ཚོགས་ཆེན་གཉིས་ཀྱི་ཆེད་དོན་ལེ་ཚན། པདྨ་རྫོང་མི་དམངས་སྲིད་གཞུང་།  
ཤོག་ངོས་དང་པོ། :> སྲིད་གཞུང་སྤྱི་བསྒྲགས།
༄༅།།མཚོ་སྔོན་ཞིང་ཆེན་དམག་ཁུལ་ཆབ་སྲིད་ཨུ་ཡོན་ལིས་ཉིང་པདྨ་རྫོང་དམར་དམག་ལུང་བར་ཕེབས་ཏེ་ལས་དོན་རྟོག་ཞིབ་བྱས།
འབྱུང་ཁུངས།: 2016/6/1 8:44:13

 ༄༅།།མཚོ་སྔོན་ཞིང་ཆེན་དམག་ཁུལ་ཆབ་སྲིད་ཨུ་ཡོན་ལིས་ཉིང་པདྨ་རྫོང་དམར་དམག་ལུང་བར་ཕེབས་ཏེ་ལས་དོན་རྟོག་ཞིབ་བྱས།

    ཟླ་ལྔ་བའི་ཚེས་ཉེར་བདུན་ཉིན།  མཚོ་སྔོན་ཞིང་ཆེན་དམག་ཁུལ་ཆབ་སྲིད་ཨུ་ཡོན་ལིས་ཉིང་དང་བཅས་པའི་མི་དྲུག་པདྨར་ཕེབས་ཏེ་ལས་དོན་རྟོག་ཞིབ་བྱས་ཤིང་།  པདྨ་རྫོང་ཨུ་དང་རྫོང་སྲིད་གཞུང་།  སྨར་ཁོག་ནགས་ལས་ཅུས་སོགས་འབྲེལ་ཡོད་འགན་འཁུར་བས་ཕེབས་རོགས་གནང་ནས།  པདྨ་རྫོང་དམར་དམག་ལུང་བ་དང་གསར་བརྗེའི་འགྲེམ་སྟོན་ཁང་།  གསེར་མདོག་རིག་གནས་དབུལ་སྐྱོར་ཐོན་ལས་ར་བ་བཅས་ཀྱི་ཡུལ་དངོས་སུ་སོང་ནས་རྟོག་ཞིབ་བྱས། 

    གསར་བརྗེའི་འགྲེམ་སྟོན་ཁང་དང་དམར་དམག་ལུང་བར་ལྟ་ཞིབ་བྱེད་དུས།  སྲིད་ཨུ་ལིས་ཉིང་གིས་དམར་དམག་སྔོན་གཤེགས་དཔའ་བོའི་རྡོ་རིང་ལ་ཁ་བཏགས་ཕུལ་ཞིང་།  ཁོང་གིས་བསྟན་དོན།  པདྨ་ནི་དམར་དམག་རྒྱང་བསྐྱོད་མཚོ་སྔོན་དུ་བརྒྱུད་པའི་ས་ཆ་གཅིག་པུ་ཡིན་པས།  པདྨ་རྫོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕེང་གིས་གསར་བརྗེའི་ཐོན་ཁུངས་བེད་སྤྱོད་ལེགས་པོ་བྱེད་པ་དང་གསར་བརྗེའི་སྲོལ་རྒྱུན་དར་སྤེལ་དང་རྒྱུད་འཛིན་ལེགས་པོ་བྱེད་དགོས་ཞེས་གསུང་བའི་མཛུབ་སྟོན་དགོངས་དོན་ལྟར།  གཅིག་ནས་དམར་དམག་ལུང་བའི་གནའ་ཤུལ་སྲུང་སྐྱོབ་བྱ་བར་མཐོང་ཆེན་བྱས་ཏེ།  འཆར་འགོད་ལ་ཤུགས་སྣོན་དང་རྙིང་བ་སླར་གསོ་བྱས་པ་སྔོན་དང་མཚུངས་བར་བྱེད་པ་དང་།  རྒྱུན་སྲུང་ལེགས་པོ་བྱས་ནས་གསར་བརྗེའི་ཐོན་ཁུངས་བེད་སྤྱོད་ལེགས་པོ་བྱེད་རྒྱུ་མ་ཟད།  དམར་དམག་པདྨ་ནས་སྡོད་སྐབས་ཀྱི་རིག་དངོས་ཤུལ་བཞག་དང་འབྲེལ་ཡོད་དོན་རྐྱེན་གཏིང་ཟབ་སྔོག་འདོན་བྱས་ནས།  དམར་དམག་གི་སྙིང་སྟོབས་རྒྱུད་འཛིན་དང་དར་སྤེལ་བྱེད་དགོས།  གཉིས་ནས་གསར་འགྱུར་སྨྱན་བྱེད་ལ་འབྲེལ་གཏུག་བྱས་པ་བརྒྱུད་དེ།  ལམ་བུ་དང་ཕྱོགས་མང་པོ་ནས་དམར་དམག་ལུང་བ་དྲིལ་སྒྲོག་བྱེད་པ་དང་།  དམར་དམག་རྒྱང་བསྐྱོད་སྙིང་སྟོབས་དང་དམར་དམག་གི་པདྨའི་སྙིང་སྟོབས་མུ་མཐུད་དར་སྤེལ་བྱས་ཏེ།  རྒྱལ་གཅེས་རིང་ལུགས་སྐོར་གྱི་བྱེད་སྒོ་སྤེལ་བ་དང་།  རྒྱལ་གཅེས་རིང་ལུགས་དཀྱིལ་སྙིང་ཡིན་པའི་དུས་རབས་སྙིང་སྟོབས་སྔར་ལས་དར་སྤེལ་ཆེན་པོ་བྱེད་དགོས།  གསུམ་ནས་རྒྱལ་ཁབ་ཀྱི་གནད་འཁེལ་དབུལ་སྐྱོར་སོགས་འབྲེལ་ཡོད་སྲིད་ཇུས་ལ་ཟུང་འབྲེལ་གྱི་ནུས་པ་འདོན་སྤེལ་ལེགས་པོ་བྱེད་དགོས།  དམར་དམག་ལུང་བ་ནི་རྒྱལ་གཅེས་རིང་ལུགས་སློབ་གསོའི་རྟེན་གཞི་ཡིན་པ་མ་ཟད།  དབུལ་སྐྱོར་རྟེན་གཞི་ཞིག་ཀྱང་ཡིན་པས།  གསར་བརྗེའི་ཡུལ་སྐོར་གསར་སྤེལ་ནུས་ཤུགས་སྔར་ལས་ཇེ་ཆེར་བཏང་སྟེ།  གསར་བརྗེའི་ཡུལ་སྐོར་ཆེས་ལེགས་པའི་ལམ་ཐིག་ཅིག་སྐྲུན་པ་དང་།  གསར་བརྗེའི་ཐོན་ཁུངས་དེ་འཕེལ་རྒྱས་ཐོན་ཁུངས་ཤིག་ཏུ་སྐུལ་འདེད་བྱས་ནས།  ས་གནས་མང་ཚོགས་ཕྱུག་སྒྱུར་དང་ཡོང་སྒོ་འཕར་སྣོན་བྱེད་ས་ཞིག་ཏུ་སྒྱུར་དགོས་གསུངས། 

  ཐོན་ལས་ར་བར་རྟོག་ཞིབ་བྱེད་སྐབས།  སྲིད་ཨུ་ལིས་ཉིང་གིས་སྲོལ་རྒྱུན་ལག་ཤེས་ཁེ་ལས་འགན་འཁུར་བ་དང་ལྷན་དུ་འབྲེལ་འདྲིས་བྱས་ཤིང་།  སྲོལ་རྒྱུན་ལག་ཤེས་རིག་གནས་དང་ཁེ་ལས་འཕེལ་རྒྱས་འཁོར་རྒྱུག་གནས་ཚུལ་ལ་རྒྱུས་ལོན་ཟབ་མོ་བྱས་ལ།  ཁེ་ལས་འགན་འཁུར་བས་མུ་མཐུད་སྲོལ་རྒྱུན་ལག་ཤེས་རྒྱུད་འཛིན་དང་དར་སྤེལ་བྱེད་རྒྱུར་སྐུལ་མ་གནང་བ་མ་ཟད།  གནད་འཁེལ་དབུལ་སྐྱོར་བྱ་བར་ཟུང་འབྲེལ་བྱས་ཏེ།  དབུལ་ཕོངས་ཁྱིམ་ཚང་གི་མི་ལ་ལག་རྩལ་གསོ་སྦྱོང་བྱ་བ་སྒྲུབ་པར་ཤུགས་སྣོན་བྱེད་པ་དང་།  དབུལ་ཕོངས་ཁྱིམ་ཚང་གི་བུ་དང་བུ་མོ་མང་པོ་ཞིག་གསོ་སྦྱོང་བྱས་ནས།ནུས་རྩལ་གྱིས་མི་སྐོར་ཞིག་དབུལ་སེལ་བྱེད་དགོས་གསུངས། 

ཡིག་སྒྱུར་བ།  ཆོས་ལོ།

 
 
· ལིག་ཀྲིན་དབུས། 2018/5/11
· རྒྱལ་འབུམ་འཁྲུངས། 2018/5/11
· ལྷ་ཆེན་ཚེ་རིང་། 2018/5/11
· ཀརྨ་སྐྱིད། 2018/5/11
· ལུའོ་ཧུང་ལིན། 2018/5/11
· ལི་ཧྥུའུ་ཉེན། 2018/5/11
· པདྨ་རྫོང་གིས2019ལོའི་དབུལ་ཐར་འ 2019/11/11

2008-2012 པདྨ་རྫོང་མི་དམངས་སྲིད་གཞུང་། All Rights Reserved
09758322651 མགོ་ལོག པདྨ  ཆ་འཕྲིན་རབ་གསལ། :814100
པདྨ་རྫོང་མི་དམངས་སྲིད་གཞུང་།