ཚོགས་ཆེན་གཉིས་ཀྱི་ཆེད་དོན་ལེ་ཚན། པདྨ་རྫོང་མི་དམངས་སྲིད་གཞུང་།  
ཤོག་ངོས་དང་པོ། :> དཔལ་འབྱོར་འཛུགས་སྐྲུན།
༄༅།།པདྨ་རྫོང་གི་ཆུའིཐོན་ཁུངས་རྒྱ་བསྐྱེད་དང་ཆ་ཚང་སྦུ་གུའི་དྲ་རྒྱ་འཛུགས་སྐྲུན་རྣམ་གྲངས་ལས་སྣོན་ཁང་བའི་རྨང་གཞི་སྔོན་དཔག་དུས་ཡུན་ལྟར་རྩིས་ལེན་བྱས།
འབྱུང་ཁུངས།: 2016/5/18 8:57:26

 ༄༅།།པདྨ་རྫོང་གི་ཆུའིཐོན་ཁུངས་རྒྱ་བསྐྱེད་དང་ཆ་ཚང་སྦུ་གུའི་དྲ་རྒྱ་འཛུགས་སྐྲུན་རྣམ་གྲངས་ལས་སྣོན་ཁང་བའི་རྨང་གཞི་སྔོན་དཔག་དུས་ཡུན་ལྟར་རྩིས་ལེན་བྱས།

    པདྨ་རྫོང་གི་ཆུའི་ཐོན་ཁུངས་རྒྱ་བསྐྱེད་བཅོས་སྒྱུར་དང་ཆ་ཚང་སྦུ་གུའི་དྲ་རྒྱ་འཛུགས་སྐྲུན་རྣམ་གྲངས་བདེ་ལེགས་ངང་ལག་བསྟར་བྱས་ཤིང་།  རྫོང་རྒྱལ་ས་ཅུས་ཀྱིས་གྲོང་འཛུགས་དང་འཕེལ་རྒྱས་བཅོས་སྒྱུར་སྡེ་ཁག་ལ་མཉམ་འབྲེལ་བྱས་ཏེ།  2016ལོའི་ཟླ5བའི་ཚེས 12ཉིན་གྱི་ཕྱི་དྲོ།  སེ་ལེ་ཐང་གྲོང་རྡལ་གྱི་འབོ་སྤ་ལུང་བའི་ནང་དུ།  པདྨ་རྫོང་གི་ཆུའིཐོན་ཁུངས་རྒྱ་བསྐྱེད་དང་ཆ་ཚང་སྦུ་གུའི་དྲ་རྒྱ་འཛུགས་སྐྲུན་རྣམ་གྲངས་ལས་སྣོན་ཁང་བའི་རྨང་གཞི་སྔོན་དཔག་དུས་ཡུན་ལྟར་རྩིས་ལེན་བྱ་བ་སྒྲུབ།

    རྩིས་ལེན་གྱི་གོ་རིམ་ཁྲོད་དུ།ལས་སྒྲུབ་མི་སྣས་བདེ་འཇགས་བཟོ་སྐྲུན་དང་དཔལ་ཡོན་བཟོ་སྐྲུན།  ཁོར་ཡུག་སྲུང་སྐྱོབ་སོགས་ཀྱི་ཐད་ལ་བྱ་བ་སྒྲུབ་པའི་གནས་ཚུལ་ཞིབ་ཏུ་རྟོག་དཔྱད་བྱས་ཤིང་།  བཟོ་སྐྲུན་ས་ཁུལ་དུ་གསལ་བརྡའི་བྱང་བུ་འགེལ་བ་དང་བཟོ་སྐྲུན་མི་སྣ་ཡོངས་ཀྱིས་བདེ་འཇགས་ཞྭ་མོ་གྱོན་ནས།  བདེ་འཇགས་སྔོན་འགོག་བྱ་ཐབས་སྤྱད་རྒྱུམ་ཟད།  ལྟ་ཞིབ་དོ་དམ་པ་དང་བཟོ་སྐྲུན་འགན་འཁུར་བ་སོགས་རྣམ་གྲངས་འབྲེལ་ཡོད་འགན་འཁུར་མི་སྣ་ཡོད་ཚད་ལས་གནས་སུ་ཐོན་དགོས་ལ།  དུས་ཚོད་ཉེར་བཞིར་ལས་གནས་དང་མི་བྲལ་ཞིང་ལས་བྱོལ་མི་བྱེད་པ་དང་།  རྣམ་གྲངས་བཟོ་སྐྲུན་ཁྲོད་དུ་རྣམ་གྲངས་རྒྱུ་ཆ་དང་བཟོ་སྐྲུན་མགྱོགས་ཚད་མཉམ་དུ་རྗེས་འདེད་བྱས་ཏེ།  བཟོ་སྐྲུན་བདེ་ལེགས་ངང་སྤེལ་བར་ཁག་ཐེག་བྱེད་རྒྱུའི་བླང་བྱ་བཏོན།  ཆེད་ལས་མི་སྣས་ལྟ་ཞིབ་དང་ཞིབ་དཔྱད་ཚད་ལེན།  རྩད་ཞིབ་ཐིག་ལེན་བཅས་གོ་རིམ་ཚད་ལྡན་གྱི་བླང་བྱའི་ཁྲོད་རྩིས་ལེན་བྱ་བ་བདེ་ལེགས་ངང་ཡོངས་འགྲུབ་བྱས།

ཡིག་སྒྱུར་བ།  ཆོས་ལོ།

 
 
· ལིག་ཀྲིན་དབུས། 2018/5/11
· རྒྱལ་འབུམ་འཁྲུངས། 2018/5/11
· ལྷ་ཆེན་ཚེ་རིང་། 2018/5/11
· ཀརྨ་སྐྱིད། 2018/5/11
· ལུའོ་ཧུང་ལིན། 2018/5/11
· ལི་ཧྥུའུ་ཉེན། 2018/5/11
· པདྨ་རྫོང་གིས2019ལོའི་དབུལ་ཐར་འ 2019/11/11

2008-2012 པདྨ་རྫོང་མི་དམངས་སྲིད་གཞུང་། All Rights Reserved
09758322651 མགོ་ལོག པདྨ  ཆ་འཕྲིན་རབ་གསལ། :814100
པདྨ་རྫོང་མི་དམངས་སྲིད་གཞུང་།