ཚོགས་ཆེན་གཉིས་ཀྱི་ཆེད་དོན་ལེ་ཚན། པདྨ་རྫོང་མི་དམངས་སྲིད་གཞུང་།  
ཤོག་ངོས་དང་པོ། :> སྲིད་གཞུང་སྤྱི་བསྒྲགས།
༄༅།།དགའ་སྤྲོས་དྲུག་གཅིག་བསུ་ཞིང་། སྤྲོ་བ་ཆེན་པོས་བརྩེ་སེམས་ཕུལ།
འབྱུང་ཁུངས།: 2016/6/6 11:03:07

༄༅།།དགའ་སྤྲོས་དྲུག་གཅིག་བསུ་ཞིང་། སྤྲོ་བ་ཆེན་པོས་བརྩེ་སེམས་ཕུལ།

དྲུག་གཅིག་གི་ཉི་འོད་ལ་འདི་ལྟར་གསེར་མདོག་ལྡན་ཞིང་མེ་ཏོག་ལ་བསུང་ཞིམ་འཐུལ། སྐེ་དཀྲིས་དམར་པོར་བཀྲག་མདངས་འཚེར་ཞིང་བྱིས་པ་རྣམས་འདི་ལྟར་དགའ་སྤྲོའི་ཡོ་ལང་རྒྱས། ཞོགས་པའི་ཉི་གཞོན་ལྷམ་མེར་འཚེར་བ་དང་ལྷན་དུ། ང་ཚོས་རྒྱལ་སྤྱིའི་བྱིས་པའི་དུས་ཆེན་བསུ་ཞིང་། བྱིས་པ་རྣམས་ཀྱིས་དགའ་སྤྲོ་དང་དོན་སྙིང་ལྡན་པའི་དུས་ཆེན་ཞིག་རོལ་ཆེད། རྫོང་བུད་མེད་ལྷན་ཚོགས་ཀྱིས་དགའ་སྤྲོ་འཆམ་མཐུན་གྱིས་དྲུག་གཅིག་བསུ་ཞིང་། སྤྲོ་སེམས་ལྡན་པའི་ངང་ནས་བརྩེ་བ་འབུལ་ཞེས་པ་བརྗོད་སྙིང་ཡིན་པའི་རྟེན་འབྲེལ་བྱེད་སྒོ་སྤེལ། ལིག་ཆིན་ཀོ་དང་ཉི་མ་སྐྱིད། ཀན་ཆིན་ཧྥུན། སྐྱིད་གསལ་སྒྲོལ་མ་བཅས་མགོ་ཁྲིད་སྐོར་ཞིག་བྱེད་སྒོའི་ཡུལ་དངོས་སུ་སོང་ནས་བྱིས་པ་རྣམས་ལ་འཚམས་འདྲི་བྱས་པ་མ་ཟད། སློབ་སྦྱོང་བཀོལ་ཆས་བྱིན་ནས་བྱིས་པ་རྣམས་ལ་ཐུགས་ཁུར་གྱི་བརྩེ་བ་ཕུལ།

སློབ་རའི་ནང་དུ་དགོད་སྒྲས་ཁེངས་ཤིང་། ལུས་རྩལ་ར་བ་ཡོངས་སུ་དགའ་སྤྲོའི་རྟེན་འབྲེལ་གྱིས་ཁྱབ་པ་དང་། ནམ་མཁའ་ཡོངས་སུ་ཕུགས་བསམ་གྱི་སྨོན་འདུན་འཕུར་བས། དེ་མ་ཐག་གླུ་གར་གྱི་སྟེགས་བུ་ཆེན་པོ་ཞིག་ཏུ་གྱུར།

བྱེད་སྒོའི་ཡུལ་དངོས་སུ། བྱིས་པ་ཚོས་སློབ་རའི་གླུ་གར་དང་སྙན་ངག་གྱེར་འདོན་སོགས་ཕུན་སུམ་ཚོགས་པའི་རིག་རྩལ་ལེ་ཚན་སྣ་ཚོགས་འཁྲབ་སྟོན་བྱས་ཤིང་། དེང་རབས་ཞབས་བྲོ་འཁྲབ་པ་དང་བསྟུན་ནས་ཐེངས་འདིའི་བྱེད་སྒོ་མཐོ་རླབས་གསར་བ་ཞིག་ཏུ་བསྙེག་པར་བྱས་པ་དང་། སློབ་གྲྭའི་ལུས་རྩལ་ར་བ་ཡོངས་སུ་འཕུར་སྐྱོད་བྱེད་པ་དང་ཀུན་ནས་མཚུངས་ལ། གླུ་ངག་དང་དགོད་སྒྲ། དགའ་བསུའི་ཐལ་མོ་བརྡལ་པའི་སྒྲ་རྒྱུན་མི་ཆད་ཅིང་། ཁོ་ཚོས་གླུ་གར་ལས་སློབ་གྲོགས་ལ་མཛའ་མཐུན་དང་དགེ་རྒན་ལ་གུས་འདུད། མ་འོང་པའི་མདུན་ལམ་བསུ་ཞིང་མེས་རྒྱལ་ལ་དགའ་ཞེན་བཅས་མཚོན་པ་མ་ཟད། འཁྲབ་སྟོན་བྱེད་སྒོ་རྒྱལ་ཁའི་ཡོངས་སུ་མཇུག་སྒྲིལ་བར་བྱས།

ཡིག་སྒྱུར་བ། ཆོས་ལོ།


 
 
· ལིག་ཀྲིན་དབུས། 2018/5/11
· རྒྱལ་འབུམ་འཁྲུངས། 2018/5/11
· ལྷ་ཆེན་ཚེ་རིང་། 2018/5/11
· ཀརྨ་སྐྱིད། 2018/5/11
· ལའོ་ཧོང་ལིན། 2018/5/11
· ལི་ཧྥུ་ཉན། 2018/5/11
· མཚོ་སྔོན་ཀན་སུའུ་སི་ཁྲོན་མཐའ་འ 2019/8/23

2008-2012 པདྨ་རྫོང་མི་དམངས་སྲིད་གཞུང་། All Rights Reserved
09758322651 མགོ་ལོག པདྨ  ཆ་འཕྲིན་རབ་གསལ། :814100
པདྨ་རྫོང་མི་དམངས་སྲིད་གཞུང་།