུའི་གལ་ཆེན་གྱི་བྱེད་ཐབས་ཞིག་ཡིན།

      ཉེ་བའི་ལོ་འགའི་རིང་ལ།    པདྨ་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་ལྗང་མདོག་ཅན་གྱི་པདྨའི་འཛུགས་བསྐྲུན་བྱ་བ་ལ་གདེངས་འཇོག་མཐོན་པོ་བྱས་ནས་རྒྱལ་ཁོངས་ལྗང་བསྒྱུར་བྱ་བ་ལ་སྲིད་ཇུས་དང་བྱེད་ཐབས་མི་འདྲ་བ་བཀོལ་ནས་ཏང་ཡོན་ཡོངས་དང་མི་དམངས་མང་ཚོགས།སྤྱི་ཚོགས་ཡོངས་དེར་ཞུགས་ནས་ཧུར་བརྩོན་བྱས་མཐར་ཁུལ་ཡོངས་ཀྱི་ལྗང་བསྒྱུར་བྱ་བའི་རྩེར་སོན་ཡོད།  ད་ལོར།  ནགས་ལས་འོས་འགན་ས་མུའུ་ཁྲི་5.12ཡོད་ལ།  ཁུལ་ཡོངས་ཀྱི་ནགས་ལས་རྒྱ་ཁྱོན་གྱི་བརྒྱ་ཆའི་23ཟིན་ཡོད།  དེ་བས་རང་རྫོང་གི་རྒྱལ་ཁོངས་ལྗང་བསྒྱུར་འཛུགས་བསྐྲུན་གྱི་དམིགས་གཞི་མཐོ་ལ།  ཆོད་སེམས་ཆེ།  བྱ་ཐབས་གོ་ཆོད་ལ།  ཕན་འབྲས་བཟང་བས་ཕྱོགས་ཡོངས་ནས་ད་ལོའི་རྒྱལ་ཁོངས་ལྗང་བསྒྱུར་གྱི་དམིགས་འབེན་འོས་འགན་ལེགས་འགྲུབ་ཡོངས་བ་བྱེད་དགོས།  འོག་ནས།  ངས་རང་གི་བསམ་ཚུལ་གསུམ་བཤད་རྒྱུ་ཡིན།

གཅིག  དངོས་བབ་གསལ་བོར་ཤེས་བ་བྱས་ནས།  རྒྱལ་ཁོངས་ལྗང་བསྒྱུར་བྱ་བའི་འོས་འགན་ཕྲག་ཏུ་ལེན་པ།

པདྨ་རྫོང་གི་ས་བབས་ཁྱད་པར་ཡིན་ལ།  ནགས་ཚལ་གྱི་གཞི་རྒྱ་ཆེ།   མི་གྲངས་ཉུང་།   ས་ཁོངས་སུ་ཞང་བརྒྱད་དང་གྲོང་བརྡལ་གཅིག་ཡོད།  ནགས་ཚལ་རྒྱ་ཁྱོན་གྱིས་རྫོང་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་གྱི་བརྒྱ་ཆའི་56.2ཟིན་ཡོད།  དེའི་ནང་ནགས་ཚལ་སྟུག་ས་ནི་དྷི་མདའ་དང་ཡར་ཐང་།  ལྕགས་རི་ཐང་སོགས་ཡིན་ལ་མང་ཆེ་བ་རྨ་འབྲི་རྫ་གསུམ་སྲང་སྐྱོབ་ས་ཁུལ་དུ་ཡོད།  ད་ལོའི་ཟླ་4པའི་ཚེས་2ཉིན་སྤྱིི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རྒྱལ་སའི་འོས་འགན་སྡོང་འཛུགས་བྱ་འགུལ་ལ་ཞུགས་ནས་ནན་ཏན་སྒོས་རང་ཉིད་ཀྱི་ཚེ་སྲོག་ལ་གཅེས་སྤྲོས་བྱེད་པ་བཞིན་སྐྱེ་ཁམས་ཁོར་ཡུག་ལའ་དེ་ལྟར་བྱས་ནས་ མེས་རྒྱལ་གྱི་ས་ཁོངས་ཆེན་མོ་མུ་མཐུད་དུ་ལྗང་མདོག་དང་མཛེས་སྡུག་ལྡན་པར་བསྒྱུར་དགོས་ཞེས་བཤད།  ཟླ་4པའི་ཚེས་3ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་རྒྱལ་ཁོངས་ལྗང་བསྒྱུར་དང་ནགས་ཚལ་མེ་འགོག   ཐན་འགོག་བྱ་བའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་སྡུས།  ཙུང་ལི་ལི་ཁེ་ཆང་གིས་ས་ཁུལ་སོ་སོའི་སྡེ་ཁག་དག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་དགོངས་དོན་ལ་འཛུབ་ཁྲིད་བྱས་ནས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་འགོད་དང་བཀོད་སྒྲིག་དོན་འཁྱོལ་བྱེད་དགོས།  དུས་ཐོག་ཏུ་རྒྱལ་ཁོངས་ལྗང་བསྒྱུར་གྱི་གཞི་རྒྱ་ཆེ་རུ་བཏང་ནས་ལོ་གང་བོར་ནགས་བཟོ་ས་མུའུ་དུང་ཕྱུར་གཅིག་ཡན་གྱི་འོས་འགན་ལེགས་འགྲུབ་ཡོངས་བར་བྱེད་དགོས་ཞེས་འཛུབ་སྟོན་གལ་ཆེན་གནང་།   

གཉིས། གཙོ་གནད་འབུར་ཐོན་བྱས་ནས་རྒྱལ་ཁོངས་ལྗང་བསྒྱུར་སྐུལ་འདེད་གནད་འགག་འདེམས་པ།

      ཉེ་བའི་ལོ་ཤས་ནང་། རྒྱལ་ཡོངས་ཀྱི་ས་ཁུལ་མང་ཆེ་བས་རྒྱལ་ཁོངས་ལྗང་བསྒྱུར་གྱི་བྱ་བ་ཆེས་གལ་ཆེན་གྱི་གནས་སུ་བཟུང་ཡོད་པ་རེད།  སྟོབས་ཤུགས་ཡོད་རྒུས་སྐུལ་འདེད་བྱས་ནས་རྒྱལ་ཁོངས་ལྗང་བསྒྱུར་གྱི་འཛུགས་བསྐྲུན་བྱ་བ་མཐོ་རླབས་གསར་བ་ཞིག་ཏུ་སླེབས་དགོས།  འདིས་རང་རྫོང་གི་རྒྱལ་ཁོངས་ལྗང་བསྒྱུར་བྱ་བར་ཉམས་མྱོང་བཟང་བོ་དང་བྱེད་ཐབས་བཟང་བོ་སོགས་མཁོ་སྤྲོད་གནང་བ་མ་ཟད་ཞིང་ཆེན་རིམ་པ་དང་ཁུལ་རིམ་པའི་སྔོན་མར་བསྐྱོད་པར་མུ་མཐུད་ནས་འབད་བརྩོན་བྱེད་དགོས།  བྱེ་བྲག་གི་བྱ་བའི་ཁྲོད།  གཅིག་གྱུར་གྱི་འཆར་འགོད་དང་མཐུན་སྦྱོར་ངང་སྐུལ་འདེད་བཏང་ནས་གལ་ཆེན་གྱི་བྱ་བ་ལྔ་འཛིན་དགོས།

གཅིགནགས་ཚལ་དང་གྲོང་རྡལ་གཅིག་གཞི་ཅན་ལ་འབད་པ།  མིག་སྔར།  རང་རྫོང་གི་ཞང་གྲོང་རྡལ་གྱི་སྐྱེ་ཁམས་ཐོན་ཚད་མི་འདང་བ་དང་སྡོད་དམངས་ཀྱིས་སྐྱེ་ཁམས་ཡིད་ཚིམས་པ་ཞིག་བེད་སྤྱོད་བྱེད་མི་ཐུབ་ཀྱིན་མེད།  གཅིག་ནི་གྲོང་ཁྱེར་དང་གྲོང་གསེབ་ལྗང་མདོག་ཅན་དུ་བསྒྱུར་དགོས་པ།  ནགས་ཚལ་ཚན་རིག་ཁྲིམས་མཐུན་སྒོས་གྲོང་ཁྱེར་དང་གྲོང་གསེབ་ལྗང་མདོག་ཅན་དུ་གཏོང་བར་ཧུར་བརྩོན་བྱེད་དགོས་པ།  གཉིས་ནི་ཞང་དང་སྡེ་བ་ལྗང་མདོག་ཅན་དུ་བསྒྱུར་དགོས་པ།  སྡེ་འགྲམ་དང་ཁང་བའི་འགྲམ།  ལམ་འགྲམ་དང་ཆུ་འགྲམ་སོགས་བཅོས་བསྒྱུར་བྱས་ནས་ལྗང་མདོག་ཅན་དུ་བསྒྱུར་དགོས་པ།

གཉིས།དཔྱིད་དུས་འོས་འགན་སྡོང་འཛུགས་བྱ་འགུལ་ལ་ཤུགས་བརྒྱག་པ། གཅིག་ནི་སྤྱི་དམངས་ཀྱི་འོས་འགན་ཚད་ཇེ་མཐོར་གཏོང་བ།  གཉིས་ནི་ཤར་ནུབ་རི་ཡི་འོས་འགན་སྡོང་འཛུགས་གནས་གཞི་འཛུགས་བསྐྲུན་ལ་ཤུགས་བརྒྱག་པ།  གསུམ་ནི་གྲོང་ཁྱེར་དང་གྲོང་གསེབ་གྱི་ཕྱི་སྐོར་གནས་གཟིགས་ས་དང་ལྗང་མདོག་རྭ་བར་འཛུགས་བསྐྲུན་ལེགས་པོ་བྱེད་དགོས་པ།

གསུམ།ནགས་ལས་ཐོན་སྐྱེད་གནས་གཞི་ལ་འཛུགས་བསྐྲུན་གནང་བ།   ཚན་རིག་དང་མཐུན་པའི་སྒོ་ནས་བོད་ཇ་དང་ལུག་དྲོད་ཤ་མོ།  ལྕུམ་སོགས་འདེབས་འཛུགས་བྱ་བ་ཤུགས་བརྒྱབ་ནས་ལྗང་མདོག་ཅན་གྱི་སྐྱེ་ཁམས་ཐོན་ལས་སྣ་མང་ཅན་དུ་འཕེལ་རྒྱས་སུ་གཏོང་དགོས།  གཅིག་ནི་འདེབས་གསོ་དང་དཔེ་སྟོན་སྣེ་ཁྲིད་བྱེད་པ།  འདེབས་གསོའི་གཞི་རྒྱ་ཆེ་རུ་བཏང་ནས་ཐོན་ལས་སྣེ་ཁྲིད་ཀྱིས་ནགས་ཚལ་ཐོན་ལས་དཔལ་འབྱོར་འཕེལ་རྒྱས་སྐུལ་འདེད་བྱེད་པ།   ཐུན་གཉེར་ཁང་དང་རྟེན་གཞི། མཉམ་ལས་ཁང་ཐོན་ལས་ཁྱབ་སྤེལ་ཤུགས་ཆེ་བཏང་ནས།   ཞིང་ཕྱུགས་ཐོན་ལས་ཕྲེང་འབྲེལ་དང་།འཕར་སྣོན་ཐོན་རྫས་ཟུར་བསྣན་རིན་ཐང་ཆེ་རུ་གཏོང་དགོས། གཉིས་ནི་རོགས་འདེགས་སྲིད་ཇུས་ལ་ཤུགས་སྣོན་བྱེད་པ། སྲིད་གཞུང་གི་རོགས་དངུལ་བྱ་དགའ་དང་།  རྟེན་གཞི་འཛུགས་སྐྲུན་འཚོ་བའི་ཁ་སྣོན། ཡིད་རྟོན་དངུལ་བུན་མ་དངུལ་རྒྱབ་སྐྱོར་སོགས་ཀྱི་གཟིགས་སྐྱོང་སྲིད་ཇུས་འདོན་སྤེལ་གང་ལེགས་བྱས་ཏེ་ནོར་སྲིད་མ་དངུལ་ནུས་པ་འདོན་སྤེལ་བྱེད་དགོས་།

བཞི།གཞུང་ལམ་མཛེས་ལྗོངས་གནས་འཛུགས་བསྐྲུན་བྱེད་པར་ཤུགས་བརྒྱག་དགོས་པ།  ཉེ་བའི་ལོ་ཤས་ནང་།  རྫོང་ཨུ་དང་རྫོང་སྲིད་གཞུང་གིས་གཞུང་ལམ་མཛེས་ལྗོངས་ལ་གདེངས་འཇོག་ཚད་མཐོན་པོ་བྱས་ནས་ནུས་ཤུགས་ཡོད་རྒུས་གཞུང་ལམ་བཅོས་བསྒྱུར་དང་ཆུ་འགྲམ་གྱི་སྐྱེ་ཁམས་ཁོར་ཡུག་སོགས་རྫོང་ཡོངས་ཀྱི་ནགས་ལས་སྐྱེ་ཁམས་འཛུགས་སྐྲུན་གྱི་མཛེས་སྡུག་གི་ཡུལ་ལྗོངས་ཞིག་ཏུ་ཆགས་ཡོད།  འོན་ཀྱང་།  སྔོན་གྱི་གཞུང་ལམ་འགྲམ་གྱི་སྡོང་ཕྲུག་སྐྱེས་ཚད་མི་བཟང་བ་དང་སྣ་གཅིག་ཡིན་པ་སོགས་དབང་གིས་དེ་དག་ལ་ཁ་གསབ་དང་བསྐྱར་འཛུགས་བྱེད་དགོས།  

ལྔ།ནགས་ཚལ་གྱི་སྤུས་ཚད་ཇེ་མཐོར་གཏོང་བ།  རྒྱལ་ཁོངས་ལྗང་བསྒྱུར་གྱི་བྱ་བའི་ཁྲོད། ང་ཚོས་སྔ་འཇུག་ཏུ་ནགས་འཛུགས་ཀྱི་རྒྱུ་སྤུས་ཐེངས་དང་པོར་འཇོག་པ་དང་ཞིབ་ཚགས་འབུར་ཐོན་གྱིས་སྲུང་སྐྱོབ་ཐབས་སྣ་ཚོགས་གཏན་འབེབས་བྱེད་པ་དང་གན་རྒྱའི་བདག་སྐྱོང་སོགས་ཞབས་ཞུ་བྱེད་ཐབས་རིགས་མི་འདྲ་བ་ལྔའི་སྒོ་ནས་བདག་སྲུང་བྱེད་དགོས་པ།

དྲུག།རྒྱལ་ཁོངས་ལྗང་བསྒྱུར་དང་གནད་འཁེལ་དབུལ་ཐར་བྱ་བ་སྐུལ་འདེད་བྱས་ནས་ཟུང་འབྲེལ་བྱེད་པ།  མིག་སྔར།  རང་རྫོང་གི་གནད་འཁེལ་དབུལ་སྐྱོར་གྱི་བྱ་བ་གནད་འགག་སྐབས་སུ་གནས་ཡོད་ལ།  2019ལོ་ཐོན་བར་དུ་རྫོང་ཡོངས་ཀྱི་དབུལ་ཐར་འོས་འགན་ཕེལ་ཆེར་ལེགས་འགྲུབ་ཡོངས་དགོས་པ་འདི་ནི་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་རྫོང་ཡོངས་ཀྱི་མི་དམངས་ལ་བཞག་པའི་ཁག་ཐེག་ཡིན་པས་དབུལ་བོ་ས་ཁུལ་དུ་རྒྱལ་ཁོངས་ལྗང་བསྒྱུར་གྱི་བྱ་བ་གཙོ་རུ་བཟུང་ནས་སྤྱི་ཕན་ལས་གནས་ཇེ་མང་དུ་བཏང་ནས་དབུལ་བོའི་དུད་ཁྱིམ་གྱི་དཔལ་འབྱོར་ཇེ་བཟང་དུ་གཏོང་དགོས།

སྤྱིར་ནས་བཤད་ན།  རྒྱལ་ཁོངས་ལྗང་བསྒྱུར་བྱ་བར་བསྒྱུར་བ་བཞི་ལ་སྐུལ་འདེད་བྱེད་དགོས།

གཅིག་ནི་བསམ་བློའི་འཛུབ་སྟོན་སྟེང་།  སྐྱེ་ཁམས་ཕན་འབྲས་གཙོ་བྱས་བའི་སྐྱེ་ཁམས་ཕན་འབྲས་དང་དཔལ་འབྱོར་ཕན་འབྲས་ཐོག    ཕྱོགས་གཅིག་ནས་མཁའ་དབུགས་དང་སའི་རྒྱུ་སྤུས།  ཆུ་སོགས་ཀྱི་རང་བྱུང་གི་གཞི་རྩའི་ཆ་རྐྱེན་སྟེང་ནགས་ཚལ་ཐོན་ལས་ལ་གསོ་སྐྱོང་བྱས་ནས་ཁྱད་ཆོས་ལྡན་པའི་ཞིང་ཕྱུགས་ཐོན་ལས་དང་དཔེ་སྟོན་རྟེན་གཞི་ཁག་གཅིག་གཏོང་བར་བྱས་ནས་མུ་མཐུད་དུ་མི་དམངས་མང་ཚོགས་ཀྱི་དཔལ་འབྱོར་ཇེ་བཟང་དུ་གཏོང་དགོས།  ཕྱོགས་གཞན་ཞིག་ནས།  སྐྱེ་ཁམས་ཁོར་ཡུག་དང་ཐོན་ཁུངས་སོགས་ཀྱི་སྲུང་སྐྱོབ་ལ་ཤུགས་རྒྱབ་ནས་རང་བྱུང་གནོད་འཚེ་དང་མི་བཟོས་གནོད་འཚེ་སོགས་ཇེ་ཉུང་དུ་གཏོང་དགོས།

གཉིས་ནི་བྱ་བའི་ཐབས་ལམ་སྟེང་།  སྲིད་གཞུང་དང་ཁྲོམ་ར་སྐུལ་ཁྲིད་དང་ཟུང་འབྲེལ་བྱེད་དགོས་པ།

གསུམ་ནི་འཕེལ་རྒྱས་ཀྱི་བསམ་བློའི་འདུ་ཤེས་སྟེང་། ཐོན་ཁུངས་འདེབས་གསོ་དེ་འདེབས་གསོ་དང་གསར་སྤེལ། བཀོལ་སྤྱོད་སོགས་ཟུང་འབྲེལ་བྱེད་པའི་ལམ་དུ་བསྒྱུར་དགོས་པ།

བཞི་ནི་འཕེལ་རྒྱས་ཀྱི་བྱེད་ཐབས་སྟེང་།  གྲངས་ཀའི་འཕར་ཚད་དེ་རྒྱུ་སྤུས་ཇེ་མཐོར་གཏོང་བར་བསྒྱུར་དགོས་པ།

གསུམ།  བྱ་ཐབས་ཤུགས་ཆེ་རུ་བཏང་ནས་ཧུར་བརྩོན་སྒོས་རྒྱལ་ཁོངས་ལྗང་བསྒྱུར་འཛུགས་བསྐྲུན་ལ་རྣམ་པ་གསར་པ་གཏོད་པ།

མིག་སྔར།  རང་རྫོང་གི་རྒྱལ་ཁོངས་ལྗང་བསྒྱུར་སྐབས་གསར་པ་ཞིག་ལ་གནས་ཡོད་པས་  ནགས་ལས་ཅུས་དང་འབྲེལ་ཡོད་ལས་ཁུངས་སོ་སོའི་རྒྱལ་ཁུངས་ལྗང་བསྒྱུར་གྱི་བྱ་བ་ད་ལྟ་དང་མ་འོངས་བའི་དུས་སྐབས་ཤིག་གི་ནགས་ལས་ལས་དོན་འོས་འགན་གཙོ་བོ་ཞིག་ཏུ་འཛིན་དགོས།  བསམ་བློ་བཅིངས་འགྲོལ་དང་འདུ་ཤེས་བཅོས་བསྒྱུར།  གསར་གཏོད་སྲོལ་འབྱེད་བྱས་ནས་རྫོང་ཡོངས་ཀྱི་རྒྱལ་ཡོངས་ལྗང་བསྒྱུར་བྱ་བ་རྣམ་པ་གསར་བ་ཞིག་ལ་སླེབས་དུ་འཇུག་དགོས།

གཅིགའགོ་ཁྲིད་གྱི་རྩ་འཛུགས་ཤུགས་ཆེ་རུ་གཏོང་བ།  རིམ་པ་སོ་སོའི་ཏང་སྲིད་འགན་གཙོ་མི་སྣ་འཛུགས་པ་དང་ཆ་འཐུས་ཚང་དུ་བཏང་ནས་རྒྱལ་ཁོངས་ལྗང་བསྒྱུར་གྱི་བྱ་བའི་ལམ་སྲོལ་འཛིན་དགོས། རྫོང་རིམ་པའི་ངོས་ནས་རྫོང་ཨུ་དང་རྫོང་སྲིད་གཞུང་གི་འགོ་ཁྲིད་གཙོ་བོའི་ གྲལ་དཔོན་གྱི་ལས་འགན་འཁུར་ནས་རྫོང་ལྗང་བསྒྱུར་ཨུ་ཡོན་ཁང་འཛུགས་དགོས།   ཞང་གྲོང་བརྡལ་དང་ལས་ཁུངས་སོ་སོའི་འགོ་ཁྲིད་ཀྱིས་རང་ས་གནས་ཀྱི་ལྗང་བསྒྱུར་འོས་འགན་ཕྲག་ཏུ་ལེན་དགོས་པ་མ་ཟད་རྒྱལ་ཁོངས་ལྗང་བསྒྱུར་གྱི་བྱ་བ་ཆེས་གལ་ཆེན་གྱི་གནས་སུ་འཇོག་དགོས།  རྒྱལ་ཁོངས་ལྗང་བསྒྱུར་གྱི་གནས་བབས་ལ་ཕྱོགས་ཡོངས་ནས་ལྟ་ཞིབ་བྱས་ནས་རི་ཆུ་ནགས་ཞིང་གི་བཟོ་ལས་འཛུགས་བསྐྲུན་གྱི་ཆེད་དམིགས་འཆར་འགོད་དང་ལོ་འཁོར་གྱི་ལག་བསྟར་འཆར་གཞི་གཏན་འབེབས་བྱེད་པ་དང་འཆར་འགོད་འཛུབ་སྟོན་ལ་ཤུགས་བཏོན་ནས་རྒྱལ་ཁོངས་ལྗང་བསྒྱུར་གྱི་འོས་འགན་དང་བྱེད་ཐབས་གནད་ལ་འཁེལ་བ་དོན་འཁྱོལ་བྱེད་དགོས།

གཉིས།ཚན་རྩལ་གྱི་འདེགས་སྐྱོར་ལ་ཤུགས་རྒྱག་དགོས་པ།  རྫོང་ཡོངས་ཀྱི་རྒྱལ་ཁོངས་ལྗང་བསྒྱུར་བྱ་བར་ཚན་རྩལ་གྱི་དཀའ་ངལ་ཡོད་པ་ལ་དམིགས་ནས་ཞིང་ཆེན་ཕྱི་ནང་གི་མཐོ་རིམ་སློབ་གྲྭ་དང་ཞིབ་འཇུག་གླིང་།  གསར་གཏོད་ཅན་གྱི་ཁེ་ལས་ལ་མཉམ་འབྲེལ་ཧུར་ཐག་བྱེད་དགོས།  ཚན་རྩལ་ཞིབ་འཇུག་སྤྱད་ནས་ནགས་ལས་དང་སྤང་ག་ཚན་རྩལ་གྱི་གྲུབ་འབྲས། གཏིང་ཟབ་སྒོས་ཚན་རྩལ་ཁྱབ་གདལ་གཏོང་བའི་དཔེ་སྟོན་ལག་བསྟར་དང་། རིགས་རྒྱུད་བཟང་པོ་འདེམས་གསོ་དང་སྐྱེ་ཁམས་ལྟ་ཞིབ་ལག་རྩལ་སོགས་ཀྱི་བཟོ་སྐྲུན་ཁྱབ་གདལ་ཤུགས་ཆེ་བཏང་ནས་ཧུར་ཐག་གྱིས་རྒྱལ་ཁོངས་ལྗང་བསྒྱུར་གྱི་ཚན་རྩལ་ཆུ་ཚད་ཇེ་མཐོར་དང་མ་རྩ་ཇེ་ཉུང་དུ་གཏོང་བ།  ལྗང་བསྒྱུར་གྱི་སྤུས་ཚད་ཇེ་མཐོར་གཏོང་བར་བྱེད་དགོས།

གསུམ།མཐུན་སྦྱོར་གཞོགས་འདེགས་བྱེད་ཤུགས་ཆེ་རུ་གཏོང་དགོས། རྒྱལ་ཁོངས་ལྗང་བསྒྱུར་དང་འབྲེལ་བ་མང་པོའི་ལས་རིགས་དང་སྡེ་ཁག་ལ་སྲིད་གཞུང་གིས་གཙོ་ཁྲིད་བྱེད་པ་དང་མང་ཚོགས་ཞུགས་པ། སྤྱི་ཚོགས་ཀྱིས་མཐུན་སྦྱོར་བྱེད་པ། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་མཉམ་གཅིག་ཏུ་མགོ་ཁྲིད་བྱེད་པ་དང་གཅིག་གྱུར་འཆར་འགོད་སྒོས་གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་སྲུང་སྐྱོང་དམ་འཛིན་བྱེད་པ།  སྡོང་འཛུགས་ནགས་བསྐྲུན་དང་རྩྭ་འདེབས་རྒྱུ། ཨ་བྲ་དང་གནོད་འབུ་འགོག་བཅོས་སོགས་བཟོ་སྐྲུན་གལ་ཆེན་ལག་བསྟར་བྱས་ནས་གཏིང་ཟབ་སྒོས་ལྗང་མདོག་གི་ལས་ཁུངས་དང་གྲོང་རྡལ། ཁེ་ལས།  དགོན་སྡེ་སོགས་བྱ་འགུལ་གསར་སྤེལ་བྱ་རྒྱུ།  ཕྱོགས་ཡོངས་ནས་སྐྱེ་ཁམས་ཁ་གསབ་བྱ་དགའ་དང་སྐྱེ་ཁམས་དོ་དམ་སྲིད་ཇུས་སོགས་ལག་བསྟར་བྱས་ཏེ་མང་ཚོགས་ཀྱིས་རྒྱལ་ཁོངས་ལྗང་བསྒྱུར་དང་སྐྱེ་ཁམས་སྲུང་སྐྱོང་གི་ཧུར་བརྩོན་ལ་སྐུལ་སློང་གང་ལེགས་བྱེད་རྒྱུ།  རྫོང་ནགས་ལས་སྡེ་ཁག་གིས་སྣེ་ཁྲིད་ཀྱི་ནུས་པའདོན་སྤེལ་ཡག་པོ་བྱས་ནས་འཆར་འགོད་བཟོ་བ་དང་སྒྲིག་འཛུགས་མཐུན་སྦྱོར་དང་ལག་རྩལ་ལ་མཛུབ་སྟོན་ལེགས་པོ་བྱས་ནས་ཞིང་ཕྱུགས་དང་རྒྱལ་ཁོངས།  ཆུ་བེད།  འགྲུམ་འགྲིལ།  སྡོད་ཁང་སོགས་སྡེ་ཁག་རང་རང་ལ་ལས་ཞུགས་སྐབས་སུ་ཁྱོན་ཡོངས་ལ་གད་སྙིགས་མེད་པར་གཞོགས་འདེགས་བྱས་ནས་གྲོང་གསེབ་ཁོར་ཡུག་ལེགས་བཅོས་དང་གྲོང་རྡལ་ལྗང་བསྒྱུར་གྱི་བྱ་བར་ཧུར་བརྩོན་བྱེད་དགོས།  བཅོས་སྒྱུར་ཅུ་དང་ནོར་སྲིད། ཞིང་ཕྱུགས་ཚན་རྩལ་སོགས་སྡེ་ཁག་གིས་རྣམ་གྲངས་ལ་རོགས་འདེགས་དང་མ་དངུལ་འགན་སྲུང་ལ་ཤུགས་སྣོན་བྱེད་རྒྱུ།བཟོ་ཚོགས་དང་གུང་གཞོན་ཚོགས་པ།  བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་མང་ཚོགས་ཚོགས་པའི་རྩ་འཛུགས་སྒོས་སྤྱི་ཚོགས་ལས་རིགས་ཁག་ལ་སྐུལ་སློང་བྱས་ནས་སྡོང་འཛུགས་ལྗང་བསྒྱུར་ནང་ཏུ་ཞུགས་ནས་སྡོང་འཛུགས་ནགས་སྐྲུན་ནི་སྤྱི་ཚོགས་ཡོངས་ཀྱི་འགན་འཁྲི་ཞིག་དང་བརྩེ་སེམས་ཞིག་རུ་འགྱུར་དུ་འཛུགས་རྒྱུ།

བཞི།ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ།  རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་རྒྱལ་ཁོངས་ལྗང་བསྒྱུར་ལས་འགན་ཁག་བགོས་ཞིབ་ཕྲའི་ས་ཆ་བགོ་ཏེ་ལས་ཁུངས་ཀྱི་མི་སྣས་དོན་འཁྱོལ་བྱས་ནས་ལས་འགན་དམིགས་འབེན་གསལ་བོ་དང་ཞིབ་ཕྲའི་འགན་འཁྲི་ལས་བགོ་བྱེད་རྒྱུ།  རྫོང་ནགས་ལས་སྡེ་ཁག་དང་འབྲེལ་ཡོད་ལས་ཁུངས་ཀྱིས་ལག་རྩལ་མཛུབ་སྟོན་དང་བྱ་བར་ལྟ་སྐུལ་ལ་ཤུགས་སྣོན་རྒྱབ་ནས་དུས་ལྟར་ལྗང་སྒྱུར་ལས་འགན་ལེགས་འགྲུབ་ཡོང་བར་ཁག་ཐེགས་བྱེད་རྒྱུ།  ཏང་སྲིད་འགོ་ཁྲིད་ལས་བྱེད་པ་གཙོ་བོའི་འགན་འཛིན་སྐབས་རྒྱལ་ཁོངས་ལྗང་བསྒྱུར་གྱི་དམིགས་འབེན་འགན་འཁྲི་ལམ་ལུགས་བཟོས་ནས་རྒྱལ་ཁོངས་ལྗང་བསྒྱུར་དམིགས་ཚད་གཙོ་བོ་དེ་སྲིད་གཞུང་རིམ་པ་ཁག་གི་དམིགས་འབེན་དོ་དམ་མ་ལག་ཏུ་འཇུག་རྒྱུ།  འགན་འཁྲི་རྩད་གཅོད་ལམ་ལུགས་བཟོ་བ་དང་གཟབ་ནན་སྒོས་དཔྱད་ཞིབ་ལ་སྡུར་བ་བྱས་ནས་རྒྱལ་ཁོངས་ལྗང་སྒྱུར་སྐབས་ཀྱི་གྲུབ་འབྲས་མངོན་གསལ་འབུལ་མཁན་གྱི་མི་སྒེར་དང་ལས་ཁུངས་ལ་གཟེངས་བསྟོད་བྱ་དགའ་འབུལ་བ།  དེ་མིན་བྱ་བའི་འགན་འཁྲི་དང་ལེན་མི་བྱེད་པ་དང་གྲུབ་འབྲས་མངོན་གསལ་མིན་པ་ལ་བརྡ་ཁྱབ་ཐོག་ནས་སྐྱོན་བརྗོད་བྱས་ནས་རྒྱལ་ཁོངས་ལྗང་བསྒྱུར་འཕེལ་རིམ་གཏན་འཇགས་ལ་ཁག་ཐེགས་བྱེད་པ་དང་སྐྱེ་ཁམས་འཛུགས་སྐྲུན་འབྲས་བུ་གསར་བ་ལེན་པར་སྐུལ་འདེད་གཏོང་དགོས།

ལྔ།དྲིལ་བསྒྲགས་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ།  གླེང་ཕྱོགས་ཀྱི་དྲིལ་བསྒྲགས་བྱ་བ་དེ་རྒྱལ་ཁོངས་ལྗང་འགྱུར་བྱ་སྤྱོད་ཀྱི་བརྒྱུད་རིམ་ཧྲི་བོར་ཁྱབ་ནས་ཡང་དག་སྒོས་རྒྱང་བསྒྲགས་དང་བརྙན་འཕྲིན། དྲ་རྒྱ་སོགས་སྨྱན་སྦྱོར་བཀོད་སྤྱོད་ཡག་པོ་བྱས་ནས་རྒྱལ་ཁོངས་ལྗང་འགྱུར་འགུལ་སྐྱོད་ཀྱི་དོན་སྙིང་གལ་ཆེནཤུགས་ཆེན་པོའི་དྲིལ་བསྒྲགས་བྱེད་པ་དང་།  ནང་དོན་དང་སྲིད་ཇུས་འཐབ་ཇུས་བཟོས་ནས་སྐུལ་སློང་གིས་སྤྱི་ཚོགས་ཀྱི་སྟོབས་ཤུགས་མང་པོ་མགྱོགས་མྱུར་སྒོས་ལྗང་སྒྱུར་གྱི་ཚ་རླབས་ནང་ལ་ཐོན་དུ་འཇུག་རྒྱུ།  དུས་ལྟར་ཉམས་མྱོང་སྤྱི་བསྡོམས་བྱེད་པ་དང་སྔོན་ཐོན་གྱི་རྒྱལ་ཁོངས་ལྗང་བསྒྱུར་ཞིག་དང་དཔེ་སྟོན་མི་སྣ་ཞིག་བདམས་ནས་གསར་འགྱུར་དང་སྨྱན་སྦྱོར་སོགས་ཐབས་ལམ་དང་རྣམ་པ་མང་པོ།  ཕྱོགས་ཡོངས་ནས་གསར་འགྱུར་དྲིལ་བསྒྲགས་བྱས་ནས་དམངས་ཡོངས་ནགས་འདེབས་ལྗང་སྒྱུར་བྱ་བར་ཞུགས་པའི་རྣམ་པ་ཟབ་མོ་ཞིག་ཆགས་ཏུ་འཇུག་རྒྱུ།

   བློ་མཐུན་རྣམ་པ། ལྗང་མདོག་པདྨ་ནི་མདོག་གསུམ་པདྨའི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། རྒྱལ་ཁོངས་ལྗང་འགྱུར་ལེགས་པོ་སྒྲུབ་པ་དང་།  ལས་འགན་དཀའ་ཚེགས་ཆེ་བ་དང་འགན་འཁྲི་གལ་ཆེན་ཡིན་ལ་དོན་སྙིང་རྒྱང་ཐག་རིང་བ། ང་ཚོས་སྤྱི་ཚོགས་རིང་ལུགས་སྐྱེ་ཁམས་དཔལ་ཡོན་གྱི་རིན་ཐང་ལྟ་བ་སྲ་བརྟན་དུ་བཏང་ནས་སྐྱེ་ཁམས་སྔོན་ཐོན་དང་ལྗང་མདོག་འཕེལ་རྒྱས་རྒྱུན་འཁྱོངས་བྱས་ནས་།  ཏན་ཏིག་སྒོས་སྐྱེ་ཁམས་སྲུང་སྐྱོང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་།  མཐུན་སྒྲིལ་དང་སྣེ་ཁྲིད་གྱིས་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱིས་རབ་མཛེས་མཚོ་སྔོན་དང་སྐྱེ་ཁམས་མགོ་ལོག  མདོག་གསུམ་པདྨའི་འཛུགས་སྐྲུན་རྒྱུད་རིམ་ཁྲོད་དུ་ཞུགས་རྒྱུ།  པདྨའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་འཛུགས་སྐྲུན་ལེགས་པོ་བྱེད་པ་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ནན་མོ་བསྲུང་ནས་གྲུབ་འབྲས་གསར་བ་ཕུལ་ཏེ་མི་དམངས་མང་ཚོགས་ལ་ལྗང་མདོག་གི་འབྲས་བུ་ཐོབ་ཏུ་འཇུག་དགོས།

 
· ༄༅།། པདྨ་རྫོང་ནང་བསྟན་མཐུན་ཚོག 2018/9/3
· ༄༅།། པདྨ་རྫོང་གི་བོད་ཇ་དང་རྫ་ན 2018/6/3
· ༄༅།།ཀྲུང་གོ་རྒྱལ་ཡོངས་དམངས་ཆེན 2018/9/11
· ༄༅།།ཐིན་ཅཱ་ཚའེ་ཡིས་དར་ལག་དང་པད 2018/9/11
· ༄༅།།པདྨ་རྫོང་གིས་ཐེངས་སོ་བཞི་བ 2018/9/11
· ༄༅།།པདྨ་རྫོང་གིས་ཐེངས་སོ་བཞི་བ 2018/9/11
· ༄༅།།པདྨ་རྫོང་དམངས་ཆེན་དང་པདྨ་ར 2018/9/7

2008-2012 པདྨ་རྫོང་མི་དམངས་སྲིད་གཞུང་། All Rights Reserved
09758322651 མགོ་ལོག པདྨ  ཆ་འཕྲིན་རབ་གསལ། :814100
པདྨ་རྫོང་མི་དམངས་སྲིད་གཞུང་།