ཚོགས་ཆེན་གཉིས་ཀྱི་ཆེད་དོན་ལེ་ཚན། པདྨ་རྫོང་མི་དམངས་སྲིད་གཞུང་།  
ཤོག་ངོས་དང་པོ། :--> ཏང་སྲིད་ཡིག་ཆ།
༄༅།།​མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གསུམ་པའི་ཡིག་ཆ།
འབྱུང་ཁུངས།: 2014/7/4 9:23:54

    ༄༅།།མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གསུམ་པའི་ཡིག་ཆ།

        (གསུམ)ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་བྱེད་ཤུགས་ཇེ་ཆེར་གཏོང་རྒྱུ། རླུང་ཁམས་བརྫད་སྐྱོན་འགོག་བཅོས་བྱེད་པའི་ལས་འགུལ་ཏན་ཏིག་གིས་སྤེལ་བ་དང་། ཟི་ལིང་གཙོ་གནད་དུ་བཟུང་སྟེ། གྲོང་ཁྱེར་དང་གཙོ་གནད་གྲོང་རྡལ་གྱི་རླུང་ཁམས་ཁོར་ཡུག་ལ་ལྟ་ཞིབ་ཚད་ལེན་བྱེད་པ་དང་ཉེན་ཟོན་ཉེན་བརྡ་གཏོང་བར་ཤུགས་སྣོན་པ་དང་། རྡོ་སོལ་སོལ་རླངས་སུ་བསྒྱུར་བ་དང་དུ་རྡུལ་བཅོས་སྐྱོང་བྱེད་པ། རྟགས་སེར་རླངས་འཁོར་ཕྱིར་འབུད་བྱེད་པ་བཅས་ཀྱི་ཐད་དུ་ཡར་རྒྱས་ཆེན་པོ་ཐོབ་པར་བྱས་ཏེ། ཟི་ལིང་གི་མཁའ་དབུགས་སྤུས་ཚད་ལེགས་པོ་ཡིན་ཕྱོད65%རུ་མཐོར་འདེགས་སུ་གཏོང་རྒྱུ་ཡིན། གཙོ་གནད་མཛེས་ལྗོངས་དང་འགྲིམ་འགྲུལ་ལམ་རྒྱུད། རྨ་འབྲི་རྫ་གསུམ་འབབ་ཡུལ་བཅས་ཀྱི་སྐྱེ་ཁམས་ཁོར་ཡུག་བཅོས་སྒྲིག་ལས་འགུལ་མགྱོགས་མྱུར་ངང་ལག་ཏུ་བསྟར་རྒྱུ་ཡིན། ཙོང་ཆུའི་འབབ་ཡུལ་གྱི་ཕྱོགས་བསྡུས་བཅོས་སྐྱོང་གཏིང་ཟབ་ཏུ་སྤེལ་ཞིང་། བཙོག་ཆུ་གཙང་སེལ་བཟོ་གྲྭའི་ཚད་གཞི་ཇེ་མཐོ་དང་ནུས་པ་ཇེ་ཆེར་གཏོང་བ་དང་ཆུར་འབྲེལ་བ་ཡོད་པའི་ཁེ་ལས་ཀྱི་ཆུ་སྙིགས་བཅོས་སྐྱོང་གཏིང་ཟབ་བྱེད་པ་ཇེ་མགྱོགས་སུ་བཏང་སྟེ། ལོ་གཉིས་ནང་དུ་ཆུ་རྒྱུ་དེ་ལོ་འཁོར་མོ་ཡུག་ཏུ་གཏན་འཇགས་ངང་ཚད་གཞིར་སླེབས་ཐུབ་པར་བརྩོན་རྒྱུ་ཡིན། ནུས་སྲི་སྙིགས་འཕྲི་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། ཚ་ལྷག་གནོན་ལྷག་གི་བེད་སྤྱོད་དང་དུ་རླུང་གི་རྡུལ་སེལ་བ་སོགས་གཙང་སྦྲའི་ཐོན་སྐྱེད་ལག་རྩལ་བཙན་དྲག་གིས་སྤེལ་རྒྱུ་ཡིན། སྤྱི་པའི་ནུས་སྲི་དང་སྤྱི་ཚོགས་ནུས་སྲི་གཏིང་ཟབ་ཏུ་སྤེལ་བ་དང་། ལྗང་མདོག་གི་བཟོ་སྐྲུན་རྒྱུ་ཆ་དང་ལྗང་མདོག་ནུས་ཁུངས། ལྗང་མདོག་འགྲིམ་འགྲུལ་བཅས་ཤུགས་ཆེན་པོས་འཕེལ་རྒྱས་སུ་གཏོང་རྒྱུ་ཡིན་ལ། ནུས་ཟད་ཆེ་བ་དང་བརྫད་སྐྱོན་ཆེ་བ། ཐོན་ནུས་ལྷག་ལུས་ཀྱི་ལས་གཞི་གསར་བ་གཏན་འགོག་བྱེད་པ་དང་། འཇལ་བྱེདGDPཡི་ནུས་ཟད་དེ2%མར་ཆག་པ་ཁག་ཐེག་བྱས་ཏེ། ནུས་སྲི་སྙིགས་འཕྲིའི་ལས་འགན་ཁྱོན་ཡོངས་ནས་ལེགས་འགྲུབ་བྱེད་རྒྱུ་ཡིན།

        (བཞི)སྐྱེ་ཁམས་དཔལ་ཡོན་ལམ་ལུགས་འཛུགས་པར་ཤུགས་སྣོན་རྒྱུ། རང་འགུལ་ལས་སྒྲུབ་དང་སྔོན་བསྐྱོད་སྔོན་བཤེར་བྱས་ཏེ། རྒྱུད་ཁོངས་ཆ་ཚང་བའི་སྐྱེ་ཁམས་དཔལ་ཡོན་གྱི་ལམ་ལུགས་མ་ལག་འཛུགས་པར་སྐུལ་འདེད་བྱེད་རྒྱུ་ཡིན། ཐོན་ཁུངས་དང་ཁོར་ཡུག་གི་ཐེག་ནུས་ལྟ་ཞིབ་ཚད་ལེན་བྱེད་པ་དང་ཉེན་ཟོན་ཉེན་བརྡ་གཏོང་བའི་རྐྱེན་སྲོལ་འཛུགས་པ་དང་། ཚན་རིག་དང་མཐུན་ཞིང་གོ་རིམ་ཡོད་པའི་སྒོ་ནས་སྐྱེ་ཁམས་སྲུང་ཐིག་དབྱེ་འབྱེད་གཏན་འབེབས་བྱེད་པ། ཁུངས་མགོ་སྲུང་སྐྱོབ་དང་གནོད་སྐྱོན་སྐྱིན་འཇལ། འགན་འཁྲི་རྩད་གཅོད་བཅས་བྱེད་པའི་ལམ་ལུགས་ཆེས་ནན་མོ་དངོས་སུ་ལག་བསྟར་བྱས་ཏེ། མཚོ་སྔོན་ལྷོ་རྒྱུད་དང་མཚོ་སྔོན་པོའི་མཐའ་འཁོར་སོགས་སྐྱེ་ཁམས་རྩོལ་ནུས་ཁུལ་གཙོ་གནད་ཅན་གྱི་གསར་སྤེལ་བྱེད་ཚད་ལ་ཚོད་འཛིན་ནན་ཏན་བྱེད་རྒྱུ་ཡིན། སྐྱེ་ཁམས་སྲུང་སྐྱོང་གི་ལམ་སྲོལ་རྐྱེན་སྲོལ་གསར་གཏོད་བྱེད་པ་དང་། སྐྱེ་ཁམས་རྩོལ་ནུས་ཁུལ་གལ་ཆེན་གྱི་སྐྱེ་ཁམས་ཞབས་ཕྱི་རིན་ཐང་ལ་དཔྱད་འཇོག་བྱེད་རྒྱུ་ཡིན་ལ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་ཀྱི་སྐྱེ་ཁམས་སྐྱིན་གསབ་རྐྱེན་སྲོལ་དང་རྩྭ་ཐང་སྐྱེ་ཁམས་ཀྱི་གསབ་དངུལ་དང་བྱ་དགའ་སྟེར་བའི་སྲིད་ཇུས་འཐུས་ཚང་དུ་གཏོང་བ་དང་། ཞིང་ཆེན་རིམ་པའི་སྤྱི་ཕན་ནགས་ཀྱི་སྐྱེ་ཁམས་སྐྱིན་གསབ་ཚད་གཞི་ཇེ་མཐོར་བཏང་སྟེ། བརླན་ས་དང་ཆུའི་ཐོན་ཁུངས་དེ་སྐྱེ་ཁམས་སྐྱིན་གསབ་ཁྱབ་ཁོངས་སུ་བསྡུ་བར་བརྩོན་རྒྱུ་ཡིན། མ་དངུལ་གཏོང་བ་དང་སྡུད་པའི་རྐྱེན་སྲོལ་སྣ་མང་ཅན་ཧུར་ཐག་གིས་འཛུགས་པ་དང་། དམངས་ཁྲོད་དང་སྤྱི་ཚོགས་ཀྱི་མ་དངུལ་འདྲེན་འགུགས་བྱས་ཏེ་སྐྱེ་ཁམས་སྲུང་སྐྱོང་འཛུགས་སྐྲུན་ཐད་དུ་གཏོང་རྒྱུ་ཡིན་ལ། ལྗང་མདོག་ཐཱན་དམའ་རེས་འཁོར་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་བྱེད་པར་ཕན་པའི་དཔལ་འབྱོར་རྩིས་བཤེར་མ་ལག་འཛུགས་པར་འཚོལ་ཞིབ་བྱེད་རྒྱུ་ཡིན།

        ལྔ། དམངས་འཚོའི་དོན་དངོས་ལེགས་པོར་བསྒྲུབས་ཏེ། སྟོབས་ཤུགས་གཅིག་བསྡུས་སྒོས་དམངས་འཚོ་ལེགས་བཅོས་ཀྱི་རིམ་པ་ཡར་བསྟོད་པ། མི་རིགས་མཐུན་སྒྲིག་ཡར་ཐོན་སྔོན་སྐྱོད་ཁུལ་གསར་བསྐྲུན་བྱེད་པར་དམིགས་ནས། ད་ལོ་མུ་མཐུད་དུ75%ཡས་མས་ཀྱི་རྒྱུ་སྟོབས་གཅིག་བསྡུས་བྱས་ཏེ། སྤྱི་ཚོགས་ལས་དོན་མགྱོགས་མྱུར་གྱིས་གོང་དུ་སྤེལ་བ་དང་། གཞི་རྩའི་སྤྱི་པའི་ཞབས་ཕྱི་ཆ་སྙོམས་ཡོང་བར་སྐུལ་སྤེལ་བྱེད་རྒྱུ་ཡིན་ལ། སྤྱི་ཚོགས་ཀྱི་དྲང་གཞག་དང་དྲང་བདེན་ལ་སྐུལ་འདེད་བྱེད་པ་དང་། དམངས་འཚོ་དམིགས་ཚད་ཁག་ཅིག་མུ་མཐུད་དུ་སྔོན་ཐོན་ཡིན་པ་རྒྱུན་འཁྱོངས་བྱེད་པར་བརྩོན་ནས། གོམ་གང་མདུན་སྤོས་ཀྱིས་དམངས་སེམས་གོང་བུ་བསྡུ་ཞིང་འཆམ་མཐུན་སྐུལ་སྤེལ་བྱེད་རྒྱུ་ཡིན། ཤུགས་བསྒྲིམས་ནས་དོན་དངོས་བཅུ་ཐམ་པ་ལེགས་པོར་བསྒྲུབ་རྒྱུ་ཡིན་ཏེ།

        གཅིག་ནི་ལས་ཞུགས་ལས་སྤེལ་གྱི་ཐབས་ལམ་ཇེ་ཡངས་སུ་གཏོང་རྒྱུ། ལས་སྤེལ་དང་ལས་ཞུགས་ལ་སྐུལ་འདེད་བྱེད་པའི་སྲིད་ཇུས་དང་བྱེད་ཐབས་འཐུས་ཚང་དུ་གཏོང་བ་དང་དོན་ཐོག་ཏུ་འཁྱོལ་བར་བྱེད་པ་དང་། སྤྱི་པའི་ལས་ཞུགས་ཞབས་ཕྱི་དང་ཁྲོམ་རའི་མ་ལག་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱུ་ཡིན་ལ། གཞི་ཁྱོན་ཆེ་བའི་ལས་ཞུགས་ལས་སྤེལ་གྱི་གསོ་སྦྱོང་བཟོ་འགོད་ལག་ཏུ་བསྟར་བ་དང་། ཤུགས་བསྒྲིམས་ནས་གསོ་སྦྱོང་གི་རིམ་པ་དང་ཕན་ཐོགས་ཇེ་མཐོར་གཏོང་རྒྱུ་ཡིན། གསོ་སྦྱོང་རྐྱེན་སྲོལ་དང་གསབ་དངུལ་ལམ་ལུགས་མུ་མཐུད་དུ་འཐུས་ཚང་དུ་གཏོང་བ་དང་། ལས་སྤེལ་རུམ་གསོ་རྟེན་གཞི་འཛུགས་པར་རྒྱབ་སྐྱོར་བྱེད་རྒྱུ་ཡིན། མི6000སྤྱི་གསལ་སྒོས་རྒྱུགས་བསྐོ་དང་གདན་ཞུ་བྱེད་པའི་འཆར་གཞི་གསར་བ་བཀོད་སྒྲིག་བྱས་ཏེ། སློབ་གྲྭ་ཆེན་མོའི་མཐར་ཕྱིན་སློབ་མའི་ལས་ཞུགས་ཕྱོད85%ཡན་དུ་སླེབས་པར་བརྩོན་རྒྱུ་ཡིན་ལ། དཀའ་ངལ་ཡོད་པའི་ཚོགས་སྐོར་དང་ས་ཤོར་ཞིང་པ། ཐོན་ནུས་ལྷག་ལུས་གཙང་སེལ་བྱེད་སྐབས་སུ་བྱུང་བའི་ཁེ་ལས་ཀྱི་ལས་བྲལ་མི་སྣ་བཅས་ཀྱི་ལས་ཞུགས་ཕྱོགས་སྔར་བས་མཐོར་འདེགས་སུ་གཏོང་རྒྱུ་ཡིན།

        གཉིས་ནི་གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་ཡོང་སྒོ་བསྟུད་མུར་འཕར་བར་སྐུལ་འདེད་བྱེད་རྒྱུ། ལས་ཞུགས་འཕར་སྣོན་དང་ལས་སྤེལ་ལ་བསྟོད་སྐུལ་བྱེད་པ་དང་ཆབས་ཅིག དམངས་འཚོ་བཟོ་འགོད་ཁག་ཅིག་དངུལ་ལོར་ཅན་དུ་བསྒྱུར་བའི་བཅོས་སྒྱུར་མུ་མཐུད་དུ་གཏིང་ཟབ་པར་སྤེལ་བ་དང་། རྩོལ་ཕྱིར་སྐྱེལ་བྱེད་སྟངས་རྣམ་པ་སྣ་ཚོགས་རྩ་འཛུགས་བྱེད་རྒྱུ་ཡིན། གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱིས་རྒྱུ་ནོར་རང་བཞིན་དང་ཚོང་གཉེར་རང་བཞིན་གྱི་ཡོང་སྒོ་འཕར་སྣོན་བྱེད་པར་བསྟོད་སྐུལ་དང་རྒྱབ་སྐྱོར་བྱེད་པ་དང་། ཁེ་ལས་ཀྱི་ལས་བཟོ་བའི་གླ་ཕོགས་རྒྱུན་ལྡན་ངང་འཕར་བའི་རྐྱེན་སྲོལ་དང་གཏོང་སྤྲོད་འགན་སྲུང་ལམ་ལུགས་ཆ་ཚང་དུ་གཏོང་རྒྱུ་ཡིན། ལས་ཁུངས་དང་དོན་ལས་སྡེ་ཁག་གི་ཕོགས་སྣོན་སོགས་ཀྱི་ལམ་ལུགས་ཚད་ལྡན་དུ་གཏོང་བ་དང་ལེགས་སྒྲིག་བྱས་ཏེ། ཐབས་ལམ་མང་པོ་བརྒྱུད་ནས་གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་ཡོང་འབབ་དེ་དཔལ་འབྱོར་དང་འགྲོས་མཉམ་གྱིས་གོང་དུ་འཕར་བ་མངོན་འགྱུར་བྱེད་རྒྱུ་ཡིན།

        གསུམ་ནི་ནུས་ཤུགས་ཡོད་དགུས་དངོས་གོང་བརྟན་པོར་ཚོད་འཛིན་བྱེད་རྒྱུ། གཞི་རྩའི་ཚལ་ཞིང"སྲུང་ཐིག"སྲུང་སྐྱོབ་བྱེད་པའི་ལམ་ལུགས་འཛུགས་པ་དང་། ཚོད་སླེ་རྟེན་གཞིའི་ཆ་འགྲིག་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱུ་ཡིན་ལ། མཐོངས་ཡངས་སྔོ་ཚལ་ཐོན་སྐྱེད་ལ་རོགས་སྐྱོར་བྱེད་པའི་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་བར་བྱེད་པ་དང་། སྔོ་ཚལ་རྟེན་གཞི་རྨ་ཆུའི་འབབ་ཡུལ་དུ་རྒྱ་བསྐྱེད་ཅིང་། ཞིང་ཆེན་ཕྱིའི་སྔོ་ཚལ་ཐོན་སྐྱེད་རྟེན་གཞི་གསར་འཛུགས་བྱེད་པ་དང་། ཤ་དང་འོ་མ་སྔོ་ཚལ་སོགས་ཀྱི་མཁོ་འདོན་ནུས་པ་ཇེ་མཐོར་གཏོང་རྒྱུ་ཡིན། འཁོར་རྒྱུག་མ་ལག་གི་འཛུགས་སྐྲུན་ལ་ཤུགས་སྣོན་ཆེན་པོ་བྱེད་པ་དང་། ཞིང་ཞོར་ཐོན་རྫས་སྡེབ་འཚོང་ཁྲོམ་ར་སྐོར་ཞིག་བཅོས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱེད་ཅིང་། གོང་སྙོམས་ཚོང་ཁང100གསར་དུ་འཛུགས་པ་དང་། གྲོང་མིར་སྟབས་བདེ་བའི་ནངས་མོའི་ཁྲོམ་ར་དང་དགུང་མོའི་ཁྲོམ་ར་ཚད་ལྡན་སྒོས་གོང་དུ་སྤེལ་རྒྱུ་ཡིན། ཁྲོམ་རའི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་པ་དང་། འོས་འགན་དང་བླངས་ཀྱི་མང་ཚོགས་རིན་གོང་ལྟ་སྐུལ་པའི་ལམ་ལུགས་འཐུས་ཚང་དུ་བཏང་སྟེ། ཁྲིམས་འགལ་གྱི་བྱ་སྤྱོད་ལ་ཁྲིམས་ལྟར་རྡུང་རྡེག་གཏོང་རྒྱུ་ཡིན། སྲིད་གཞུང་གི་གསབ་དངུལ་གཏོང་ཚད་ཇེ་མང་དུ་གཏོང་བ་དང་། དངོས་ཟོག་གཙོ་བོ་གྲབས་གསོག་དང་ཁྲོམ་ར་གཏོང་འཇོག་བྱེད་པའི་བྱ་བ་ལེགས་པོ་སྒྲུབ་ཅིང་། སྤྱི་ཚོགས་ཀྱི་རོགས་སྐྱོབ་དང་འགན་སྲུང་ཚད་གཞི་དེ་དངོས་གོང་མཉམ་འགུལ་བྱེད་པའི་རྐྱེན་སྲོལ་འཐུས་སྒོ་ཚང་བར་བཏང་སྟེ། དངོས་གོང་ཚོད་འཛིན་གྱི་དམིགས་འབེན་ཧུར་ཐག་གིས་མངོན་འགྱུར་བྱེད་རྒྱུ་ཡིན།

        བཞི་ནི་མགྱོགས་མྱུར་གྱིས་སློབ་གསོ་རིགས་སོ་སོ་མཐུན་སྦྱོར་ངང་གོང་དུ་སྤེལ་རྒྱུ། "1+9+3"གྱི་སློབ་གསོའི་གྲོན་དངུལ་འགན་སྲུང་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། འོས་འགན་སློབ་གསོའི་དུས་རིམ་གྱི་སློབ་མའི་འཚོ་བའི་རོགས་དངུལ་ཚད་གཞི་ཇེ་མཐོར་གཏོང་རྒྱུ་ཡིན། དབུལ་ཕོངས་ས་ཁུལ་གྱི་སློབ་གྲྭའི་གཞི་རྩའི་སློབ་སྒྲུབ་ཆ་རྐྱེན་མུ་མཐུད་དུ་ལེགས་བཅོས་བྱེད་པ་དང་། སློབ་གྲྭ་ཆུང་འབྲིང་གི་ཚད་ལྡན་ཅན་འཛུགས་སྐྲུན་གྱི་ལས་འགན་ཕལ་ཆེར་ཡོངས་སུ་འགྲུབ་པར་བྱས་ཏེ། "ཕལ་ཆེར་གཉིས"ཀྱི་གྲུབ་འབྲས་སྔར་བས་སྲ་བརྟན་དུ་གཏོང་རྒྱུ་ཡིན། སློབ་སྔོན་སློབ་གསོ་ལོ་གསུམ་གྱི་ལས་འགུལ་འཆར་གཞི་མགྱོགས་མྱུར་ངང་ལག་ཏུ་བསྟར་ཏེ། སློབ་སྔོན་ལོ་གཅིག་གི་ན་འདྲེས་བྱིས་པ་བུ་བཅོལ་ཁང་དུ་ཞུགས་ཚད80%ལ་སླེབས་པར་བྱེད་རྒྱུ་ཡིན། ཁྱད་ལྡན་མཐོ་འབྲིང་དཀྱུས་མ་དང་། དཔེ་མཚོན་རང་བཞིན་གྱི་འབྲིང་རིམ་ལས་རིགས་སློབ་གྲྭ་དང་ཆ་འཕྲིན་ཅན་འཛུགས་སྐྲུན་བྱེད་པའི་འཆར་འགོད། དབུས་རྒྱུད་དང་ནུབ་རྒྱུད་ཀྱི་སློབ་གྲྭ་ཆེན་མོའི་ཕྱོགས་བསྡུས་སྟོབས་ཤུགས་མཐོར་འདེགས་འཆར་གཞི་བཅས་གཅིག་གྱུར་ལག་བསྟར་བྱེད་རྒྱུ་ཡིན་ལ། སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་ཁྲི1.6གསོ་སྦྱོང་བྱེད་པ་དང་། སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་གྱི་འཁོར་རྒྱུག་ཁང་པ་སྐོར་ཞིག་གསར་དུ་ལས་མགོ་རྩོམ་རྒྱུ་དང་། མཚོ་སྔོན་དགེ་འོས་སློབ་གྲྭ་ཆེན་མོའི་སློབ་ར་གསར་བ་མགྱོགས་མྱུར་ངང་འཛུགས་སྐྲུན་བྱེད་རྒྱུ་ཡིན། མཚོ་སྔོན་གུ་ཡངས་སློབ་ཆེན་དང་། ཟི་ལིང་དང་མཚོ་ཤར། མཚོ་ནུབ་བཅས་སུ་མཐོ་རིམ་ལས་རིགས་ལག་རྩལ་སློབ་གླིང3སྒྲིག་འཛུགས་བྱེད་པ་དང་། མཐོ་རིམ་སློབ་གྲྭའི་སློབ་གསོའི་བཀོད་པ་དང་ཚན་རིག་བཀོད་སྒྲིག་སྔར་ལས་ལེགས་བསྒྱུར་བྱས་ཏེ། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ཞིང་ཆེན་དང་གྲོང་ཁྱེར་གྱིས་ཁུལ6ཏུ་འབྲིང་རིམ་ལས་རིགས་སློབ་གྲྭ་རེ་ལ་རོགས་སྐྱོར་གནང་བར་བརྩོན་ལེན་བྱེད་རྒྱུ་དང་། གླ་རྒྱག་ཞིང་པའི་ཞོར་ཁྲིད་བྱིས་པས་ས་དེ་ག་ནས་འོས་འགན་སློབ་གསོ་མྱོང་བའི་སྲིད་ཇུས་དངོས་འབེབ་བྱེད་རྒྱུ་ཡིན།

        ལྔ་ནི་ཤུགས་བསྒྲིམས་ནས་སྤྱི་པའི་འཕྲོད་བསྟེན་ཞབས་ཕྱི་ཆུ་ཚད་མཐོར་འདེགས་བྱེད་རྒྱུ། རྒྱལ་དམངས་བདེ་ཐང་སྲིད་ཇུས་འཐུས་ཚང་དུ་གཏོང་རྒྱུ། རིམ་པ་སོ་སོའི་སྨན་བཅོས་ཞབས་ཕྱི་མ་ལག་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་པ་དང་། རྒྱ་སྨན་དང་བོད་སྨན་ལས་དོན་གོང་དུ་སྤེལ་བར་འདེགས་སྐྱོར་བྱེད་ཅིང་། གསོ་སྨན་རིགས་སོ་སོའི་ཆེད་ལས་འཇོན་མི8700གསོ་སྦྱོང་བྱེད་རྒྱུ་ཡིན། ནད་གཞི་ལྕི་མོའི་སྨན་བཅོས་འགན་བཅོལ་དང་སྨན་བཅོས་རོགས་སྐྱོབ། ནད་གཞི་མྱུར་བསྟུན་རོགས་སྐྱོབ་བཅས་ཀྱི་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། ཞིང་ཆེན་ནང་ཁུལ་དུ་སྨན་པ་བསྟེན་ན"ཁཱ་གཅིག་ཀུན་སྤྱོད"ཡིན་པ་དངོས་སུ་ལག་བསྟར་བྱེད་རྒྱུ་ཡིན། ཕྱོགས་གཅིག་བུ་ཕྲུག་ཁེར་སྐྱེས་ཡིན་པའི་བཟའ་ཟླས་ཕྲུ་གུ་གཉིས་བཙའ་ཆོག་པ་དང་ལོ་བཞི་ཡི་བུ་ཕྲུག་སྐྱེས་མཚམས་མེད་པར་གཏོང་བའི་སྲིད་ཇུས་ལག་ཏུ་བསྟར་རྒྱུ་དང་། རྒྱལ་ཁབ་རིམ་པའི་དབུལ་ཕོངས་ས་ཁུལ་ཀྱི་འཚོ་བཅུད་ལེགས་བཅོས་དང་ཞིང་ཆེན་རིམ་པའི་ཁྱེའུ་དང་ཕྲུ་གུའི་འཚོ་བཅུད་ལས་གཞི་ཞིང་ཆེན་ཡོངས་ཀྱི་རྫོང་སོ་སོར་ཁེབས་སུ་འཇུག་རྒྱུ་ཡིན། དྲུག་ནི་རིག་གནས་ཚན་རྩལ་གྱིས་དམངས་ལ་ཕན་པའི་བཟོ་འགོད་ལག་བསྟར་གཏིང་ཟབ་བྱེད་རྒྱུ། རྨ་ལྷོའི་རྒྱལ་ཁབ་རིམ་པའི་རེབ་གོང་སྒྱུ་རྩལ་སྐྱེ་ཁམས་སྲུང་སྐྱོང་ཁུལ་དང་། ལཱ་ཅའི་གནའ་རྫས་ཞིབ་དཔྱོད་རྗེས་ཤུལ་གླིང་ག་དང་རིག་གནས་ཐོན་ལས་ར་བའི་ཁུལ་སོགས་འཛུགས་སྐྲུན་ལེགས་པོ་བྱེད་རྒྱུ་ཡིན། ཞིང་ཆེན་རིམ་པའི"ཁང་གསུམ"དང་། བོད་ཁུལ་གྱི་རྒྱང་སྒྲོག་དང་གློག་བརྙན་བརྙན་འཕྲིན་འཛུགས་སྐྲུན། དམངས་ཡོངས་ལུས་སྦྱོང་གི་བཟོ་འགོད་བཅས་ལག་བསྟར་བཟང་བོ་བྱེད་པ་དང་། སྲིད་འཛིན་སྡེ་བ400ཡི་བྱ་འགུལ་ཁང་དུ་རིག་གནས་སྒྲིག་ཆས་དང་ཡོ་བྱད་ཆ་ཚང་བསྒྲིག་རྒྱུ་ཡིན། "བོད་ཞིན"ལས་རིམ་ལྔ་པ་སོགས་ཀྱི་བཟོ་འགོད་སྐུལ་སྤེལ་བྱེད་པ་དང་། ཁྱིམ་ཚང་ཀུན་ལ་འཐེན་པའི་སྒྲིག་ཆས་ཆ་ཚང་ཁྲི5.4སྒྲིག་སྦྱོར་བྱེད་པའི་ལས་འགན་ལེགས་འགྲུབ་བྱེད་རྒྱུ་དང་། ཁུལ་དང་རྫོང་གི་རྒྱང་སྒྲོག་བརྙན་འཕྲིན་བཟོ་སྐྲུན་ནུས་པ་དང་ཆུ་ཚད་མཐོར་འདེགས་བྱེད་པ་དང་། རྒྱང་སྒྲོག་དང་བརྙན་འཕྲིན་གྱི་མི་འབོར་ཁེབས་ཕྱོད་སོ་སོ97%དང97.5%རུ་མཐོར་འདེགས་བྱེད་རྒྱུ་ཡིན། ཚན་རྩལ་ཁྱབ་གདལ་སློབ་རར་སྐྱོད་པ་དང་སྡེ་ཁུལ་དུ་སྐྱོད་པ། ལས་སར་སྐྱོད་པ་དང་། "གཤམ་སྐྱེལ་གསུམ"སོགས་བྱེད་སྒོ་རབ་དང་རིམ་པ་གཏིང་ཟབ་ཏུ་སྤེལ་བ་དང་། ཞིང་ཆེན་ཚན་རྩལ་ཁང་གི་འགྲེམ་སྟོན་དང་སློབ་གསོའི་རྩོལ་ནུས་འདོན་སྤེལ་བཟང་བོ་བྱས་ཏེ། སྤྱི་ཚོགས་ལ་ཞབས་ཕྱི་དང་དམངས་འཚོ་ལ་གཟིགས་སྐྱོང་བྱེད་རྒྱུ་ཡིན།

        བདུན་ནི་གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་སྡོད་ཁང་ཆ་རྐྱེན་ལེགས་བཅོས་བྱེད་རྒྱུ། གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་སྡོད་ཁང་དཀའ་ངལ་ཐག་གཅོད་པ་འབུར་ཐོན་གྱི་གནས་སུ་བཞག་སྟེ། གྲོང་ཁྱེར་དང་གྲོང་རྡལ་གྱི་སྤྱིལ་ཁྱིམ་ཁུལ་དང་། གྲོང་ཁྱེར་ནང་གི་སྡེ་བ་བཅོས་སྐྲུན་དང་ཞིང་སྡེའི་ཁང་ཉེན་བཅོས་སྐྲུན་སོགས་འགན་སྲུང་རང་བཞིན་གྱི་བདེ་སྡོད་བཟོ་འགོད་ཁྱོན་ཡོངས་ནས་ལག་ཏུ་བསྟར་རྒྱུ་ཡིན། གྲོང་ཁྱེར་དང་གྲོང་རྡལ་གྱི་འགན་སྲུང་རང་བཞིན་གྱི་སྡོད་ཁང་ཁྲི11གསར་དུ་བསྐྲུན་པ་དང་། གྲོང་ཁྱེར་གྲོང་རྡལ་དུ་ཞུགས་པའི་རོང་འབྲོག་པ་དང་། ཕྱི་ཡོང་གླ་རྒྱག་པ། གསར་དུ་ལས་ཞུགས་བྱེད་མཁན་དག་རིམ་གྱིས་སྡོད་ཁང་འགན་སྲུང་ཁྱབ་ཁོངས་སུ་བསྡུ་རྒྱུ་ཡིན། "འགན་སྲུང་དང་ཁྲོམ་ར་སྦྲགས་མའི"གྲོང་ཁྱེར་གྲོང་རྡལ་གྱི་སྡོད་ཁང་མཁོ་འདོན་ཉིས་གཤིབ་ཅན་གྱི་རྐྱེན་སྲོལ་འཐུས་སྒོ་ཚང་བ་འཛུགས་པ་དང་། ས་ཁང་ཐོན་ལས་ཐད་དུ་མ་དངུལ་སྒོར་དུང་ཕྱུར260གཏོང་བར་བརྩོན་པ་ཅི་ཐུབ་བྱེད་རྒྱུ་ཡིན། སྲིད་གཞུང་གི་རོགས་གསབ་བྱེད་ཤུགས་ཇེ་ཆེར་བཏང་སྟེ། ཞིང་སྡེའི་ཁྱིམ་ཚང་ཁྲི2.5ཡི་ཁང་ཉེན་བཅོས་སྐྲུན་བྱེད་པ་དང་། ནུས་པ་ལྡན་ཞིང་རེ་འདོད་ཡོད་པའི་མང་ཚོགས་ཀྱིས་རང་ཤུགས་ལ་བརྟེན་ནས་སྡོད་ཁང་ཆ་རྐྱེན་ལེགས་བཅོས་བྱེད་པར་མུ་མཐུད་དུ་རྒྱབ་སྐྱོར་བྱེད་ཅིང་། བྱ་དགའི་རང་བཞིན་གྱི་སྡོད་ཁང་ཁྲི4བཀོད་སྒྲིག་བྱེད་རྒྱུ་ཡིན།

        བརྒྱད་ནི་དྲང་གཞག་ཡིན་ལ་རྒྱུན་མཐུད་ཐུབ་པའི་སྤྱི་ཚོགས་འགན་སྲུང་མ་ལག་འཐུས་ཚང་དུ་གཏོང་རྒྱུ། དྲ་སྦྲེལ་བ་དང་། གཞི་རྩ་སྲུང་བ། གཞི་ཐིག་འཛིན་པ། དྲང་གཞག་སྐུལ་བ། རྒྱུན་མཐུད་ཐུབ་པ་བཅས་ཀྱི་རྩ་དོན་བརྩི་སྲུང་བྱས་ཏེ། གོམ་ཁ་བརྟན་པོའི་ངང་ནས་སྤྱི་ཚོགས་འགན་བཅོལ་གྱི་ཁེབས་རྒྱ་བསྐྱེད་པ་དང་། ཁེ་ལས་ཀྱི་ལས་འཁྱུར་ངལ་གསོ་པ་དང་གྲོང་ཁྱེར་གྲོང་རྡལ་སྡོད་དམངས་ཀྱི་རྒན་སྐྱོང་དང་སྨན་བཅོས་འགན་བཅོལ་གྱི་མ་དངུལ་གྲབས་གསོག ཆེས་དམའི་འཚོ་བའི་འགན་སྲུང་རོགས་གསབ། ལས་རྨས་ལས་ཤོར་འགན་བཅོལ་སོགས་ཀྱི་ཚད་གཞི་ཁྱོན་ཡོངས་ནས་ཇེ་མཐོར་གཏོང་རྒྱུ་དང་། གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་རྒན་སྐྱོང་འགན་བཅོལ་ལམ་ལུགས་སྡེབ་སྒྲིག་བྱེད་པ་དང་། སྤྱི་ཚོགས་ཡོངས་ཀྱི་རོགས་སྐྱོབ་མ་ལག་དང་འགུལ་རྣམ་དོ་དམ་རྐྱེན་སྲོལ་འཐུས་སྒོ་ཚང་བར་གཏོང་རྒྱུ་ཡིན།

        དགུ་ནི་རྒན་སྐྱོང་ཞབས་ཕྱིའི་མ་ལག་གི་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་རྒྱུ། བདེ་ཐང་རྒན་སྐྱོང་ཞབས་ཕྱི་ལས་རིགས་ཀྱི་འཕེལ་རྒྱས་འཆར་འགོད་དང་སྲིད་ཇུས་ཐབས་བཀོད་གཏན་འབེབས་བྱེད་རྒྱུ་ཡིན། སྡེ་ཁུལ་གྱི་ཞབས་ཕྱི་རྩོལ་ནུས་ཇེ་དྲག་ཏུ་གཏོང་བ་དང་། འཐུས་སྒོ་ཚང་བའི་སྡེ་ཁུལ་རྒན་སྐྱོང་བྱེད་སྟངས་འཛུགས་རྒྱུ་དང་། སྤྱི་ཚོགས་ནུས་ཤུགས་ཀྱིས་རྒན་སྐྱོང་ཁང་དང་རྒན་པའི་འདུག་ཤག་གསར་འཛུགས་བྱེད་པར་གཟེངས་བསྟོད་དང་སྐུལ་སློང་བྱེད་པ་དང་། སྨན་བཅོས་ནད་གཡོག་དང་། ལུས་གསོ་ནད་བཅོས། བདེ་སྲུང་ཁམས་གསོ་སོགས་ཀྱི་བདེ་ཐང་རྒན་སྐྱོང་ཞབས་ཕྱི་ལས་རིགས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་བྱེད་རྒྱུ་ཡིན། གྲོང་ཁྱེར་དང་གྲོང་གསེབ་ཏུ་རྒན་པའི་ཞབས་ཕྱི་སྒྲིག་བཀོད370གསར་དུ་བསྐྲུན་པ་དང་། རྒན་པའི་ལུས་ཕུང་ཞིབ་བཤེར་དང་དགུང་ལོ་མཐོ་བའི་མི་རྒན་པའི་འཚོ་བའི་རོགས་གསབ་ཚད་གཞི་ཇེ་མཐོར་གཏོང་རྒྱུ་ཡིན། ཁྱིམ་སྲུང་བྱིས་པ་དང་ལོ་ལོན། བྱིས་པ་ཁེར་སྐྱེས་འདས་པའི་ཁྱིམ་ཚང་བཅས་བྱམས་སྐྱོང་བྱེད་པའི་མ་ལག་འཐུས་ཚང་དུ་གཏོང་རྒྱུ་ཡིན།

        བཅུ་ནི་གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་ཐོན་སྐྱེད་འཚོ་བའི་ཁོར་ཡུག་ལེགས་བཅོས་བྱེད་རྒྱུ། ཞིང་སྡེའི་གཞུང་ལམ་སྤྱི་ལེ5000དང་། དམངས་མཁོ་ཟམ་པ200གསར་སྐྲུན་དང་བཅོས་སྐྲུན་བྱེད་པ་དང་། ཞིང་ཆེན་ཡོངས་ཀྱི་ཞང་དང་གྲོང་རྡལ་དུ་གཞུང་ལམ་ཤར་སྐྱོད་ཐུབ་ཚད96%ཡན་དུ་མཐོར་འདེགས་སུ་གཏོང་རྒྱུ་དང་། འགྲུལ་སྐྱེལ་རྒྱུན་ཚིགས་རླངས་འཁོར་ཡོངས་སུ་ཁེབས་པ་མངོན་འགྱུར་བྱེད་རྒྱུ་ཡིན། རོང་འབྲོག་ས་ཁུལ་གྱི་མི་གྲངས་ཁྲི25ཡི་འཐུང་ཆུའི་བདེ་འཇགས་དང་མི་གྲངས་ཁྲི5ཡི་གློག་སྤྱོད་གནད་དོན་ཐག་གཅོད་བྱེད་པ་དང་། བྱེད་ཐབས་སྣ་མང་སྤྱད་དེ་ཞང་དང་གྲོང་རྡལ113དུ་དངུལ་རྩའི་ཞབས་ཕྱི་དྲ་གནས་མེད་པའི་གནད་དོན་ཐག་གཅོད་བྱེད་རྒྱུ་ཡིན། དམངས་འཚོ་ལེགས་བཅོས་བྱེད་པར་མགོ་འཛུགས་པའི་གནས་མ་གཏོགས་མཇུག་སྒྲིལ་བའི་གནས་ཤིག་མེད། ང་ཚོས་དམངས་འཚོའི་གནད་དོན་དེ་ནམ་ཡང་ཡིད་ལ་བཟུང་ཞིང་ལག་ཏུ་བཅིངས་ནས་དོན་ཐོག་ཏུ་འཁྱོལ་བར་བྱས་ཏེ། བཅོས་སྒྱུར་དང་འཕེལ་རྒྱས་ཀྱི་ཁེ་བཟང་དེ་རིགས་སོ་སོའི་མང་ཚོགས་ཀུན་ཡིས་རེག་ཐུབ་པ་བྱེད་རྒྱུ་ཡིན།

        དྲུག བཅོས་སྒྱུར་སྒོ་འབྱེད་གཏིང་ཟབ་ཏུ་སྤེལ་ནས། སྔར་ལས་སྐྱེ་སྟོབས་འབར་བའི་འཕེལ་རྒྱས་ཁོར་ཡུག་བསྐྲུན་རྒྱུ། ད་ལོ་ནི་བཅོས་སྒྱུར་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བའི་ལོ་མགོ་མ་ཡིན་ལ། དར་གོས་ཚོང་ལམ་གྱི་དཔལ་འབྱོར་ས་རྒྱུད་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་འགུལ་སྐྱོད་ཀྱི་ལོ་ཡང་ཡིན། ང་ཚོས་བཅོས་སྒྱུར་སྒོ་འབྱེད་ཀྱི་བྱ་བཞག་དེ་སྔར་བས་འབུར་དུ་དོད་པའི་གོ་གནས་སུ་བཞག་སྟེ། གཙོ་གནད་ཁྱབ་ཁོངས་དང་གནད་འགག་ཚིགས་མཚམས་ཁ་ཤས་སུ་འགག་སྒྲོལ་ཐུབ་པ་དང་། སྒོ་འབྱེད་ཅན་གྱི་དཔལ་འབྱོར་གོང་དུ་སྤེལ་བའི་ཐད་དུ་གོམ་པ་སྔར་བས་ཆེན་པོ་སྤོ་བར་བརྩོན་རྒྱུ་ཡིན།

        (གཅིག)དཔལ་འབྱོར་ལམ་སྲོལ་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་རྒྱུ། རོང་འབྲོག་ས་ཁུལ་གྱི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་ཏེ། རྨོ་ཞིང་དང་རྩྭ་ཐང་། ནགས་ས་སོགས་འགན་གཙང་ལེན་བདག་གཉེར་བྱེད་པའི་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། འཁོར་རྒྱུགས་ཚད་ལྡན་གྱིས་སྐུལ་འདེད་བྱེད་རྒྱུ་ཡིན། ཆུ་བེད་དོ་དམ་ལམ་སྲོལ་དང་ཐུན་མོང་གི་ནགས་དབང་ལམ་ལུགས་མུ་མཐུད་དུ་འཐུས་སྒོ་ཚང་བར་བྱེད་རྒྱུ་ཡིན། མ་རྩར་དོ་དམ་བྱེད་པ་གཙོ་ཡིན་པའི་རྒྱལ་མངའ་རྒྱུ་ནོར་གྱི་ལྟ་སྐུལ་དོ་དམ་མ་ལག་ཇེ་དྲག་ཏུ་གཏོང་བ་དང་། རྒྱལ་མངའ་ཁེ་ལས་མི་འདྲ་བའི་རྩོལ་ནུས་གོ་གནས་ཡང་དག་པར་གཏན་ཁེལ་བྱས་ཏེ། རིགས་དགར་བའི་ལྟ་སྐུལ་དོ་དམ་བྱེད་སྟངས་འཚོལ་ཞིབ་བྱེད་པ་དང་། དེང་རབས་ཁེ་ལས་ལམ་ལུགས་འཐུས་ཚང་དུ་གཏོང་རྒྱུ་ཡིན། སྤྱི་དབང་ལམ་ལུགས་མིན་པའི་དཔལ་འབྱོར་མགྱོགས་མྱུར་གྱིས་འཕེལ་རྒྱས་ཡོང་བར་རྒྱབ་སྐྱོར་བྱེད་པ་དང་། དམངས་གཉེར་ཁེ་ལས་དེ་རྒྱལ་མངའ་ཁེ་ལས་བཅོས་སྒྱུར་ཁྲོད་ཞུགས་པར་སྐུལ་འདེབས་བྱེད་ཅིང་། དབང་བའི་ལམ་ལུགས་བསྲེས་པའི་དཔལ་འབྱོར་ཧུར་ཐག་གིས་གོང་དུ་སྤེལ་རྒྱུ་ཡིན། ནོར་སྲིད་དང་དཔྱ་ཁྲལ་གྱི་ལམ་སྲོལ་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་ནས། སྔོན་རྩིས་དོ་དམ་ལམ་ལུགས་ཇེ་ལེགས་སུ་གཏོང་བ་དང་། ཁྲལ་བསྡུ་ལམ་ལུགས་འཐུས་ཚང་དུ་གཏོང་ཞིང་། དོན་གཅོད་དབང་ཆ་དང་འགྲོ་གྲོན་འགན་ཁུར་ཕན་ཚུན་ལ་འཕྲོད་པའི་ལམ་ལུགས་རིམ་གྱིས་འཐུས་ཚང་དུ་གཏོང་རྒྱུ་ཡིན། མ་དངུལ་གཏོང་བ་དང་སྡུད་པའི་ལམ་སྲོལ་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་ནས། ཁེ་ལས་ཀྱི་མ་དངུལ་གཏོང་འཇོག་ལས་གཞིའི་ཞིབ་མཆན་འགོད་པའི་དཀར་ཆག་དག་བཅོས་བྱེད་པ་དང་། ཧུར་ཐག་གིས་གེགས་རྒྱ་སྣ་ཚོགས་སེལ་བར་བྱས་ཏེ། དམངས་ཁྲོད་ཀྱི་མ་དངུལ་གཏོང་འཇོག་གི་གསོན་ཤུགས་སྐུལ་སློང་བྱེད་རྒྱུ་ཡིན། རིན་གོང་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་ནས། སྡོད་དམངས་ཀྱི་ཆུ་གློག་རླངས་གསུམ་སོགས་ཀྱི་རིན་གོང་སྐས་གདང་ཅན་གྱི་ལམ་ལུགས་འཐུས་ཚང་དུ་གཏོང་རྒྱུ་ཡིན།

        (གཉིས)སྲིད་འཛིན་ལམ་སྲོལ་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་རྒྱུ། རིམ་པ་སོ་སོའི་སྲིད་གཞུང་གི་འགན་ནུས་བསྒྱུར་བ་དང་སྒྲིག་གཞི་བཅོས་སྒྱུར་ལ་ཁྱོན་ཡོངས་ནས་སྐུལ་འདེད་བྱེད་རྒྱུ་ཡིན། གོམ་གང་མདུན་སྤོས་ཀྱིས་ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་བྱས་ཏེ། ཁེ་ལས་དང་ཁྲོམ་ར། སྤྱི་ཚོགས་བཅས་ཀྱིས་ལེགས་པོར་བསྒྲུབ་ཐུབ་པའི་དོན་དག་རྣམས་ཁེ་ལས་དང་ཁྲོམ་ར། སྤྱི་ཚོགས་བཅས་ལ་སྤྲོད་པ་དང་། གྲོང་ཁྱེར་དང་ཁུལ། རྫོང་བཅས་ལ་སྤྲད་ཆོག་པའི་དོན་གཅོད་དབང་ཆ་རྣམས་གྲོང་ཁྱེར་དང་ཁུལ། རྫོང་བཅས་ལ་སྤྲོད་རྒྱུ་ཡིན་ལ། སྡེ་ཁག་སོ་སོའི་སྲིད་འཛིན་མཆན་འགོད་བྱ་བའི་དཀར་ཆག་དང་རྩིས་ཐོ་ལམ་ལུགས་བཙུགས་ཏེ། ལོ་གཉིས་ཀྱི་ནང་དུ་མཆན་འགོད་བྱ་བ་སུམ་ཆའི་གཅིག་མུ་མཐུད་དུ་མེད་པར་གཏོང་བའམ་གཤམ་དུ་སྤྲོད་རྒྱུ་ཡིན། ཞིང་ཆེན་གྱི་སྲིད་འཛིན་ཞབས་ཕྱི་དང་སྤྱི་པའི་ཐོན་ཁུངས་ཉོ་ཚོང་ལྟེ་གནས་ཚད་ལྡན་ནུས་མཐོ་སྒོས་འཁོར་རྒྱུག་ཐུབ་པར་སྐུལ་འདེད་བྱེད་པ་དང་། གྲོང་ཁྱེར་དང་ཁུལ་སོ་སོ་དང་ཆ་རྐྱེན་འཛོམས་པའི་རྫོང་དག་གིས་སྲིད་འཛིན་ཞབས་ཕྱི་ལྟེ་གནས་འཛུགས་པར་རྒྱབ་སྐྱོར་བྱེད་ཅིང་། གློག་རྡུལ་ཅན་གྱིས་གཅིག་བསྡུས་མཆན་འགོད་བྱེད་པ་དང་གནས་ཡུལ་གཅིག་ཏུ་ཀུན་གསལ་གཞུང་ལས་སྒྲུབ་པ་ཇེ་མགྱོགས་སུ་གཏོང་བ་དང་། བཟོ་འགོད་ལས་གཞིའི་འོས་སྐུལ་འོས་འཇུག་དང་། སྲིད་གཞུང་ཉོ་སྒྲུག གཏེར་ལས་དབང་ཆ་བཤུག་སྤྲོད་སོགས་ཚང་མ་གནས་ངེས་གཏན་དུ་ཉོ་ཚོང་བྱེད་པར་སྐུལ་འདེད་བྱེད་རྒྱུ་ཡིན། བཟོ་ཚོང་ཐོ་འགོད་ལམ་ལུགས་བཅོས་སྒྱུར་ལ་སྐུལ་འདེད་བྱེད་པ་དང་། ཁྲོམ་ར་ཞུགས་ཆོག་པའི་ཆ་རྐྱེན་ལྷོད་ཡངས་སུ་གཏོང་རྒྱུ་ཡིན། ལས་དོན་ལས་ཁུངས་ལ་རིགས་དགར་ནས་བཅོས་སྒྱུར་བྱེད་པར་སྐུལ་འདེད་བྱེད་པ་དང་། གཞུང་ཞབས་པར་རིགས་དགར་ནས་བཅོས་སྒྱུར་བྱེད་མགོ་རྩོམ་རྒྱུ་དང་། འཕེལ་རྒྱས་གྲུབ་འབྲས་ཀྱི་དཔྱད་ཞིབ་གདེང་འཇོག་མ་ལག་འཐུས་ཚང་དུ་གཏོང་རྒྱུ་ཡིན།

        (གསུམ)སྤྱི་ཚོགས་ལས་དོན་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་རྒྱུ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འགན་བབས་སློབ་གསོའི་ཐོན་ཁུངས་དོ་མཉམ་གྱིས་བཀོད་སྒྲིག་བྱེད་པར་གཅིག་འགྱུར་འཆར་འགོད་བྱེད་པ་དང་། རྒྱུགས་ལེན་པ་དང་སློབ་མ་སྡུད་པའི་ལམ་ལུགས་བཅོས་སྒྱུར་ལ་སྐུལ་འདེད་བྱེད་ཅིང་། སློབ་གསོའི་དོ་དམ་ལམ་སྲོལ་འཐུས་ཚང་དུ་གཏོང་རྒྱུ་ཡིན། རིག་གནས་ལམ་སྲོལ་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་ནས། སྤྱི་པའི་རིག་གནས་ཞབས་ཕྱི་དེ་སྤྱི་ཚོགས་ཅན་དུ་འཕེལ་རྒྱས་ཡོང་བར་སྐུལ་འདེད་བྱེད་པ་དང་། རིམ་པའི་མང་བའི་རིག་གནས་ཐོན་རྫས་དང་རྒྱུ་རྐྱེན་གཙོ་བོའི་ཁྲོམ་ར་ཧུར་ཐག་གིས་འཛུགས་རྒྱུ་ཡིན། ཚན་རྩལ་ལམ་སྲོལ་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་ནས། གཙོ་བོ་ཁྲོམ་རས་ཐག་གཅོད་པའི་ལག་རྩལ་གསར་གཏོད་ལས་གཞི་དང་འགྲོ་གྲོན་བགོ་བཤའ། གྲུབ་འབྲས་གདེང་འཇོག་བཅས་ཀྱི་རྐྱེན་སྲོལ་ཧུར་ཐག་གིས་འཛུགས་རྒྱུ་ཡིན། གསོ་སྨན་འཕྲོད་བསྟེན་གྱི་ལམ་སྲོལ་བཅོས་སྒྱུར་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་སྤེལ་ནས། འཐུས་སྒོ་ཚང་བའི་གཞི་རྩའི་སྨན་རྫས་ལམ་ལུགས་དང་གཞི་རིམ་སྨན་བཅོས་ཀྱི་རྐྱེན་སྲོལ་གསར་བ་སྲ་བརྟན་དུ་གཏོང་བ་དང་། རིམ་པ་དབྱེ་བའི་ནད་བརྟག་སྨན་བཅོས་ལམ་ལུགས་འཐུས་ཚང་དུ་གཏོང་རྒྱུ་དང་། སྨན་བཅོས་འཕྲོད་བསྟེན་ཐོན་ཁུངས་གསར་སྣོན་བྱེད་པར་སྤྱི་ཚོགས་མ་རྩ་དམིགས་སུ་བཀར་ནས་བསམ་བློ་གཏོང་བར་རྒྱབ་སྐྱོར་བྱེད་རྒྱུ་ཡིན། གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་གཞི་རྩའི་རྒན་སྐྱོང་འགན་བཅོལ་ལམ་ལུགས་དང་ལས་བཟོ་པའི་གཞི་རྩའི་རྒན་སྐྱོང་འགན་བཅོལ་ལམ་ལུགས་དང་སྦྲེལ་མཐུད་བྱེད་ཐབས་གཏན་འབེབས་བྱེད་རྒྱུ་ཡིན།

        (བཞི)སྤྱི་ཚོགས་བཅོས་སྐྱོང་ལམ་སྲོལ་གྱི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་རྒྱུ། སྤྱི་ཚོགས་བཅོས་སྐྱོང་བྱེད་ཐབས་ལེགས་བསྒྱུར་བྱེད་པ་དང་། མང་ཚོགས་བྱ་བ་དང་། སྤྱི་ཚོགས་འགལ་བ་ཕན་ནུས་ལྡན་པར་སྔོན་འགོག་དང་ཞི་བར་བྱེད་པའི་ལམ་སྲོལ་གསར་གཏོད་བྱེད་རྒྱུ་ཡིན་ལ། སྤྱི་ཚོགས་རྩ་འཛུགས་ཀྱི་གསོན་ཤུགས་སྐུལ་སློང་བྱེད་པ་དང་། གྲོང་ཁྱེར་གྱི་སྡེ་ཁུལ་ཞབས་ཕྱི་དོ་དམ་གྱི་ཐོན་ཁུངས་དང་རྣམ་པ་དེ་ཞིང་སྡེ་རུ་རྒྱ་བསྐྱེད་པར་སྣེ་ཁྲིད་ཅིང་། སྲིད་གཞུང་གིས་བཅོས་སྐྱོང་བྱེད་པ་དང་སྤྱི་ཚོགས་ཀྱིས་རང་ཉིད་སྙོམས་སྒྲིག་བྱེད་པ། སྡོད་དམངས་ཀྱིས་རང་སྐྱོང་བྱེད་པས་ཕན་ཚུན་ལ་སྐུལ་འདེད་ཐུབ་པ་མངོན་འགྱུར་བྱེད་རྒྱུ་ཡིན། ཐབས་ཇུས་གལ་ཆེན་གྱི་སྤྱི་ཚོགས་བརྟན་འཇགས་ཉེན་ཁ་དཔྱད་འཇོག་བྱེད་པའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། ཡིག་སྐུར་ངོ་བཅར་བྱ་བའི་ལམ་ལུགས་བཅོས་སྒྱུར་བྱེད་ཅིང་། བཅའ་ཁྲིམས་རོགས་སྐྱོར་མ་ལག་འཐུས་སྒོ་ཚང་བར་བྱེད་པ་མ་ཟད། གེགས་མེད་རིམ་ལྡན་གྱི་གཏུག་ཞུ་ཞིབ་བརྗོད་དང་། སེམས་ཁམས་ཐེ་གཏོགས། འགལ་ཟླ་འདུམ་འགྲིག ཁེ་དབང་འགན་སྲུང་བཅས་ཀྱི་རྐྱེན་སྲོལ་འཛུགས་རྒྱུ་ཡིན་ལ། ཞིང་ཆེན་ཡོངས་ཀྱི་སྡེ་བ་དང་སྡེ་ཁུལ་གྱི་རང་སྐྱོང་རྩ་འཛུགས་ཀྱི་སྐབས་བརྗེ་བའི་བྱ་བ་ལེགས་འགྲུབ་བྱེད་རྒྱུ་ཡིན། ཁྲིམས་སྐྱོང་མཚོ་སྔོན་དང་བདེ་འཇགས་མཚོ་སྔོན་གྱི་འཛུགས་སྐྲུན་གཏིང་ཟབ་པར་སྤེལ་ནས། སྡེ་ཁུལ་ལ་དྲ་ཐིག་ཅན་དང་ཚད་ལྡན་ཅན་གྱི་སྒོ་ནས་བཅོས་སྐྱོང་བྱེད་པར་ཤུགས་སྣོན་པ་དང་། སྤྱི་པའི་བདེ་འཇགས་མ་ལག་གི་འཛུགས་སྐྲུན་འཐུས་ཚང་དུ་གཏོང་རྒྱུ་དང་། "མང་ཚོགས་ཉེ་འཁོར་གྱི་བདེ་འཇགས་བཟོ་འགོད"འཛུགས་སྐྱོང་བྱེད་རྒྱུ་ཡིན། འཆམ་མཐུན་དགོན་སྡེ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བྱེད་པ་དང་། དགོན་སྡེ་རུ་ཁྲིམས་ལུགས་སློབ་གསོ་དང་སྤྱི་པའི་ཞབས་ཕྱི་སྤེལ་བར་སྐུལ་ཅིང་། ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་པར་ཤུགས་སྣོན་རྒྱུ་ཡིན། ཁ་བྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་ཏུ་སྤེལ་ནས། མཐུན་སྒྲིལ་དང་གཏན་འཇགས་ཀྱི་སྤྱིའི་རྣམ་པར་སྲུང་སྐྱོང་བྱེད་རྒྱུ་ཡིན། "གཉིས་བཀུར"མཉམ་སྐྲུན་གཏིང་ཟབ་ཏུ་སྤེལ་ནས། རྒྱལ་སྲུང་སློབ་གསོ་སྐུལ་སློང་དང་རྒྱལ་སྲུང་གྲ་སྒྲིག་སྟོབས་ཤུགས་ཇེ་དྲག་ཏུ་གཏོང་བ་དང་། དམག་དམངས་འོ་ཆུ་བཞིན་འདྲེས་ཤིང་འཕེལ་རྒྱས་གཏིང་ཟབ་ཡོང་བའི་རྣམ་པ་གསར་འགྲུབ་པར་སྐུལ་འདེད་བྱེད་རྒྱུ་ཡིན། བདེ་འཇགས་ཐོན་སྐྱེད་ཀྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་པ་དང་། བདེ་འཇགས་ཐོན་སྐྱེད་འགན་འཁྲི་རྩད་གཅོད་ལམ་ལུགས་དང་འགན་འཁྲི་འགན་བཅོལ་ལམ་ལུགས་འཛུགས་རྒྱུ་ཡིན། ཟས་རིགས་དང་སྨན་རྫས་ཁྲོམ་རར་ཞུགས་ཆོག་དང་ཕྱིར་འབུད་ཀྱི་བཙན་ཤེད་རང་བཞིན་གྱི་ཚད་གཞི་ནན་ཏན་སྒོས་ལག་བསྟར་བྱས་ཏེ། མི་དམངས་མང་ཚོགས་ཀྱི་བཟའ་བཏུང་གནོད་མེད་ཁག་ཐེག་བྱེད་རྒྱུ་ཡིན།

 
· ༄༅།། པདྨ་རྫོང་ནང་བསྟན་མཐུན་ཚོག 2018/9/3
· ༄༅།། པདྨ་རྫོང་གི་བོད་ཇ་དང་རྫ་ན 2018/6/3
· ༄༅།།ཀྲུང་གོ་རྒྱལ་ཡོངས་དམངས་ཆེན 2018/9/11
· ༄༅།།ཐིན་ཅཱ་ཚའེ་ཡིས་དར་ལག་དང་པད 2018/9/11
· ༄༅།།པདྨ་རྫོང་གིས་ཐེངས་སོ་བཞི་བ 2018/9/11
· ༄༅།།པདྨ་རྫོང་གིས་ཐེངས་སོ་བཞི་བ 2018/9/11
· ༄༅།།པདྨ་རྫོང་དམངས་ཆེན་དང་པདྨ་ར 2018/9/7

2008-2012 པདྨ་རྫོང་མི་དམངས་སྲིད་གཞུང་། All Rights Reserved
09758322651 མགོ་ལོག པདྨ  ཆ་འཕྲིན་རབ་གསལ། :814100
པདྨ་རྫོང་མི་དམངས་སྲིད་གཞུང་།