ཚོགས་ཆེན་གཉིས་ཀྱི་ཆེད་དོན་ལེ་ཚན། པདྨ་རྫོང་མི་དམངས་སྲིད་གཞུང་།  
ཤོག་ངོས་དང་པོ། :> བརྡ་སྦྱོར།བརྡ་ཁྱབ།
༄༅།།པདྨ་རྫོང་དམག་བསྡུ་གཞུང་ལས་ཁང་གི 2015ལོའི་དམག་བསྡུ་བྱ་བའི་དྲིལ་སྒྲོག་སློབ་གསོ་རྩ་གནད།
འབྱུང་ཁུངས།: 2015/8/5 10:19:00

༄༅།།པདྨ་རྫོང་དམག་བསྡུ་གཞུང་ལས་ཁང་གི 2015ལོའི་དམག་བསྡུ་བྱ་བའི་དྲིལ་སྒྲོག་སློབ་གསོ་རྩ་གནད།

   རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ཀྲུང་དབྱང་དམག་ཨུའི་བཀའ་ལྟར།  མཚོ་སྔོན་ཞིང་ཆེན 2015ལོའི་དམག་བསྡུ་བྱ་བ་མགོ་བརྩམས།  དམག་བསྡུ་ལ་ཚད་ལྡན་གྱི་དམག་མི་སྐྱེལ་བ་ནི་དམག་དཔུང་འཛུགས་སྐྲུན་ལ་ཤུགས་སྣོན་དང་རྒྱལ་སྲུང་སྟོབས་ཤུགས་ཇེ་ཆེར་བཏང་སྟེ།  རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཁག་ཐེག་དང་འཛམ་གླིང་ཞི་བདེ་སྲུང་སྐྱོང་བྱེད་པའི་འགན་ལེན་གལ་ཆེན་ཞིག་ཡིན་པས།  ལོ་ཚད་ལོན་པའི་རྒྱ་ཆེའི་ན་གཞོན་རྣམས་ཀྱིས་གཅིག་རྗེས་གཉིས་མཐུད་སྒོས་ཐོ་འགོད་བསྡུ་ལེན་ལ་ཞུགས་ཏེ།  རྒྱལ་སྲུང་ལས་དོན་ལ་ལང་ཚོ་འབུལ་བར་ཞུ།

   གཅིག  དམག་བསྡུ་བྱེད་ཡུལ་དང་ཁྱབ་ཁོངས།  མཐོ་འབྲིངལས་རིགས་མཐོ་འབྲིང་དང་འབྲིང་རིམ།ལག་རྩལ་སློབ་གྲྭཡན་གྱི་རིག་གནས་ཆུ་ཚད་ཡོད་པའི་ན་གཞོན་ཡིན་དགོས་ཤིང་།  ཆ་རྐྱེན་འདྲ་མཚུངས་ཡིན་ཚེ།  སྔོན་ལ་ཡོན་ཚད་མཐོ་བའི་ན་གཞོན་དང་ལོ་འདིའི་མཐར་ཕྱིན་སློབ་མ་དམག་དཔུང་དུ་བསྡུ་རྒྱུ་ཡིན་ལ།  བསྡུ་རུབ་བྱས་པའི་ཞིང་ལས་ཁྱིམ་ཐོ་མིན་པའི་ན་གཞོན་ལ་མཐོ་འབྲིང་ཡན་གྱི་རིག་གནས་ཆུ་ཚད་ཡོད་དགོས་པ་དང་།  གྲངས་ཉུང་མི་རིགས་འདུས་སྡོད་བྱས་པའི་ས་ཁུལ་དུ་དམའ་འབྲིང་མཐར་ཕྱིན་ལ་དམིགས་གསལ་བལྟས་ཆོག  བསྡུ་རུབ་བྱས་པའི་ཞིང་ལས་ཁྱིམ་ཐོ་ཅན་གྱི་ན་གཞོན་དམའ་འབྲིང་ཡན་གྱི་རིག་གནས་ཆུ་ཚད་ཡོད་དགོས།

   ཉེན་སྐྱོབ་རྒུད་སྐྱོབ་དང་གནོད་སྐྱོན་རྗེས་ཀྱི་བསྐྱར་འཛུགས་ཁྲོད་བྱ་སྤྱོད་འབུར་ཐོན་ཡིན་པའི་ན་གཞོན་སྔོན་ལ་བསྡུ་རུབ་བྱེད་པ་དང་།  གྲངས་ཉུང་མི་རིགས་འདུས་སྡོད་བྱས་པའི་ས་ཁུལ་དུ།  འོས་འཚམས་ཀྱིས་གྲངས་ཉུང་མི་རིགས་ཀྱི་ན་གཞོན་བསྡུ་ལེན་བྱེད་པའི་བསྡུར་ཚད་ཇེ་མཐོར་བཏང་ཆོག

   གཉིས།  བསྡུ་རུབ་ཆ་རྐྱེན།  ལོ་ཚད།  2015ལོར་ལོ 18ནས 22ལ་སླེབས་པའི་ན་གཞོན་ཕོ་ཡིན་ཚེ།  མཐོ་རིམ་ལས་རིགས་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལོ་ཚད་ ལོ23བར་བསྲིང་ཆོག་ཅིང་།  དངོས་གཞི་ཡན་གྱི་མཐར་ཕྱིན་སློབ་མའི་ལོ་ཚད་ལོ 24བར་བསྲིང་ཆོག་ལ།  མི་རང་ཉིད་འཐད་པ་གཞིར་བཟུང་ནས་ལོ 17ཅན་གྱི་མཐོ་འབྲིང་ཡན་གྱི་མཐར་ཕྱིན་སློབ་མ་ཆ་རྐྱེན་འདང་བའི་ན་གཞོན་བསྡུ་རུབ་བྱེད་ཆོག  གཟུགས་པོའི་མཐོ་ཚད།  ཕོ་ལིས་མུས 160ཡན་དང་མོ་ལིས་མུས 158ཡན་ཡིན་དགོས།  ལུས་པོའི་ལྗིད་ཚད།  ཚད་ལྡན་གྱི་ལུས་པོའི་ལྗིད་ཚད་ནིམཐོ་ཚད་ལས་སྤྱི་རྒྱ 110འཐེན་པ་དང་མཚུངསབས།  ཕོ་ཡིན་ཚེ་ཚད་ལྡན་ལུས་པོའི་ལྗིད་ཚད་ཀྱི 30%ཡན་མི་བརྒལ་ཞིང 15%ལས་མི་ཉུང་བ་དང་།  མོ་ཡིན་ཚེ་ཚད་ལྡན་ལུས་པོའི་ལྗིད་ཚད་ཀྱི 20%ཡན་མི་བརྒལ་ཞིང 15%ལས་མི་ཉུང་བ་ཡིན་དགོས།  མིག་གི་མཐོང་ཚད།  མིག་གཡས་པའི་མཐོང་ཚད4.6 ལས་མི་དམའ་ཞིང་མིག་གཡོན་པའི་མཐོང་ཚད4.5 ལས་མི་དམའ་བ་ཡིན་དགོས།

   གསུམ།  དམག་བསྡུ་བྱ་ཐབས།ལོ་ཚད་ལོན་པའི་ན་གཞོན་གྱིས་ངེས་པར་དུ་རང་ཉིད་རྒྱུན་སྡོད་ཁྱིམ་ཐོ་ཡོད་ས་རུ་བསྡུ་ལེན་དུ་ཞུགས་དགོས་ཤིང་།  ལུས་པོ་བརྟག་དཔྱད་དང་ཆབ་སྲིད་ཞིབ་དཔྱད་ཚད་ལྡན་ཡིན་དགོས་པ་མ་ཟད།  གཞན་པའི་དམག་བསྡུ་ཆ་རྐྱེན་འདང་བ་ལ།  རྫོང་མི་དམངས་སྲིད་གཞུང་དམག་བསྡུ་གཞུང་ལས་ཁང་གིས་དམག་དཔུང་དུ་ཞུགས་རྒྱུའི་ཆོག་མཆན་འགོད་རྒྱུ།  ཆོག་མཆན་འགོད་པའི་དུས་ཚོད་ནི་གཅིག་གྱུར་གྱིས 2015ལོའི་ཟླ 10བའི་ཚེས1ཉིན་ཡིན་ཞིང་།  གསར་ཞུགས་དམག་མིའི་ལོ་ཚད་ཚང་མ་ཟླ 10བའི་ཚེས1ཉིན་ནས་རྩིས་རྒྱུ།

   བཞི།  དམག་བསྡུ་དུས་ཚོད།  2015ལོའི་ཟླ8པའི་ཚེས1ཉིན་མགོ་བཟུང་ཞིང་ཟླ9བའི་ཚེས 30ཉིན་མཇུག་སྒྲིལ་བ་ཡིན་ལ།  2015ལོའི་ཟླ8པའི་ཚེས1ཉིན་ནས་ཚེས 10ཉིན་ལ་གཅིག་བསྡུས་ཐོ་འགོད་བྱེད་པ་དང་།  ཟླ8པའི་ཚེས 11ཉིན་ནས་ཚེས 20ཉིན་ལ་ལུས་པོ་བརྟག་དཔྱད་དང་ཆབ་སྲིད་དཔྱད་ཞིབ་བྱེད་རྒྱུ།  ཟླ8པའི་ཚེས 21ཉིན་ནས་ཟླ9བའི་ཚེས4ཉིན་ལ་ཆོག་མཆན་བཀོད་དེ་དམག་མི་གཏན་འཁེལ་བྱེད་རྒྱུ།  ཟླ9བའི་ཚེས5ནས་ཚེས 30བར་དུ་སྤྲོད་ལེན་སྐྱེལ་མ་བྱེད་རྒྱུ།

   ལྔ།  འོས་འགན་དམག་གི་གཟིགས་སྐྱོང་སྲིད་ཇུས།  2011ལོའི་ཟླ 10བའི་ཚེས 29ཉིན་ཁྱབ་བསྒྲགས་བྱས་པའིདམག་ཁོངས་ནས་ཕྱིར་ལོག་པའི་དམག་མི་བཀོད་སྒྲིག་སྲོལ་ཡིགལས་བྱེ་བྲག་གི་གཏན་འཁེལ་ལྟར་ལག་བསྟར་བྱེད་རྒྱུ་ཡིན་ལ།  སྲིད་གཞུང་གི་བཀོད་སྒྲིག་ཆ་རྐྱེན་ལོང་བའི་དམག་མི་ལ།གཞུང་ཞབས་པའམ་གཞུང་ཞབས་པའི་བཅའ་ཁྲིམས་གཞིར་བཟུང་ནས་དོ་དམ་ལས་ཁུངས་ལས་སྒྲུབ་མི་སྣའི་རྒྱུགས་ལེན་སུ་ཞུགས་པ་དང་།  ལས་དོན་ལས་ཁུངས་ཀྱི་ལས་སྒྲུབ་མི་སྣར་གདན་ཞུ་བྱེད་སྐབས།ཆ་རྐྱེན་འདྲ་མཚུངས་ཡིན་ཚེ་སྔོན་ལ་གདན་ཞུ་བྱེད་རྒྱུ།

   པདྨ་རྫོང་གི་ཤེས་ལྡན་ན་གཞོན་རྣམ་པ།  གཅིག་རྗེས་གཉིས་མཐུད་དུ་ཐོ་འགོད་བྱས་ནས་དམག་ལ་ཞུགས་ཤིག  མེས་རྒྱལ་གྱི་ཆེས་མཁོ་བའི་ས་ཆར་སོང་སྟེ།  ཕུགས་བསམ་དང་བློ་དཀར།  བློ་རིག་དང་གསར་སྐྲུན།  ཡོན་ཏན་དང་བློས་བཏང་བཅས་ཀྱི་སྒོ་ནས།  སྨར་ཁོག་གཙང་བོའི་འགྲམ་རྒྱུད་ཀྱི་ཕུལ་བྱུང་གི་ན་གཞོན་ཕོ་མོའི་དཔའ་ཉམས་དང་སྤོབས་པ་ངོམས་ཤིག  བྱ་སྤྱོད་དངོས་ཀྱིས་རྒྱལ་སྲུང་ལས་དོན་དང་དམག་དཔུང་འཛུགས་སྐྲུན་ལ་གཞན་ཕན་གྱི་ལྷག་བསམ་ཕུལ་ཅིག  ཁྱོད་ཚོ་དམག་དཔུང་གི་ཁྲོད་ནས་གཉོམ་ལག་རྒྱས་ཤིང་བྱས་རྒྱས་འཇོག་པར་ང་ཚོས་རེ་སྒུག་བྱས་ཡོད་ལ།  ཕ་ཡུལ་གྱི་རྒན་གཞོན་རྣམས་ཀྱིས་ཁྱེད་ཚོ་གཟི་བརྗིད་ཅིག་ཏུ་བརྩི་ཡོད།






                                                             པདྨ་རྫོང་མི་དམངས་སྲིད་གཞུང་དམག་བསྡུ་གཞུང་ལས་ཁང་།

                                                                       ༡༠༡༥ལོའི་ཟླ༧པའི་ཚེས༢༨ཉིན།                            ཡིག་སྒྱུར་བ།  ཆོས་ལོ།


 
 
· ལིག་ཀྲིན་དབུས། 2018/5/11
· རྒྱལ་འབུམ་འཁྲུངས། 2018/5/11
· ལྷ་ཆེན་ཚེ་རིང་། 2018/5/11
· ཀརྨ་སྐྱིད། 2018/5/11
· ལུའོ་ཧུང་ལིན། 2018/5/11
· ལི་ཧྥུའུ་ཉེན། 2018/5/11
· པདྨ་རྫོང་གིས2019ལོའི་དབུལ་ཐར་འ 2019/11/11

2008-2012 པདྨ་རྫོང་མི་དམངས་སྲིད་གཞུང་། All Rights Reserved
09758322651 མགོ་ལོག པདྨ  ཆ་འཕྲིན་རབ་གསལ། :814100
པདྨ་རྫོང་མི་དམངས་སྲིད་གཞུང་།