ཚོགས་ཆེན་གཉིས་ཀྱི་ཆེད་དོན་ལེ་ཚན། པདྨ་རྫོང་མི་དམངས་སྲིད་གཞུང་།  
ཤོག་ངོས་དང་པོ། :> སྲིད་གཞུང་སྤྱི་བསྒྲགས།
 ​༄༅།།པདྨ་རྫོང་བཟོ་ཚོང་ཅུས་ཞང་དུ་བསྐྱོད་དེ་ཟས་རིགས་ཚོང་རའི་ཞིབ་བཤེར་བྱ་བ་སྒྲུབ་པ།
འབྱུང་ཁུངས།: 2014/7/3 9:01:52
   ༄༅།།པདྨ་རྫོང་བཟོ་ཚོང་ཅུས་ཞང་དུ་བསྐྱོད་དེ་ཟས་རིགས་ཚོང་རའི་ཞིབ་བཤེར་བྱ་བ་སྒྲུབ་པ།
   ཟླ6པའི་ཚེས 17ནས 19ཉིན།  བཟོ་ཚོང་ཁང་དང་པདྨ་རྫོང་ཁྱད་ལྡན་ཉེན་རྟོག་མཉམ་འབྲེལ་བྱས་ཏེ།  རང་རེའི་རྫོང་གི་མདོ་གོང་མ་ཞང་དང་ལྕགས་རི་ཐང་ཞང་།  དྷི་མདའ་ཞང་བཅས་ལ་སོང་ནས་ཟས་རིགས་ཚོང་རའི་ཕྱོགས་བསྡུས་ཞིབ་བཤེར་བྱ་བ་སྒྲུབ།  ཐེངས་འདིའི་ཞིབ་བཤེར་བྱ་བའི་གཙོ་གནད་ནི་ཚོང་གཉེར་ཁྱིམ་ཚང་གི་ཟས་རིགས་ལེན་ས་ཁྲིམས་མཐུན་ཡིན་མིན་དང་ཟས་རིགས་སྤུས་ཚད་འགན་ལེན་གྱི་དུས་ཡུན་བརྒལ་ཡོད་མེད་ལྟ་རྟོག་བྱེད་པ་ཡིན་ཏེ།  ཞང་གསུམ་མངའ་ཁོངས་ཀྱི་ཟས་རིགས་ཚོང་ཁང 18ལ་དམིགས་ནས་ཕྱོགས་བསྡུས་ཞིབ་བཤེར་བྱས་ཤིང་།  བསྡོམས་པས་ཁྲིམས་འཛིན་མི་སྣ 15དང་ཁྲིམས་འཛིན་རླངས་འཁོར3འགུལ་སྐྱོད་བྱས་ལ།  སྤུས་ཚད་འགན་ལེན་དུས་བརྒལ་བྱས་པའི་མགྱོགས་ཐུག་དང་བཏུང་ཆུ་སྣ་ཚོགས།  ཟས་རིགས་ཆུང་བ་སོགས་བསྡོམས་པས་ཤོག་ཐུམ 358དང་རིན་ཐང་སྒོར 429རྩད་ཞིབ་བྱས་པས།  ས་གནས་ཚོང་ར་དག་གཙང་དུ་སྒྱུར་བར་ནུས་པ་གལ་ཆེན་བཏོན་ཞིང་།  ས་གནས་སྲིད་གཞུང་དང་འབྲོག་དམངས་མང་ཚོགས་ཀྱིས་དགའ་བསུ་ཐོབ།

ཡིག་སྒྱུར་བ།  ཆོས་ལོ།
 
 
· ལིག་ཀྲིན་དབུས། 2018/5/11
· རྒྱལ་འབུམ་འཁྲུངས། 2018/5/11
· ལྷ་ཆེན་ཚེ་རིང་། 2018/5/11
· ཀརྨ་སྐྱིད། 2018/5/11
· ལུའོ་ཧུང་ལིན། 2018/5/11
· ལི་ཧྥུའུ་ཉེན། 2018/5/11
· པདྨ་རྫོང་གིས2019ལོའི་དབུལ་ཐར་འ 2019/11/11

2008-2012 པདྨ་རྫོང་མི་དམངས་སྲིད་གཞུང་། All Rights Reserved
09758322651 མགོ་ལོག པདྨ  ཆ་འཕྲིན་རབ་གསལ། :814100
པདྨ་རྫོང་མི་དམངས་སྲིད་གཞུང་།