ཚོགས་ཆེན་གཉིས་ཀྱི་ཆེད་དོན་ལེ་ཚན། པདྨ་རྫོང་མི་དམངས་སྲིད་གཞུང་།  
ཤོག་ངོས་དང་པོ། :> དཔལ་འབྱོར་འཛུགས་སྐྲུན།
༄༅།།ཅིན་ཀང་རི་བོའི་ཅང་ཞི་ལས་བྱེད་གསོ་སྦྱོང་ལྟེ་གནས་སུ་བརྟག་དཔྱད་སློབ་སྦྱོང་དུ་ཕྱིན་པའི་གནས་ཚུལ་སྙན་ཞུ། ༢
འབྱུང་ཁུངས།: 2015/7/23 10:07:30

 

༄༅།།ཅིན་ཀང་རི་བོའི་ཅང་ཞི་ལས་བྱེད་གསོ་སྦྱོང་ལྟེ་གནས་སུ་བརྟག་དཔྱད་སློབ་སྦྱོང་དུ་ཕྱིན་པའི་གནས་ཚུལ་སྙན་ཞུ། ༢

                                                             རྫོང་ཨུའི་ཏང་གི་སློབ་གྲྭའི་དགེ་རྒན།  པདྨ་རྒྱལ།


གསུམ།   པད་མ་རྫོང་གི་དམར་དམག་སློབ་གསོ་ལྟེ་གནས་ཀྱི་འཛུགས་སྐྲུན་གནས་བབ།

དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་པར།  པད་མ་རྫོང་ཁོངས་སུ་དམར་དམག་རྒྱང་སྐྱོད་བྱས་མྱོང་བའི་གནས་ཚུལ་ཐག་ཆོད་བྱུང་རྗེས།  སྐབས་སོ་སོའི་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་མཐོང་ཆེན་བླ་མེད་གནང་བ་རེད།  དམར་དམག་རྒྱང་སྐྱོད་ཀྱི་ཐོན་ཁུངས་གསར་སྤེལ་དང་།  སྔོན་གཤེགས་དཔའ་བོར་རྗེས་དྲན།   དམར་དམག་རྒྱང་སྐྱོད་སྙིང་སྟོབས་རྒྱུན་འཛིན་བཅས་ཀྱི་ཐད་དཀའ་ཚེགས་ཞིབ་ཕྲའི་བྱ་བ་གང་མང་བསྒྲུབས།  སྤྱི་ལོ1985ལོར།  པད་མ་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་རྩི་མདའ་ལུང་བར་རྒྱ་བོད་ཁྱད་ཆོས་ཟུང་འབྲེལ་གྱི་དམར་དམག་ལྡིང་ཁང་བཞེངས་ཤིང་།  གནས་དེ་རྒྱལ་གཅེས་སློབ་གསོ་སྤེལ་བའི་ལྟེ་གནས་བྱས་མྱོང་།  གནས་ཚུལ་དེར་ཞིང་ཆེན་དང་ཁུལ་རིམ་པ་གཉིས་ནས་མཐོང་ཆེན་ཐོབ་སྟེ།  སྤྱི་ལོ1986ལོའི་ཟླ5པའི་ཚེས27ཉིན།  མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་དམར་དམག་ལུང་བ་དེ་ཞིང་ཆེན་རིམ་པའི་རིག་དངོས་སྲུང་སྐྱོབ་སྡེ་ཚན་དུ་བཀོད་པ་རེད།  སྤྱི་ལོ2004ལོའི་ཟླ4པར།  པད་མ་རྫོང་བསམ་པའི་དཔལ་ཡོན་འཛུགས་སྐྲུན་ཨུ་ལྷན་གྱིས་དམར་དམག་ལུང་བར་པད་མ་རྫོང་རྒྱལ་གཅེས་རིང་ལུགས་སློབ་གསོ་ལྟེ་གནས་ཞེས་པའི་སྒོ་འབྱེད་མཛད་སྒོ་སྤེལ།  སྤྱི་ལོ2005ལོའི་ཟླ7པའི་ཚེས1ཉིན།  པད་མ་རྫོང་ཨུ་དང་རྫོང་སྲིད་གཞུང་གཉིས་ཀྱིས་པད་མ་རྫོང་གསར་བརྗེ་ཡུལ་སྐོར་འགྲེམས་སྟོན་ཁང་དངོས་སུ་བཙུགས་ཤིང་།  འགྲེམས་སྟོན་ཁང་དེ་ནི་མཚོ་སྔོན་ཞིང་ཆེན་གྱི་གསར་བརྗེ་ཡུལ་སྐོར་རྗེས་དྲན་ཁང་ཨང་གཉིས་པ་རེད།  སྤྱི་ལོ2012ལོའི་ཟླ11པར།   ཞིང་ཨུ་ཁྱབ་བསྒྲགས་པུའུ་ནས་པད་མ་རྫོང་དམར་དམག་ལུང་བར་མཚོ་སྔོན་ཞིང་ཆེན་གྱི་རྒྱལ་གཅེས་རིང་ལུགས་སློབ་གསོ་ལྟེ་གནས་ཞེས་པའི་སྒོ་བྱང་དངོས་སུ་བཀལ་པ་དང་།  སྤྱི་ལོ2013ལོའི་ཟླ8པར།  ཞིང་ཨུ་ཏང་གི་སློབ་གྲྭ་དང་མཚོ་སྔོན་ཞིང་ཆེན་སྲིད་འཛིན་སློབ་གླིང་།  མཚོ་སྔོན་ཞིང་ཆེན་སྤྱི་ཚོགས་རིང་ལུགས་སློབ་གླིང་གསུམ་ནས་པད་མ་རྫོང་དམར་དམག་ལུང་བར་སློབ་གསོ་དངོས་སྦྱོང་ལྟེ་གནས་ཞེས་པའི་སྒོ་བྱང་བཀལ་ཞིང་དངོས་སུ་ཚུགས་མགོ་བརྩམས།  སྤྱི་ལོ2014ལོའི་ཟླ7པར།  ཞིང་ཨུ་ཧྲུའུ་ཅི་ལའོ་ཧའེ་ཉིན་གྱིས་དམར་དམག་ལུང་བར་གཞི་རིམ་གྱི་ཏང་ཡོན་དང་མཉམ་དུ་བདུན་གཅིག་བསུས་ཤིང་།  སྔར་ལས་ལྷག་པའི་སྒོ་ནས་འབྲེལ་ཡོད་ཀྱི་ལོ་རྒྱུས་ཡིག་ཆ་སྔོག་འདོན་གྱིས།   དམར་དམག་ལུང་བ་འདི་ལྟ་ས་ཡོད་པ་དང་།  རྒྱལ་གཅེས་རིང་ལུགས་ཀྱི་བསམ་པ་བསྐྱེད་པའི་སློབ་གསོ་ལྟེ་གནས་ཤིག་ཏུ་གཏོང་དགོས་ཞེས་མཛུབ་སྟོན་གལ་ཆེན་གནང་བ་རེད།  སྤྱི་ལོ2014ལོའི་ཟླ8པར།  ཞིང་ཆེན་སྲིད་གཞུང་གི་ཧྲིན་ཀྲང་ཧའོ་ཕིན་པད་མ་རྫོང་དམར་དམག་ལུང་བར་བརྟག་དཔྱད་དེ་ཕེབས་ཐོག   དམར་དམག་གི་དུར་སར་ཁ་བཏགས་འཐེན།  སྤྱི་ལོ2015ལོའི་ཟླ5པར།   ཀྲུང་དབྱང་རྩ་འཛུགས་པུའུ་དང་ཞིང་ཨུ་རྩ་འཛུགས་པུའུ་གཉིས་ཀྱིས་དམར་དམག་ལུང་བར་བརྟག་དཔྱད་ཞིབ་འཇུག་གནང་ཞིང་།  པད་མ་རྫོང་གིས་གསར་བརྗེ་སློབ་གསོའི་ལྟེ་གནས་འཛུགས་སྐྲུན་གྱི་བྱ་བར་ཕྱོགས་ཡོངས་ནས་རྒྱབ་སྐྱོར་གནང་བའི་ཁས་ལེན་མཛད།   སློབ་གསོའི་ལྟེ་གནས་བཙུགས་རྗེས།  སྔ་ཕྱིར་གསོ་སྦྱོང་འཛིན་གྲྭ་ཐེངས6ལ་བསྒྲུབས་ཤིང་།  ཞིང་ཆེན་དང་ཁུལ་སོ་སོའི་ལས་བྱེད་མི་སྣ300ལྷག་ཞུགས་ཏེ་རྒྱལ་གཅེས་རིང་ལུགས་སློབ་གསོ་དང་ཏང་གཤིས་སློབ་གསོ་ལག་ལེན་བྱ་འགུལ་སྤེལ།   སྤྱི་ལོ2013ལོའི་ཟླ8པར།  མཚོ་སྔོན་ཞིང་ཨུ་ཏང་གི་སློབ་གྲྭའི་གཞོན་དར་འཛིན་གྲྭའི་ཁྲུའུ་ཀྲང་གཞོན་པ་ཡན་གྱི་མགོ་ཁྲིད་ལས་བྱེད་པ29རང་རྫོང་གི་དམར་དམག་ལུང་བར་ཡུལ་དངོས་བརྟག་དཔྱད་གནང་།   སྤྱི་ལོ2015ལོའི་ཟླ6པར། ཞིང་ཆེན་དམག་ཁུལ་གྱི་འབྲེལ་ཡོད་མགོ་ཁྲིད་དང་དམག་མི15དམར་དམག་ལུང་བར་སླེབས་ཏེ།   སླར་ཡང་རྒྱང་སྐྱོད་ལམ་བུར་ཞུགས། །མགོ་ཁུངས་བསྙེགས་ཏེ་དཔའ་སྤོབས་བསྐྱེད།། ཅེས་པའི་བརྟག་དཔྱད་ཉམས་ལེན་གྱི་བྱ་འགུལ་སྤེལ།    མགོ་ལོག་ཁུལ་ཨུ་ཏང་གི་སློབ་གྲྭའི་གཞོན་དར་འཛིན་གྲྭའི་སློབ་མ་ཡོངས་ཀྱིས་པད་མ་རྫོང་གི་གསར་བརྗེ་སློབ་གསོ་དང་ལེན་བྱས།

མིག་སྔར།  པད་མ་རྫོང་ གསར་བརྗེ་སློབ་གསོ་ལྟེ་གནས་དངོས་སུ་ལེགས་འགྲུབ་བྱུང་ཞིང་བེད་སྤྱོད་གཏོང་བཞིན་ཡོད།   སློབ་གསོ་ལྟེ་གནས་དེ་སྔོན་གྱི་པད་མ་རྫོང་ལྗོན་ཤིང་ར་བའི་ནང་དུ་མཆིས་ཤིང་།  སའི་རྒྱ་ཁྱོན་ནི་སྨི་གྲུ་བཞི་མ་ཁྲི་གཉིས་དང་སྟོང་བདུན་ཡོད་ལ།  དེར་གསོམ་ཤིང་དང་སྦྱར་ལྕང་སོགས་སྟོང་ཕྲག5ལྷག་སྐྱེས་འདུག   བཟོ་བཀོད་དེའི་མཐོ་ཚད་ལ་སྨི22.35དང་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ9541.8ཡོད།   དེའི་ནང་ཚོམས་ཆེན་རྒྱ་ཁྱོན་ལ་སྨི་གྲུ་མ576ཡོད་ལ་བཟོ་བསྐྲུན་བྱེད་ལུགས་ནི་དེང་རབས་བཟོ་བསྐྲུན་གྱི་གོ་དོན་དང་བོད་ཁུལ་སྒྱུ་རྩལ་ཁྱད་གཤིས་གཉིས་ཟུང་འབྲེལ་བྱས་ཡོད། ལས་གཞི་དེ་སྤྱི་ལོ2012ལོའི་ཟླ6པའི་ཚེས15ཉིན་མགོ་བརྩམས་ཏེ།   སྤྱི་ལོ2014ལོའི་ཟླ11པའི་ཚེས9ཉིན་མཇུག་རྫོགས།  སྤྱིའི་འགྲོ་སྒོ་ལ་དམངས་སྒོར་ཁྲི་བཞི་སྟོང་སུམ་བརྒྱ་ཉེར་དྲུག་གྲངས་ཆུང་ལྔ་བཏང་བ་ཡིན་ལ།  དེའི་སྤྱོད་སྒོ་གཙོ་བོ་ནི་རོང་འབྲོག་གཞིས་ཁུལ་ཞབས་ཞུ་དང་།  གསར་བརྗེ་སློབ་གསོ་ལྟེ་གནས་དང་།   ལྗོངས་རྒྱུ་ཞབས་ཞུ་ལྟེ་གནས་བཅས་གསུམ་ཡིན།   ད་ལྟ་མི200ཞག་འདུག་བྱེད་ཆོག   དེའི་ནང་མཚེ་ཁང16དང་ཚད་ལྡན་ཁང་མིག88      ཚོང་དོན་ཁང་མིག12 མི་གསུམ་འདུག་ཁང6བཅས་བསྡོམས་པས་ཁང་མིག122མཆིས།  གཞན་ཡང་།  སློབ་ཁང་གཅིག་དང་ཚོགས་ར་གཅིག   ཟ་ཁང་གྱན་དྲུག   བྱ་འགུལ་སྤེལ་ས་གསུམ་ཡོད་དོ།། 

བཞི།  པད་མ་རྫོང་གི་ གསར་བརྗེ་སློབ་གསོ་བྱ་བའི་སྐོར་གྱི་བསམ་འཆར།

ཐེངས་འདིར།  བརྟག་དཔྱད་སློབ་སྦྱོང་ཚོགས་པས་གནད་དོན་ཐོགས་ནས་ཕྱིན་པ་དང་།  ཐབས་ལམ་སྦྱངས་ནས་ཡོང་བའི་དམིགས་ཡུལ་བཅངས་ཏེ།   བརྟག་དཔྱད་དང་སློབ་སྦྱོང་།  བསམ་གཞིག་དང་བགྲོ་གླེང་བཅས་ཕན་ཚུན་སྦྲེལ་ཐོག   གཞན་གྱི་ལེགས་ཆ་སྡུད་ལེན་དང་རང་གི་ཞན་ཆ་གསལ་འདོན་ཡོང་བའི་ཐད་བློ་སྐྱེད་མི་དམན་པ་བྱུང་། 

པད་མ་རྫོང་དང་ཅིན་ཀང་རི་བོ་གཉིས་ལ་ཐུན་མོང་གི་ཁྱད་ཆོས་ལྡན།  པད་མ་རྫོང་ནི་ཀྲུང་གོའི་དམར་དམག་རྒྱང་སྐྱོད་བརྒྱུད་མྱོང་བའི་ས་ཁུལ་ཡིན་ལ།  ཅིན་ཀང་རི་བོ་ནི་ཀྲུང་གོ་གསར་བརྗེའི་གནས་མཆོག་རེད།  གཅིག་གིས་མདོག་གསུམ་པད་མ་ཞེས་པའི་འཆར་འགོད་འཐེན་ཏེ།  དེ་ནི་དམར་མདོག་གི་པད་མ་དང་ལྗང་མདོག་གི་པད་མ།  གསེར་མདོག་གི་པད་མ་བཅས་ཡིན།   གཞན་གཅིག་གིས་མདོག་གཉིས་ཅིན་ཀང་ཞེས་པ་སྟེ།  དམར་མདོག་གི་གཤིན་ས་དང་།  ལྗང་མདོག་གི་ཕ་ཡུལ་གཉིས་རེད།  པད་མ་རྫོང་ལ་མཚོན་ནའང་ཡུལ་ལྗོངས་ལྟ་ན་སྡུག་ཅིང་གཙང་གསུམ་མགོ་ཁུངས་ཀྱི་ལྷོ་ཕྱོགས་ཡུལ་གྲུ་ཞེས་བསྔགས་པ་བརྗོད།  པད་མ་རྫོང་ལ་མཚོ་སྔོན་ཞིང་ཆེན་གྱི་ཆེས་ཆེ་བའི་གདོད་མའི་ནགས་ཚལ་ཡོད།  ཅིན་ཀང་རི་བོའི་འཁོར་ཡུག་དང་ཡུལ་ལྗོངས་མཛེས་ལ། ནགས་ཚལ་གྱི་ཁེབས་ཚད་ནི་བརྒྱ་ཆའི86ཡིན་པས།  རང་བྱུང་གི་དབྱང་ཁུལ་ཞེས་འབོད་པར་བྱེད།   ཉིན་འགའི་རིང་གི་བརྟག་དཔྱད་སློབ་སྦྱོང་བརྒྱུད།  ཅིན་ཀང་རི་བོའི་འཕེལ་རྒྱས་ཐད་ང་ཚོས་སློབ་སྦྱོང་དང་མིག་དཔེར་བལྟ་ས་མང་དུ་མཆིས་ཤིང་།  བློ་སྐྱེད་ཀྱང་མི་ཉུང་བ་བྱིན།

དེ་ཡང་།  གཅིག་ནས་མགོ་ཁྲིད་ཀྱི་ནུས་པར་ཤུགས་བསྣན་པ་བརྒྱུད།  ཚང་མའི་ལྟ་ཚུལ་གཅིག་ཐོག་ཏུ་འདྲིལ་བ་ཡོང་དགོས་པ་རེད།  ཉེ་བའི་ལོ་འགའི་རིང་།  ཅི་ཨན་གྲོང་ཁྱེར་གྱིས་དེ་སྔའི་སྲིད་འཛིན་ས་ཁོངས་ལ་བསྐྱར་སྒྲིག་གནང་སྟེ།   ཐིན་རིམ་པ་གཞོན་པའི་ཅིན་ཀང་རི་བོ་དོ་དམ་ཅུས་བཙུགས་པ་དང་།   ཅིན་ཀང་རི་བོ་གྲོང་ཁྱེར་གྱི་ཧྲུའུ་ཅི་དང་གྲོང་གཙོ་རྣམ་གཉིས་ནས་སོ་སོར་དོ་དམ་ཅུས་ཀྱི་ཧྲུའུ་ཅི་དང་ཅུས་ཀྲང་གི་འགན་གཅིག་ལྕོགས་སུ་བཞེས་ཡོད།  པད་མ་རྫོང་གིས་གཞི་གསུམ་འཛུགས་སྐྲུན་བྱེད་པ་དང་།   མགོ་ལོག་ཁུལ་པད་མ་རྫོང་གསར་བརྗེ་སློབ་གསོ་ལྟེ་གནས་འཛུགས་སྐྲུན་བྱེད་པ།   དེས་ཀྱང་མི་རབས་རྗེས་མར་སློབ་གསོ་དང་ཡར་སྐུལ་གྱི་ནུས་པ་བཏོན་ཏེ།  ཁུལ་གསུམ་འཛུགས་སྐྲུན་དང་མདོག་གསུམ་པད་མའི་སྣང་བརྙན་བཞེང་བར་དོན་སྙིང་གལ་ཆེན་ལྡན། ང་ཚོའི་རེ་བ་ཡིན་ན།   ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་ནས་རྒྱབ་སྐྱོར་ཤུགས་ཆེན་གནང་ཐོག   ལས་བྱེད་མགོ་ཁྲིད་ཚན་ཆུང་འཛུགས་པ་དང་།  ཆེད་མངགས་མི་སྣས་པད་མ་རྫོང་གི་དམར་དམག་སློབ་གསོ་ལྟེ་གནས་ལ་འགན་ཁུར་ཏེ།   ཕྱོགས་ཡོངས་ནས་ནན་ཏན་གྱིས་ཞིབ་འཇུག་གནང་བ་དང་མཉམ་དུ།  དངོས་ཡོད་དང་བསྟུན་ནས་འཕེལ་རྒྱས་འཆར་འགོད་བཟོ་བ་དང་འགན་ཁུར་བགོ་བ།  རིམ་པ་བཞིན་དུ་ལྟ་རྟོག་བྱེད་པའི་སྒྲིག་ལམ་ལག་བསྟར་བྱ་རྒྱུ་གལ་ཆེའོ།།

 གཉིས་ནས་ཚན་རིག་དང་མཐུན་པའི་སྒོ་ནས་འཆར་འགོད་བྱེད་པ་དང་མཉམ་དུ།  གོ་རིམ་ལྡན་པའི་ངང་དངོས་འབེབས་དོན་འཁྱོལ་ཡོང་བ་བྱེད་དགོས། མིག་སྔར། སྤྱི་ལོ2015ལོ་ནས2016ལོའི་བར་དུ།  ངེས་པར་འགྲུབ་དགོས་པའི་དོན་བྱ་བརྒྱད་མཆིས་ཏེ།  གཅིག པད་མ་རྫོང་གསར་བརྗེ་སློབ་གསོ་ལྟེ་གནས་འཛུགས་སྐྲུན་གྱི་བྱ་བའི་མཛུབ་སྟོན་གཏན་འཁེལ་བྱས་ཐོག  འོས་འགན་བཀོད་སྒྲིག་དང་།  རིམ་བཞིན་འཛུགས་སྐྲུན།  ཕྱོགས་ཡོངས་སྐུལ་འདེད་ཀྱི་བྱ་བར་འབད་དགོས།  གཉིས།  སྔར་ལས་ལྷག་པའི་སྒོ་ནས་དམར་དམག་གི་གཏམ་རྒྱུད་སྔོག་འདོན་བྱེད་པ་དང་།  ཆེད་བསྐོས་མི་སྣས་དམར་དམག་གི་གཏམ་རྒྱུད་སྡུད་རུག་དང་དག་སྒྲིག་བྱེད་དགོས།  གསུམ།  མ་དངུལ་སྡུད་གསོག་རྒྱག་པ་དང་།  གསར་བརྗེ་རིག་གནས་ཀྱི་རྣམ་པ་བཟང་བོ་ཞིག་བསྐྲུན་པ།   དཔེར་ན།  དམར་དམག་གི་གཏམ་རྒྱུད་དང་ངག་རྒྱུན་ཅི་རིགས་ལེགས་སྒྲིག་བྱེད་པ་དང་།  གསར་བརྗེ་ལམ་རྟགས་བཟོ་བ།  བཟོ་བཀོད་ཅུང་ཆེས་བའི་མཚམས་སྦྱོར་རྡོ་རིང་དང་དམར་དམག་རྒྱང་སྐྱོད་རྗེས་དྲན་རྡོ་རིང་བཟོ་བ། བཞི། ཆེད་མངགས་མི་སྣ་སྒྲིག་འཛུགས་ཀྱིས་དམར་དམག་རྒྱང་སྐྱོད་དང་འབྲེལ་བའི་ཤུལ་བཞག་དངོས་པོ་སྡུད་རུག་གང་ཐུབ་གནང་སྟེ།  དམར་དམག་རྒྱང་སྐྱོད་ཀྱི་འགྲེམས་སྟོན་ཁང་དང་སྔོན་གཤེགས་དཔའ་བོའི་དུར་སར་ཡིག་རིས་ཀྱི་རྒྱུ་ཆ་མཁོ་སྤྲོད་གནང་བ།   ལྔ། མཚོ་སྔོན་མི་རིགས་སློབ་ཆེན་གཙོར་བྱས་པའི་གསོ་སྦྱོང་ལྟེ་གནས་བཙུགས་ཐོག  དགེ་རྒན་སྐྱེད་སྲིང་བྱ་རྒྱུ་དང་།  དེར་ཞུགས་སློབ་མ་རྣམས་འབྲེལ་ཡོད་ལོ་རྒྱུས་ཡིག་ཆ་སྒྲིག་རྩོམ་གྱི་ལས་ཀར་འཇུག་པ། དྲུག  རྫོང་ཨུ་དང་རྫོང་སྲིད་གཞུང་གིས་ནན་ཏན་གྱིས་ཞིབ་འཇུག་བྱེད་ནས་རྫོང་ཨུ་ཏང་གི་སློབ་གྲྭར་དགེ་རྒན་དང་ལས་བྱེད་མི་སྣ་བཀོད་སྒྲིག་བྱེད་པ ། བདུན།  མྱུང་ཚོར་ཚུལ་གྱི་སློབ་ཁྲིད་ལམ་ཐིག་འགའ་འཛུགས་སྐྲུན་བྱེད་པ། བརྒྱད། ཧྲང་ཧའེ་ཁ་གཏད་རོགས་སྐྱོར་བྱ་བར་བརྟེན་ནས་གོམ་གང་མདུན་སྤོས་གྱིས་གསར་རྗེས་སློབ་གསོ་ལྟེ་གནས་འཛུགས་སྐྲུན་དང་སྒྲིག་ཆའི་ཆ་སྒྲིགས་འཐུས་ཚང་གཏོང་བ་བཅས་སོ།།་

ཕྱིས་སུ།  སྤྱི་ལོ2017ལོའི་རྗེས་ཀྱི་དོན་བྱ་གཙོ་བོ་ནི།  གསར་བརྗེ་སློབ་གསོ་ལྟེ་གནས་ཐོག་མར་བཙུགས་རྗེས།   རིམ་བཞིན་ཚོང་རའི་ལམ་དུ་བགྲོད་པ་དང་།   དཔལ་འབྱོར་གྱི་མ་རྐང་བཟང་བའི་ཁེ་ལས་དག་གིས་མགོ་ལོག་ཁུལ་པད་མ་རྫོང་གི་གནས་བབ་དང་བསྟུན་ནས་ལྗོངས་རྒྱུ་གསར་སྤེལ་དང་།  གསར་བརྗེ་སློབ་གསོའི་བྱ་བཞག་གོང་སྤེལ་དུ་གཏོང་བར་སྐུལ་མ་གནང་དགོས།

གསུམ་ནས། མགོ་ལོག་ཁུལ་པད་མ་རྫོང་གི་གསར་བརྗེ་སློབ་གསོ་ལྟེ་གནས་འཕེལ་རྒྱས་སུ་གཏོང་དགོས་ན།   འཆར་འགོད་རིགས་སྒྲུབ་ནི་རྨང་གཞི་དང་།  སྔོན་འགྲོའི་སྟ་གོན་ལག་ལེན་ནི་གནད་འགག་རེད།  དེ་བས།  ཞིང་ཆེན་དང་ཁུལ།  རྫོང་རིམ་པ་གསུམ་ནས་ལས་གཞི་རྣམ་གྲངས་བཙུགས་ཐོག་སྔོན་འགྲོའི་འགྲོ་སྒོ་དང་ཕྱིས་ཀྱི་བཟོ་སྐྲུན་འགྲོ་སྒོ་གཏོང་དགོས།  ལས་རིམ་དང་པོ་མགོ་ཚུགས་རྗེས།  ཚོང་འདྲེན་དངུལ་འགུགས་དང་ཚོང་རའི་སྒྲུབ་སྟངས་ལྟར་དུ།  དམངས་སྒྲུབ་ཁེ་ལས་པ་དང་སྤྱི་ཚོགས་འཇོན་མི་དག་གསར་བརྗེའི་ཤུལ་བཞག་སྲུང་སྐྱོབ་དང་གསར་བརྗེ་སློབ་གསོའི་ལྟེ་གནས་གསར་སྤེལ་བྱ་བར་ཞུགས་པར་སྐུལ་མ་གཏོང་དགོས།  དུས་མཚུངས་སུ།  གོང་རིམ་ལ་སྙན་ཞུ་ཕུལ་ཏེ་ཞིང་ཆེན་དང་ཁུལ།  ཡང་ན་རྒྱལ་ཁབ་ཀྱི་གསར་བརྗེ་ཡུལ་སྐོར་གྱི་རྣམ་གྲངས་ཀྱི་གྲས་སུ་འཇོག་ཐབས་བྱ་དགོས།  མགོ་ལོག་ཁུལ་པད་མ་རྫོང་གི་གསར་བརྗེ་སློབ་གསོའི་ཐོན་ཁུངས་ཕྱོགས་སྡུད་དང་ཇེ་ལེགས་སུ་བཏང་ཐོག   ཁྱབ་བསྒྲགས་དང་ཕྱོགས་འགྲེམ་བྱེད་པ་སྟེ།  དཔེར་ན།  པད་མ་རྫོང་གི་གསར་བརྗེ་སློབ་གསོ་ལྟེ་གནས་དང་གཉན་པོ་གཡུ་རྩེ།  རྨ་སྟོད་རྫོང་གི་མཚོ་གཉིས་རྡོ་རིང་གཅིག་བཅས་སྐྱེ་ཁམས་ལྗོངས་རྒྱུ་གཞི་གཅིག་ཏུ་སྦྲེལ་ནས།  མགོ་ལོག་ཁུལ་གྱི་ གསར་བརྗེ་སློབ་གསོ་སྤུས་ལེགས་ཅན་དང་ཡུལ་སྐོར་ལམ་ཐིག་འཛུགས་སྐྲུན་བྱ་དགོས་སོ།།

 
 
· ལིག་ཀྲིན་དབུས། 2018/5/11
· རྒྱལ་འབུམ་འཁྲུངས། 2018/5/11
· ལྷ་ཆེན་ཚེ་རིང་། 2018/5/11
· ཀརྨ་སྐྱིད། 2018/5/11
· ལུའོ་ཧུང་ལིན། 2018/5/11
· ལི་ཧྥུའུ་ཉེན། 2018/5/11
· པདྨ་རྫོང་གིས2019ལོའི་དབུལ་ཐར་འ 2019/11/11

2008-2012 པདྨ་རྫོང་མི་དམངས་སྲིད་གཞུང་། All Rights Reserved
09758322651 མགོ་ལོག པདྨ  ཆ་འཕྲིན་རབ་གསལ། :814100
པདྨ་རྫོང་མི་དམངས་སྲིད་གཞུང་།