ཚོགས་ཆེན་གཉིས་ཀྱི་ཆེད་དོན་ལེ་ཚན། པདྨ་རྫོང་མི་དམངས་སྲིད་གཞུང་།  
ཤོག་ངོས་དང་པོ། :--> དཔལ་འབྱོར་འཛུགས་སྐྲུན།
༄༅།།པདྨ་རྫོང་གི་གངས་ལྗོངས་བོད་ཇ་ནི་གཙང་གསུམ་འབྱུང་ཡུལ་གྱི་བསུང་ཞིམ་དང་འབྲོག་དམངས་ཀྱི་དཔག་བསམ་ལྗོན་པ་ཡིན།
འབྱུང་ཁུངས།: 2016/6/1 8:48:31

 ༄༅།།པདྨ་རྫོང་གི་གངས་ལྗོངས་བོད་ཇ་ནི་གཙང་གསུམ་འབྱུང་ཡུལ་གྱི་བསུང་ཞིམ་དང་འབྲོག་དམངས་ཀྱི་དཔག་བསམ་ལྗོན་པ་ཡིན།

    ལྗང་མདོག་གི་ལྭ་བ་མནབས་པའི་རི་ཚོགས་ཀྱིས་སྔོན་མོ་གཡུ་ཡི་གཟི་མདངས་འཕྲོག་པར་བྱེད་ལ།  ཟླ་ལྔ་བའི་པདྨའི་མངའ་ཁོངས་ཡོངས་སུ་ཇ་ལྗང་གསར་བའི་དྲི་ཞིམ་གྱིས་ཁྱབ་ཅིང་།  ཇ་འཐུ་བུ་མོས་སྒེག་མོའི་སྟངས་སྟབས་ངོམས་བཞིན།  འཇམ་མཉེན་གྱི་ཕྱག་ཟུང་རེ་རེའི་འདེགས་འཇོག་ལས།  བོད་ཇའི་ལས་རིགས་མགྱོགས་མྱུར་འཕེལ་རྒྱས་གོང་སྤེལ་གྱི་རོལ་དབྱངས་རེ་རེ་དཀྲོལ་བཞིན་ཡོད་ལ།  མིག་སྔར་ནི་ཇ་འཐུ་བ་དང་བཟོ་སྐྲུན་བྱེད་པའི་དུས་སྐབས་ཡིན་པས།  མགོ་ལོག་པདྨ་རུ་བྲེལ་འཚུབ་ཆེ་བའི་ཐོན་སྐྱེད་གྱི་རྣམ་པ་མངོན་ཞིང་།  གངས་ལྗོངས་བོད་ཇས་ལྔ་ཚན་བཅུ་གསུམ་འཕེལ་རྒྱས་ཀྱི་འབོད་ཚིག་སྒྲོག་བཞིན་མཆིས།ཉེ་བའི་ལོ་འདི་གའི་རིང་དུ།  པདྨ་རྫོང་གིས་གནས་བབ་ལེགས་པའི་ས་གཤིས་ལ་བརྟེན་ནས།  ས་གནས་ཀྱི་ལྗང་མདོག་སྐྱེ་ཁམས་དང་མི་རིགས་གོམས་གཤིས།  ཐུན་མིན་གྱི་ཐོན་ཁུངས་བཅས་ཀྱི་གནས་བབ་ལེགས་པོ་བེད་སྤྱོད་བྱས་ཏེ།  སྒྲིག་གཞི་དག་སྒྲིག་དང་སྒྲིག་བཀོད་འཐུས་ཚང་གི་ཐབས་ལམ་གྱིས་ཁྱད་ཆོས་ཅན་དང་ཚོང་རྟགས་ཅན།  སྤུས་ལེགས་ཅན་གྱི་ལམ་བུ་གསར་བར་བསྐྱོད་པས།  ཁྱད་ཆོས་ལྡན་པའི་མཐོ་སྒང་གི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་བྱས་པ་མ་ཟད།  ས་གནས་ཀྱི་འབྲོག་དམངས་དབུལ་སེལ་ཕྱུག་སྒྱུར་གྱི་ནུས་པ་ཐོན་ཡོད། 

    པདྨའི་རི་སྐྱེས་གངས་ལྗོངས་བོད་ཇ་ནི་དཔེ་མཚོན་རང་བཞིན་གྱི་ཇ་ནག་གི་རིགས་སུ་གཏོགས་པ་མ་ཟད།  རང་བྱུང་ཡིན་པས་འབག་བཙོག་གིས་བསླད་མེད་ལ།  པདྨའི་ཁྱད་ཆོས་ལྡན་པའི་ཐོན་ལས་རིགས་ཤིག་ཡིན།  མཚོ་ངོས་ལས་མཐོ་ཚད་རྨིད་སུམ་སྟོང་ཉིས་བརྒྱ་ནས་སུམ་སྟོང་ལྔ་བརྒྱའི་མཚམས་སུ་སྐྱེས་ཡོད་པའི་མེ་ཏོག་ལོ་མའི་མངར་འབྲས་དང་ལོ་མ་འགྱུར་བའི་མངར་འབྲས་ཀྱི་ལྗང་བུ་ལས་སྣོན་བྱས་ནས་བཟོ་སྐྲུན་བྱས་པ་ཡིན་པས།  གསུམ་ཕན་བཞི་འགོག་གི་ནུས་པ་ལྡན་ཞིང་།  མིའི་ལུས་ཕུང་གི་རིམས་འགོག་ནུས་ཤུགས་མཐོར་འདེགས་དང་ཚེ་ཐག་ཇེ་རིང་ལ་གཏོང་བའི་བདེ་སྲུང་ནུས་པ་ཧ་ཅང་བཟང་བོ་ལྡན་ལ།  བཟའ་བཏུང་དང་སྨན་རྫས་ཀྱི་ཐད་ལ་རིན་ཐང་མཐོན་པོ་ལྡན་ཡོད།

    རི་སྐྱེས་བོད་ཇའི་ལས་དོན་སྔར་ལས་རྒྱ་བསྐྱེད་བྱས་ནས།  གོམ་གང་མདུན་སྤོས་སྒོས་ལྗང་མདོག་དང་ཁྱད་ལྡན།  གཞི་ཁྱོན་དང་ཚོང་རྟགས་ཅན་གྱི་པདྨའི་གངས་ལྗོངས་བོད་ཇ་སྐྲུན་རྒྱུའི་གནད་འགག་འདི་ལ་དམིགས་ཤིང་།  སིལ་འཚོང་རྣམ་པ་དེ་ཚད་ལྡན་ཅན་གྱི་ཚོང་ལས་དུ་འགྱུར་བར་བྱས།  ཉེ་བའི་ལོ་འདི་གའི་རིང་དུ།  པདྨ་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་གནས་བབ་ལེགས་པའི་ཐོན་ལས་དང་ཐོན་ཁུངས།  ས་ཁུལ་བཅས་སྔོན་ལ་འཕེལ་རྒྱས་བྱེད་པའི་རྩ་དོན་ལྟར།  ཕྱོགས་བསྡུས་རང་བཞིན་གྱི་ལས་སྣོན་རྣམ་པ་ཆ་ཚང་ཞིག་སྐྲུན་ནས།  ཀུང་སི་དང་ཁྱིམ་ཚང་།  རྟེན་གཞི་གཅིག་བསྡུས་དང་།  ཡང་ན་ཀུང་སི་དང་མཉམ་ལས་ཁང་།  ཁྱིམ་ཚང་བཅས་གཅིག་བསྡུས་བྱས་པའི་ཐོན་ལས་ལས་གཉེར་རྣམ་པ་གྲུབ་ཡོད་པས།  ཇ་ཕྱིར་འཚོང་གི་ལམ་བུ་རྒྱ་བསྐྱེད་བྱས་ཤིང་།  ལོ་འགའི་རིང་ལ་འབད་བརྩོད་བྱས་པ་བརྒྱུད་དེ།  པདྨས་མཚོ་སྔོན་གྱི་མུའུ་ཁྲི་ཅན་གྱི་བོད་ཇ་རྨོ་འདེབས་རྟེན་གཞི་ཐོག་མར་བཙུགས་ཤིང་།  རྨོ་འདེབས་རྒྱ་ཁྱོན་མུའུ་ཁྲི་གཅིག་དང་སྟོང་བཞི་བརྒྱ་ལ་སླེབས་པ་དང་།  མཚོ་སྔོན་གྱི་བོད་ཇ་ལས་སྣོན་བྱེད་ས་ཐོག་མ་འཛུགས་གྲུབ་བྱུང་ལ།  གངས་ལྗོངས་བོད་ཇའི་ཐོན་ཚད་ལོ་རེ་ནས་ཇེ་མང་དུ་འགྲོ་བཞིན་ཡོད།  མ་འོང་པར་པདྨ་རྫོང་གིས་ཇའི་ཐོན་ལས་དང་ལྗང་མདོག་སྐྱེ་ཁམས་ཐོན་ལས་ཕན་ཚུན་ཟུང་འབྲེལ་བྱས་ཏེ།  ཇ་དམར་དང་ཇ་ལྗང་སོགས་རིགས་མང་པོ་འཕེལ་རྒྱས་བྱེད་པར་རྒྱབ་སྐྱོར་བྱས་ནས་སྣ་མང་གི་ཐོན་སྐྱེད་ལས་གཉེར་རྣམ་པ་གྲུབ་པར་བྱེད་པ་དང་།  མུ་མཐུད་ཇ་གསར་བའི་རྟེན་གཞི་གསར་སྤེལ་བྱས་ཏེ།  ཐོན་རྫས་གསར་བ་འདེབས་འཛུགས་བྱེད་རྒྱུ།  མིག་སྔར།  ཇ་འཐུ་མཁན་དང་རྨོ་འདེབས་བྱེད་པའི་བཟོ་བ་མང་ཆེ་བ་ནི་མཐའ་སྐོར་གྱི་གཟིགས་སྐྱོང་བུད་མེད་ཡིན་ལ།  ཆེ་བ་ལོ་བརྒྱད་ཅུ་ནས་ཆུང་བ་ན་གཞོན་ཐམས་ཅད་ཇ་འཐུ་མཁན་གྱི་བཟོ་བ་རུ་གྱུར་ཡོད།

    མིག་སྔར་པདྨ་རྫོང་གིས་གངས་ལྗོངས་བོད་ཇའི་ཐོན་རྫས་ལས་སྣོན་དང་སྡོང་ཕྲུག་གསོ་སྐྱོང་།  རྨོ་འདེབས་ཚོད་ལྟ།ཚན་རིག་ཞིབ་འཇུག་གསོ་སྦྱོང་བཅས་གཅིག་བསྡུས་བྱས་པའི་མཚོ་སྔོན་གྱི་བོད་ཇའི་ཐོན་ལས་ར་བ་བཙུགས་ཡོད་ལ།  བོད་ཇ་ཐོན་ལས་ནི་པདྨའི་སྨར་ཁོག་གཙང་བོའི་འགྲམ་རྒྱུད་ཀྱི་རོང་འབྲོག་དམངས་དབུལ་སེལ་ཕྱུག་སྒྱུར་བྱེད་པའི་ཐོན་ལས་གཙོ་བོར་གྱུར་ཡོད།  དུས་མཚུངས་སུ།  མཚོ་སྔོན་ཞིང་ཨུའི་ཧྲུའུ་ཅི་ལོ་ཧའོ་ཉིན་དང་ཧྲིན་ཀྲང་ཧའོ་ཕིན།  ཞིང་ཆེན་སྲིད་གྲོས་ཀྲུའུ་ཞི་རིན་ཆེན་རྒྱལ།  ཞིང་ཨུའི་ཧྲུའུ་ཅི་གཞོན་པ་ཝང་ཅན་ཅིན།  ཞིང་ཨུའི་རྒྱུན་ཨུའམ་འཐབ་ཕྱོགས་གཅིག་གྱུར་པུའུ་ཀྲང་བསྟན་ཁོ།  ཧྲིན་ཀྲང་གཞོན་པ་ཡཱན་ཅུན་ཧའེ་བཅས་ཞིང་ཆེན་མགོ་ཁྲིད་ཀྱིས་སྔ་རྗེས་སུ་པདྨའི་བོད་ཇའི་རྟེན་གཞི་ལ་གཟིགས་ཞིབ་མཛད་པ་མ་ཟད།  གྲུབ་འབྲས་ཁས་ལེན་བྱས་ཤིང་།  ཐོན་ལས་འཕེལ་རྒྱས་ལ་མཛུབ་སྟོན་རང་བཞིན་གྱི་བསམ་འཆར་བཏོན།  པདྨས་བོད་ཇ་འཕེལ་རྒྱས་བྱེད་པའི་བརྡ་འཕྲིན་ཀྲུང་དབྱང་བརྙན་འཕྲིན་ཁང་དང་མཚོ་སྔོན་ཉིན་རེའི་ཚགས་པར།  མཚོ་སྔོན་བརྙན་འཕྲིན།  ཞིན་ཧྭ་དྲ་བ།  ཀྲུང་གོའི་ལྗང་མདོག་ཚགས་པར།  མཚོ་སྔོན་ནགས་ལས་བརྡ་འཕྲིན་དྲ་བ་སོགས་སྨྱན་བྱེད་གསར་འགྱུར་མང་པོ་རུ་གསར་འགོད་བྱས་པས།  གངས་ལྗོངས་བོད་ཇ་ནི་པའེ་ཏུའུ་དྲ་ལམ་ནས་འཚོལ་ཞིབ་གཟིགས་མོ་བྱེད་པའི་ཚིག་གཙོ་བོར་གྱུར་ཞིང་།  སྤྱི་ཚོགས་ཀྱི་ཕན་འབྲས་ལེགས་པོ་བླངས་ཡོད།

ཡིག་སྒྱུར་བ།  ཆོས་ལོ།

 
· ༄༅།། པདྨ་རྫོང་གི་བོད་ཇ་དང་རྫ་ན 2018/6/3
· ༄༅།། མཚོ་སྔོན་གྱིས་ཞིང་ཆེན་ཡོང 2018/7/19 17:51:07
· ༄༅།།སྐབས་དང་པོའི་ཀྲུང་གོའི་སྨན 2018/7/19
· ༄༅།། ཞི་ཅིན་ཕིང་གིས་ཨ་རབ་མཉམ་འ 2018/7/19 17:35:05
· ༄༅།།ཞིང་ཆེན་རིག་ལྷན་གྱིས་པདྨ་ན 2018/7/19
· ༄༅།། མཚོ་སྔོན་ཞིང་ཆེན་སྒྲིག་ཁྲ 2018/7/19 17:22:02
· ༄༅།།པདྨ་རྫོང་གིས་ལས་བྱེད་པའི་ས 2018/7/19

2008-2012 པདྨ་རྫོང་མི་དམངས་སྲིད་གཞུང་། All Rights Reserved
09758322651 མགོ་ལོག པདྨ  ཆ་འཕྲིན་རབ་གསལ། :814100
པདྨ་རྫོང་མི་དམངས་སྲིད་གཞུང་།