ཚོགས་ཆེན་གཉིས་ཀྱི་ཆེད་དོན་ལེ་ཚན། པདྨ་རྫོང་མི་དམངས་སྲིད་གཞུང་།  
ཤོག་ངོས་དང་པོ། :> སྲིད་གཞུང་སྤྱི་བསྒྲགས།
༄༅།།པདྨ་རྫོང་མདོག་གསུམ་པདྨའི་སྒྱུ་རྩལ་རུ་ཁག་པེ་ཅིན་དུ་སོང་ནས་འཁྲབ་སྟོན་བྱེད་རྒྱུ་རེད།
འབྱུང་ཁུངས།: 2016/5/31 11:57:42

༄༅།།པདྨ་རྫོང་མདོག་གསུམ་པདྨའི་སྒྱུ་རྩལ་རུ་ཁག་པེ་ཅིན་དུ་སོང་ནས་འཁྲབ་སྟོན་བྱེད་རྒྱུ་རེད།

     ཉེ་ཆར།  པདྨ་རྫོང་གིས་མདོག་གསུམ་པདྨའི་སྒྱུ་རྩལ་རུ་ཁག་པེ་ཅིན་དུ་སོང་ནས་འཁྲབ་སྟོན་བྱེད་རྒྱུའི་སྐུལ་སློང་ཚོགས་ཆེན་འཚོགས།

    རྒྱུས་ལོན་བྱས་པ་ལྟར་ན།  རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་ཐོབ་ཅིང་།  རྒྱལ་ཁབ་དམངས་སྲིད་ཨུ་དང་རིག་གནས་པུའུ།  གསར་འགྱུར་དཔེ་སྐྲུན་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ཅུས།  པེ་ཅིན་གྲོང་ཁྱེར་མི་དམངས་སྲིད་གཞུང་བཅས་ཀྱིས་གཙོ་སྒྲུབ་བྱས་ཤིང་།  པེ་ཅིན་གྲོང་ཁྱེར་དམངས་སྲིད་ཨུ་དང་པེ་ཅིན་གྲོང་ཁྱེར་རིག་གནས་ཅུས།  པེ་ཅིན་གྲོང་ཁྱེར་གསར་འགྱུར་དཔེ་སྐྲུན་རྒྱང་སྒྲོག་བརྙན་འཕྲིན་ཅུས་བཅས་ཀྱིས་འགན་སྒྲུབ་བྱས་པའི་སྐབས་ལྔ་བའི་རྒྱལ་ཡོངས་གྲངས་ཉུང་མི་རིགས་རིག་རྩལ་འཁྲབ་སྟོན་ཟླ་བརྒྱད་པའི་ནང་པེ་ཅིན་དུ་སྤེལ་རྒྱུ་ཡིན་པས།  རིམ་པ་རེ་རེ་བཞིན་ཡར་ཞུ་དང་བདམས་གསེས་བརྒྱུད་དེ།  རང་རྫོང་གི་མདོག་གསུམ་པདྨའི་སྒྱུ་རྩལ་རུ་ཁག་སྐབས་ལྔ་བའི་རྒྱལ་ཡོངས་ཀྱི་གྲངས་ཉུང་མི་རིགས་རིག་རྩལ་འཁྲབ་སྟོན་སྟེང་གདན་ཞུ་བྱས།

    པདྨ་རྫོང་རིག་གནས་རྒྱང་སྒྲོག་བརྙན་འཕྲིན་ཅུས་ཀྲང་བཀྲ་ཤིས་ཀྱིས་མཚམས་སྦྱོར་བྱས་པ་ལྟར་ན།  སྐབས་ལྔ་བའི་རྒྱལ་ཡོངས་གྲངས་ཉུང་མི་རིགས་རིག་རྩལ་འཁྲབ་སྟོན་སྟེང་ཞུགས་པའི་ལེ་ཚན་ཞེ་ལྔ་ཡས་མས་ཡོད་ལ།  དེའི་ཁྲོད་དུ་མི་རིགས་ཞིང་ཆེན་དང་ས་ཁུལ་བརྒྱད་ཀྱིས་ལེ་ཚན་གཉིས་རེ་འཁྲབ་སྟོན་དུ་ཞུགས་ཡོད།  པདྨ་རྫོང་གི་མདོག་གསུམ་པདྨའི་རིག་རྩལ་རུ་ཁག་ལ་ཤིན་ཏུ་གལ་ཆེ་བའི་གོ་སྐབས་འདི་ཐོབ་པ་ནི་རིག་རྩལ་རུ་ཁག་གི་མཚན་སྙན་ཡིན་པ་མ་ཟད།  པདྨ་རྫོང་ཡོངས་ཀྱི་མི་དམངས་ཚང་མ་དགའ་འོས་པའི་དོན་དག་ཅིག་ཡིན་པས།  ང་ཚོས་གྲ་སྒྲིག་ལེགས་པོ་བྱས་ཡོད་ལ།  མིག་སྔར་འཁྲབ་སྟོན་མི་སྣ་ཡོངས་ཀྱིས་སྦྱོང་བརྡར་བྱེད་བཞིན་ཡོད།  རང་རྫོང་ནས་ཟླ་གཅིག་ལྷག་ལ་ཐོག་མར་སྦྱོང་བརྡར་བྱས་རྗེས།  པེ་ཅིན་དུ་སོང་ནས་ཟླ་གཅིག་དང་ཕྱེད་ཀའི་རིང་ལ་སྦྱོང་བརྡར་མཐོར་འདེགས་ནན་མོ་བྱས་རྗེས།  མི་དམངས་ཚོགས་ཁང་ཆེན་མོའི་ནང་དངོས་སུ་འཁྲབ་སྟོན་བྱེད་རྒྱུ་རེད།

    པདྨ་རྫོང་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་གསུངས་རྒྱུར།  མདོག་གསུམ་པདྨའི་རིག་རྩལ་རུ་ཁག་ནི་པདྨ་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུད་འཛིན་དར་སྤེལ་བྱེད་པ་དང་།  མི་རིགས་རིག་རྩལ་གྱི་ཐུན་མིན་མཛེས་པ་ངོམས་ཏེ།  མི་རིགས་རིག་རྩལ་ལས་དོན་ཕུན་ཚོགས་འཕེལ་རྒྱས་བྱེད་པ་དང་།  ས་གནས་མི་དམངས་དབུལ་སེལ་ཕྱུག་སྒྱུར་བྱེད་པར་རྒྱབ་སྐྱོར་སྒོས་བཙུགས་པའི་ལས་སྒུག་ན་གཞོན་གཙོ་བྱས་ཤིང་།  རིག་རྩལ་ལ་དགའ་བའི་རོང་འབྲོག་དམངས་དཀའ་ངལ་ཅན་གྱིས་གྲུབ་པའི་རིག་རྩལ་རུ་ཁག་ཅིག་ཡིན།  ཉེ་བའི་ལོ་འདི་གའི་རིང་ལ།  མི་རིགས་ཀྱི་གོམས་སྲོལ་ལྡན་ཞིང་འཚོ་བའི་རྣམ་པ་མངོན་པ།  བསམ་བློའི་བརྩེ་དུང་ཟབ་པ།  མི་རིགས་དང་ས་ཁོངས།  དུས་རབས་ཀྱི་ཁྱད་ཆོས་ལྡན་པའི་རིག་རྩལ་རྣམ་པ་དང་ལེ་ཚན་སྔོག་འདོན་གསར་གཏོད་བྱས་ཏེ།  སྔ་རྗེས་སུ་ཧྲང་ཧེ་དང་ཀན་སུའུ།  ཟི་ལིང་།  ཁུལ་དང་རྫོང་བཅས་ཀྱི་རིག་རྩལ་འཁྲབ་སྟོན་དང་འགྲན་བསྡུར་ལ་ཞུགས་ནས།  པདྨའི་དམངས་གཤིས་དང་དམངས་སྲོལ།  དམངས་ཀྱི་གནས་ཚུལ་ངོམས་པར་བྱས་ལ།  པདྨ་མི་དམངས་ཀྱི་འཚོ་བར་དགའ་ཞིང་དུས་རབས་གསར་བར་བསྐྱོད་པའི་སྙིང་སྟོབས་མཚོན་པར་བྱས་པས།  ས་གནས་མང་ཚོགས་དང་འཁྲབ་སྟོན་བྱེད་སའི་ལྟད་མོ་བ་རྣམས་ཀྱིས་གདེང་འཇོག་མཐོན་པོ་ཐོབ་ལ།  ཉིས་སྟོང་བཅོ་ལྔའི་ལོར་རྒྱལ་ཡོངས་སྐོར་བྲོ་འགྲན་བསྡུར་ཁྲོད་ཨང་དང་པོ་བླངས།  ཐེངས་འདིར་པེ་ཅིན་ལ་འཁྲབ་སྟོན་བྱེད་དུ་འགྲོ་བར་ཞིང་ཨུ་དང་ཁུལ་ཨུ།  ཞིང་ཆེན་དང་ཁུལ་གྱི་ལས་དོན་སྡེ་ཁག་གིས་ཚད་མཐོན་པོས་མཐོང་ཆེན་དང་རྒྱབ་སྐྱོར་བྱས་ཤིང་།  རང་རྫོང་གིས་ཞིང་ཆེན་ཞབས་བྲོ་མཐུན་ཚོགས་ཀྱི་ཀྲུའུ་ཞི་བཙུན་ཐར་དང་མཚོ་སྔོན་བདེ་སྐྱིད་དམངས་ཁྲོད་རིག་རྩལ་རུ་ཁག་གི་མགོ་བ་རྡོ་རྗེ་མཚོ་གདན་ཞུ་བྱས་ནས་མཛུབ་སྟོན་སྦྱོང་བརྡར་བྱས།  གྲུབ་འབྲས་ལེགས་པོ་ལོན་པར་རེ་བ་ཡོད་ལ།  དེ་ལས་གལ་ཆེ་བ་ནི་རྒྱལ་ཡོངས་ཀྱི་ལྟད་མོ་བ་རྣམས་ལ་མཐོ་སྒང་གི་བུ་དང་བུ་མོའི་མེས་རྒྱལ་ལ་དགའ་ཞིང་ཕ་ཡུལ་ལ་དགའ་བ།  འཚོ་བར་དགའ་བའི་གཟུགས་བརྙན་ལེགས་པོ་མངོན་རྒྱུ་དེ་རེད་ཅེས་གསུངས།

ཡིག་སྒྱུར་བ།  ཆོས་ལོ།

 
 
· ལིག་ཀྲིན་དབུས། 2018/5/11
· རྒྱལ་འབུམ་འཁྲུངས། 2018/5/11
· ལྷ་ཆེན་ཚེ་རིང་། 2018/5/11
· ཀརྨ་སྐྱིད། 2018/5/11
· ལའོ་ཧོང་ལིན། 2018/5/11
· ལི་ཧྥུ་ཉན། 2018/5/11
· མཚོ་སྔོན་ཀན་སུའུ་སི་ཁྲོན་མཐའ་འ 2019/8/23

2008-2012 པདྨ་རྫོང་མི་དམངས་སྲིད་གཞུང་། All Rights Reserved
09758322651 མགོ་ལོག པདྨ  ཆ་འཕྲིན་རབ་གསལ། :814100
པདྨ་རྫོང་མི་དམངས་སྲིད་གཞུང་།