ཚོགས་ཆེན་གཉིས་ཀྱི་ཆེད་དོན་ལེ་ཚན། པདྨ་རྫོང་མི་དམངས་སྲིད་གཞུང་།  
ཤོག་ངོས་དང་པོ། :--> ཏང་སྲིད་ཡིག་ཆ།
༄༅།།མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཁྲིམས་ད​ང་འགལ་ནས་ཕྱིར་ཚོང་དང་སྒྲིག་སྦྱོར།བཀོལ་སྤྱོད་བྱེད་པར་གཙང་བཤེར་དང་དག་ཐེར་བྱེད་པའི་སྐོར་གྱི་བརྡ་ཁྱབ།
འབྱུང་ཁུངས།: 2014/7/4 9:23:02

    ༄༅།།མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཁྲིམས་དང་འགལ་ནས་ཕྱིར་ཚོང་དང་སྒྲིག་སྦྱོར།བཀོལ་སྤྱོད་བྱེད་པར་གཙང་བཤེར་དང་དག་ཐེར་བྱེད་པའི་སྐོར་གྱི་བརྡ་ཁྱབ།


        འཁོར་སྐར་གྱི་བརྙན་འཕྲིན་དང་རླུང་འཕྲིན་བརྡ་རྟགས་བསྡུ་ལེན་བྱེད་པའི་ས་ངོས་སྒྲིག་ཆས་ལ་དོ་དམ་ནན་མོ་བྱེད་པ་དང་། འཁོར་སྐར་གྱི་བརྙན་འཕྲིན་དང་རླུང་འཕྲིན་བརྡ་རྟགས་བསྡུ་ལེན་བྱེད་པའི་ས་ངོས་སྒྲིག་ཆས་ཁྲིམས་དང་འགལ་ནས་ཕྱིར་ཚོང་དང་། སྒྲིག་སྦྱོར། བཀོལ་སྤྱོད་བྱེད་པའི་བྱ་སྤྱོད་ལ་ཁྲིམས་ལྟར་ཆམ་ཕབ་དྲག་པོ་གཏོང་བ། ཁྲིམས་དང་འགལ་བའི་བརྙན་འཕྲིན་གྱི་བརྡ་རྟགས་རྒྱ་ཡན་དུ་འགྲོ་བར་གཏན་འགོག་བྱེད་པ། རྒྱང་སྒྲོག་བརྙན་འཕྲིན་གྱི་ལེ་ཚན་བདེ་འཇགས་ངང་སྒྲོག་གཏོང་བྱེད་པར་ཁག་ཐེག་ནན་ཏན་བྱེད་པ། རྒྱལ་ཁབ་ཀྱི་བརྡ་འཕྲིན་བདེ་འཇགས་དང་སྤྱི་ཚོགས་བདེ་འཇགས་སྲུང་སྐྱོང་བཅས་བྱེད་ཆེད། 《འཁོར་སྐར་གྱི་བརྙན་འཕྲིན་དང་རླུང་འཕྲིན་བརྡ་རྟགས་བསྡུ་ལེན་བྱེད་པའི་ས་ངོས་སྒྲིག་ཆས་ལ་དོ་དམ་བྱེད་པའི་གཏན་འབེབས》(རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་ཁྱབ་ཨང129པ)དང《འཁོར་སྐར་གྱི་བརྙན་འཕྲིན་རླུང་འཕྲིན་བརྡ་རྟགས་བསྡུ་ལེན་བྱེད་པའི་ས་ངོས་སྒྲིག་ཆས་ལ་དོ་དམ་བྱེད་པའི་གཏན་འབེབས》ཀྱི་ལག་ལེན་བྱེད་ཐབས་ཞིབ་ཕྲ(རྒྱང་སྒྲོག་གློག་བརྙན་བརྙན་འཕྲིན་པུའུ་ཡི་བཀའ་ཁྱབ་ཨང11པ)སོགས་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར། ཞིང་ཆེན་ཡོངས་སུ་འཁོར་སྐར་གྱི་བརྙན་འཕྲིན་རླུང་འཕྲིན་བརྡ་རྟགས་བསྡུ་ལེན་བྱེད་པའི་ས་ངོས་སྒྲིག་ཆས(གཤམ་དུ་འཁོར་སྐར་གྱི་བརྡ་རྟགས་བསྡུ་ལེན་ས་ངོས་སྒྲིག་ཆས་ཞེས་ཚིག་བསྡུ་བར་བྱ)ཁྲིམས་དང་འགལ་ནས་ཕྱིར་ཚོང་དང་། སྒྲིག་སྦྱོར། བཀོལ་སྤྱོད་བྱེད་པར་ཕྱོགས་ཡོངས་ནས་གཙང་བཤེར་དང་དག་ཐེར་བྱེད་རྒྱུའི་ཐག་བཅད་པ་ཡིན་པས། ད་ལྟ་འབྲེལ་ཡོད་དོན་ཚན་བརྡ་ཁྱབ་བཏང་བ་གཤམ་གསལ་ལྟར། དང་པོ། བརྡ་ཁྱབ་འདི་བཏང་བའི་ཉིན་ནས་བཟུང་། རང་རེའི་ཞིང་ཆེན་གྱི་སྲིད་འཛིན་ས་ཁོངས་ནང་ཁུལ་དུ། འཁོར་སྐར་གྱི་བརྡ་རྟགས་བསྡུ་ལེན་ས་ངོས་སྒྲིག་ཆས་ཁྲིམས་དང་འགལ་ནས་ཕྱིར་ཚོང་དང་། སྒྲིག་སྦྱོར། བཀོལ་སྤྱོད་བཅས་བྱེད་པའི་ལས་ཁུངས་དང་མི་སྒེར་གྱིས། ངེས་པར་དུ་ཁྲིམས་དང་འགལ་ནས་འཁོར་སྐར་གྱི་བརྡ་རྟགས་བསྡུ་ལེན་ས་ངོས་སྒྲིག་ཆས་ཕྱིར་ཚོང་དང་། སྒྲིག་སྦྱོར། བཀོལ་སྤྱོད་བཅས་ཀྱི་མཚམས་འཇོག་དགོས།

        གཉིས་པ། རྫོང་རིམ་པའི་ཡན་ཆད་ཀྱི་བཟོ་ཚོང་སྲིད་འཛིན་དོ་དམ་སྡེ་ཁག་དང་རྒྱང་སྒྲོག་བརྙན་འཕྲིན་སྲིད་འཛིན་དོ་དམ་སྡེ་ཁག་གིས། རང་སྲིད་འཛིན་ས་ཁོངས་ནང་ཁུལ་གྱི་འཁོར་སྐར་གྱི་བརྡ་རྟགས་བསྡུ་ལེན་ས་ངོས་སྒྲིག་ཆས་ཕྱིར་ཚོང་དང་། སྒྲིག་སྦྱོར། བཀོལ་སྤྱོད་བཅས་ཀྱི་ལྟ་སྐུལ་དོ་དམ་བྱ་བའི་འགན་ཁུར་དགོས། འཁོར་སྐར་གྱི་བརྡ་རྟགས་བསྡུ་ལེན་ས་ངོས་སྒྲིག་ཆས་ཕྱིར་ཚོང་དང་། སྒྲིག་སྦྱོར། བཀོལ་སྤྱོད་བཅས་བྱེད་པར་ཁྲིམས་ལྟར་ཆོག་འཐུས་ལག་ཁྱེར་ལམ་ལུགས་ལག་བསྟར་བྱེད་དགོས་ཤིང། བཟོ་ཚོང་སྲིད་འཛིན་དོ་དམ་སྡེ་ཁག་དང་རྒྱང་སྒྲོག་བརྙན་འཕྲིན་སྲིད་འཛིན་དོ་དམ་སྡེ་ཁག་གིས་ཆོག་མཆན་མ་བཀོད་ཚེ། ལས་ཁུངས་དང་མི་སྒེར་སུ་ཡིན་ཡང་ཕྱིར་ཚོང་དང་། སྒྲིག་སྦྱོར། བཀོལ་སྤྱོད་བཅས་བྱས་མི་ཆོག་ལ། འཁོར་སྐར་གྱི་བརྡ་རྟགས་བསྡུ་ལེན་ས་ངོས་སྒྲིག་ཆས་ཁྲིམས་དང་འགལ་ནས་ཚོང་རར་འཁོར་རྒྱུག་བྱེད་པ་གཏན་འགོག་བྱེད་དགོས།

        གསུམ་པ། རང་ཞིང་གི་ཁྱབ་ཁོངས་ཀྱི། སྐུད་ཡོད་དང་ཡང་ན་སྐུད་མེད་བརྙན་འཕྲིན་བརྡ་རྟགས་ཀྱིས་ཁེབས་པའི་ས་ཁུལ་ཡོད་ཚད་དུ། གཏན་འབེབས་དང་འགལ་ནས་འཁོར་སྐར་གྱི་བརྡ་རྟགས་བསྡུ་ལེན་ས་ངོས་སྒྲིག་ཆས་བཀོད་སྤྱོད་བྱེད་པའི་ལས་ཁུངས་དང་མི་སྒེར་གང་ཡིན་གྱིས། བརྡ་ཁྱབ་འདི་སྒྲོག་སྤེལ་བྱས་པའི་ཉིན་ནས་བཟུང་སྟེ་འཁོར་སྐར་གྱི་བརྡ་རྟགས་བསྡུ་ལེན་ས་ངོས་སྒྲིག་ཆས་འཕྲལ་དུ་གཙང་བཤེར་དང་མེད་པར་གཏོང་དགོས་ལ། སྐུད་ཡོད་དང་ཡང་ན་སྐུད་མེད་བརྙན་འཕྲིན་བརྡ་རྟགས་ཐོན་མེད་པའི་ས་ཁུལ་དུ། བཀོད་སྤྱོད་བྱེད་བཞིན་པའི་འཁོར་སྐར་གྱི་བརྡ་རྟགས་བསྡུ་ལེན་ས་ངོས་སྒྲིག་ཆས་ཡོད་ཚད་གཙང་བཤེར་དང་། མེད་པར་གཏོང་བ། རྩིས་ལེན་བཅས་བྱས་ཏེ། "གྲོང་ཚོ་ཀུན་ཁྱབ"དང"ཁྱིམ་ཚང་ཀུན་ཁྱབ" ས་པའི་སྒྲིག་ཆས་ཀྱིས་བརྗེ་སྤོར་བྱེད་དགོས།

        བཞི་བ། ཞིང་ཆེན་རིམ་པའི་རྒྱང་སྒྲོག་བརྙན་འཕྲིན་སྲིད་འཛིན་གཙོ་གཉེར་སྡེ་ཁག་གིས་ཆོག་མཆན་མ་བཀོད་ཚེ། ལས་ཁུངས་དང་མི་སྒེར་སུ་ཡིན་གྱིས་རང་འདོད་ལྟར་རྒྱལ་ཁབ་ཕྱི་རོལ་གྱི་བརྙན་འཕྲིན་ལེ་ཚན་གྱི་བརྡ་རྟགས་བསྡུ་ལེན་བྱས་མི་ཆོག

        ལྔ་བ། རང་འདོད་ལྟར་འཁོར་སྐར་གྱི་བརྡ་རྟགས་བསྡུ་ལེན་ས་ངོས་སྒྲིག་ཆས་ཕྱིར་ཚོང་བྱེད་མཁན་ལ། བཟོ་ཚོང་སྲིད་འཛིན་དོ་དམ་སྡེ་ཁག་གིས་དེའི་འཁོར་སྐར་བརྡ་རྟགས་བསྡུ་ལེན་ས་ངོས་སྒྲིག་ཆས་གཞུང་བཞེས་བྱེད་རྒྱུ་མ་ཟད། འབྲེལ་ཡོད་གཏན་འཁེལ་ལྟར་ཆད་པ་གཅོད་དགོས།

        དྲུག་པ། རང་འདོད་ལྟར་འཁོར་སྐར་བརྡ་རྟགས་བསྡུ་ལེན་ས་ངོས་སྒྲིག་ཆས་སྒྲིག་སྦྱོར་དང་བཀོད་སྤྱོད་བྱེད་མཁན་ལ། རིག་གནས་ཚོང་རའི་ཕྱོགས་བསྡུས་ཁྲིམས་འཛིན་སྡེ་ཁག་གིས་ཁྲིམས་ལྟར་སྒྲིག་སྦྱོར་བཀོལ་སྤྱོད་བྱེད་བཞིན་པའི་འཁོར་སྐར་བརྡ་རྟགས་བསྡུ་ལེན་ས་ངོས་སྒྲིག་ཆས་གཞུང་བཞེས་བྱེད་པ་མ་ཟད། ད་དུང་མི་སྒེར་ཡིན་ན་སྒོར་སྟོང་ལྔའི་མན་གྱི་དངུལ་ཆད་བཅད་ཆོག་པ་དང་། ལས་ཁུངས་ཡིན་ན་སྒོར་ཁྲི་ལྔའི་མན་གྱི་དངུལ་ཆད་བཅད་ཆོག

        བདུན་པ། དོ་དམ་སྡེ་ཁག་གིས་ཁྲིམས་ལྟར་འཁོར་སྐར་གྱི་བརྡ་རྟགས་བསྡུ་ལེན་ས་ངོས་སྒྲིག་ཆས་ལ་དོ་དམ་བྱེད་སྐབས། བཀག་འགོག་དང་བར་ཆད་གཏོང་མཁན་ལ། སྤྱི་བདེ་སྡེ་ཁག་གིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་དོ་དམ་གྱི་ཉེས་གཅོད་བཅའ་ཁྲིམས》ཀྱི་གཏན་འཁེལ་ལྟར་ཆད་པ་གཅོད་རྒྱུ་དང་། གནད་དོན་ཚབས་ཆེ་ཞིང་ཉེས་ཚད་ལོན་པ་ཡིན་ན། ཁྲིམས་འཛིན་ལས་ཁུངས་ཀྱིས་ཁྲིམས་ལྟར་དོ་བདག་གི་ཉེས་དོན་འགན་འཁྲི་རྩད་གཅོད་རྒྱུ་ཡིན།

        བརྒྱད་པ། བརྡ་ཁྱབ་འདི་ཁྱབ་སྒྲོག་བྱས་ཉིན་ནས་བཟུང་ལག་ཏུ་བསྟར་རྒྱུ་ཡིན།

        མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།2012ལོའི་ཟླ12པའི་ཚེས24ཉིན།

 
· ༄༅།། པདྨ་རྫོང་ནང་བསྟན་མཐུན་ཚོག 2018/9/3
· ༄༅།། པདྨ་རྫོང་གི་བོད་ཇ་དང་རྫ་ན 2018/6/3
· ༄༅༎ སྨར་ཁོག་ཞང་རྩེས་སྟོད་སྡེ་ 2018/11/16
· ༄༅༎ སྨར་ཁོག་ཞང་རྩེས་སྟོད་སྡེ་ 2018/11/16
· ༄༅།། ལིས་ཁི་ཆང་གིས་སིང་ག་ཕོར་ག 2018/11/14
· ༄༅།། ཞིང་ཆེན་སྲིད་གཞུང་ཏང་ཙུའུ 2018/11/14
· ༄༅།། ཧྥ་རན་སི་ཡིས་འཛམ་གླིང་འཁྲ 2018/11/14

2008-2012 པདྨ་རྫོང་མི་དམངས་སྲིད་གཞུང་། All Rights Reserved
09758322651 མགོ་ལོག པདྨ  ཆ་འཕྲིན་རབ་གསལ། :814100
པདྨ་རྫོང་མི་དམངས་སྲིད་གཞུང་།