ཚོགས་ཆེན་གཉིས་ཀྱི་ཆེད་དོན་ལེ་ཚན། པདྨ་རྫོང་མི་དམངས་སྲིད་གཞུང་།  
ཤོག་ངོས་དང་པོ། :> དཔལ་འབྱོར་འཛུགས་སྐྲུན།
༄༅།།པདྨ་རྫོང་གིས་གནད་འཁེལ་དབུལ་སྐྱོར་ཐོན་ལས་དབུལ་སྐྱོར་རྣམ་གྲངས་བདམས་གསེས་གྲོས་ཚོགས་འཚོགས།
འབྱུང་ཁུངས།: 2016/5/17 8:53:06

 ༄༅།།པདྨ་རྫོང་གིས་གནད་འཁེལ་དབུལ་སྐྱོར་ཐོན་ལས་དབུལ་སྐྱོར་རྣམ་གྲངས་བདམས་གསེས་གྲོས་ཚོགས་འཚོགས།

    ཞིང་ཆེན་དང་ཁུལ་ཨུའི་ལོ་བཞིར་གཅིག་བསྡུས་མཁྲེགས་གཏོར་དང་ལོ་གཅིག་ལ་སྲ་བརྟན་མཐོར་འདེགས་བྱེད་རྒྱུའི་དམིགས་འབེན་ལྟར།སྐོར་གཅིག་ཅན་བརྒྱད་ཀྱི་དབུལ་སེལ་མཁྲེགས་གཏོར་འགུལ་སྐྱོད་འཆར་གཞི་དོན་འཁྱོལ་བྱེད་པར་ཁག་ཐེག་བྱས་ཏེ། ཟླ5བའི་ཚེས 13ཉིན།རང་རེའི་རྫོང་གིས་གནད་འཁེལ་དབུལ་སྐྱོར་ཐོན་ལས་རོགས་འདེགས་རྣམ་གྲངས་བདམས་གསེས་གྲོས་ཚོགས་འཚོགས་ཤིང་།རྫོང་ཡོངས་ཀྱི་ཞང་གྲོང་ཏང་སྲིད་ཀྱི་འགན་འཁུར་བ་གཙོ་བོ་དང་རྫོང་སྲིད་གཞུང་གི་ལས་ཁུངས་སོ་སོའི་འགན་འཁུར་བ་གཙོ་བོ་བཅས་གྲོས་ཚོགས་སུ་ཞུགས་ལ།ཞིང་ལས་དངུལ་ཁང་དང་བཟོ་ཚོང་སོགས་ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་འགན་འཁུར་བ་གཙོ་བོ་གྲོས་ཚོགས་སུ་གདན་ཞུ་བྱས།རྫོང་སྲིད་གཞུང་གི་རྫོང་དཔོན་གཞོན་པ་མཱ་རྟ་མགྲིན་གྱིས་གྲོས་ཚོགས་ལ་མདོ་འཛིན་བྱས་ཤིང་།གཙོ་བོར་གོམ་རིམ་རྗེས་མའི་གནད་འཁེལ་དབུལ་སྐྱོར་བྱ་བ་ཞིབ་ཕྲ་སྒོས་བཀོད་སྒྲིག་དང་རྣམ་གྲངས་འདེམས་གསེས་བྱས།

    གཅིག  གནད་འཁེལ་དབུལ་སྐྱོར་བྱ་བའི་ལས་བགོས་དོ་དམ་རྫོང་དཔོན་གཞོན་པ་མཱ་རྟ་མགྲིན་གྱིས་གནད་འཁེལ་དབུལ་སྐྱོར་ཐོན་ལས་གསར་སྤེལ་འཆར་གཞི་ཞིབ་ཕྲ་སྒོས་མཚམས་སྦྱོར་བྱས།

    གཉིས།  ཞང་གྲོང་འགན་འཁུར་བས་རང་སོ་སོའི་ཞང་གྲོང་གི་དངོས་ཡོད་ལ་ཟུང་འབྲེལ་དང་རྟོག་ཞིབ་གཏིང་ཟབ་བྱས་རྗེས།  ངེས་གཏན་བྱས་པའི་ཐོན་ལས་གསར་སྤེལ་འཆར་གཞི་རེ་རེ་བཞིན་སྙན་ཞུ་བྱས།

    གསུམ།  རྫོང་མི་དོན་ཅུས་ཀྲང་ཧྥུན་ཀྲུང་མེན་གྱིས་ལས་ཞུགས་ལས་སྐྲུན་མ་དངུལ་གྱིས་དབུལ་སྐྱོར་བྱ་བར་སྐྲུལ་འདེད་བྱེད་རྒྱུའི་ལག་བསྟར་བྱ་ཐབས་སྙན་ཞུ་བྱས།

    རྫོང་སྲིད་གཞུང་གི་རྫོང་དཔོན་ལིག་ཀྲིན་བེས་ཀྱིས་གྲོས་ཚོགས་སྟེང་བླངབྱ་གསུམ་བཏོན་པ་སྟེ།  གཅིག་ནི་ཕྱུགས་ལས་ཀྱི་རྨང་གཞིའི་གནས་བབ་ལ་ཤུགས་སྣོན་བྱེད་དགོས།  གཉིས་ནི་ཁྱད་ཆོས་ལྡན་པའི་ཐོན་ལས་རྣམ་གྲངས་ཀྱི་བཀོལ་སྐྱོད་རང་བཞིན་ཞིབ་འཇུག་ལ་ཤུགས་སྣོན་བྱེད་དགོས།  གསུམ་ནི་འབྲོག་དམངས་ཀྱི་ནུས་རྩལ་མཐོར་འདེགས་དང་ལས་ཞུགས་གནད་དོན་ཐག་གཅོད་བྱེད་དགོས།

ཡིག་སྒྱུར་བ།  ཆོས་ལོ།

 
 
· ལིག་ཀྲིན་དབུས། 2018/5/11
· རྒྱལ་འབུམ་འཁྲུངས། 2018/5/11
· ལྷ་ཆེན་ཚེ་རིང་། 2018/5/11
· ཀརྨ་སྐྱིད། 2018/5/11
· ལུའོ་ཧུང་ལིན། 2018/5/11
· ལི་ཧྥུའུ་ཉེན། 2018/5/11
· པདྨ་རྫོང་གིས2019ལོའི་དབུལ་ཐར་འ 2019/11/11

2008-2012 པདྨ་རྫོང་མི་དམངས་སྲིད་གཞུང་། All Rights Reserved
09758322651 མགོ་ལོག པདྨ  ཆ་འཕྲིན་རབ་གསལ། :814100
པདྨ་རྫོང་མི་དམངས་སྲིད་གཞུང་།