ཚོགས་ཆེན་གཉིས་ཀྱི་ཆེད་དོན་ལེ་ཚན། པདྨ་རྫོང་མི་དམངས་སྲིད་གཞུང་།  
ཤོག་ངོས་དང་པོ། :> སྲིད་གཞུང་སྤྱི་བསྒྲགས།
༄༅།།ཞིང་ཆེན་གྱི་ཆེད་དོན་སྐོར་ཞིབ་ཙུའུ་ཁག་གཉིས་པའི་ཙུའུ་ཀྲང་ཀུན་དབྱངས་ཁོར་དང་བཅས་པ་རང་རེའི་རྫོང་ལ་ཕེབས་ཏེ་ཆུ་བེད་ཆེད་དོན་སྐོར་ཞིབ་བྱ་བ་སྒྲུབ།
འབྱུང་ཁུངས།: 2014/7/2 9:35:40
༄༅།།ཞིང་ཆེན་གྱི་ཆེད་དོན་སྐོར་ཞིབ་ཙུའུ་ཁག་ཉིས་པའི་ཙུའུ་ཀྲང་ཀུན་དབྱངས་ཁོར་དང་བཅས་པ་རང་རེའི་རྫོང་ལ་ཕེབས་ཏེ་ཆུ་བེད་ཆེད་དོན་སྐོར་ཞིབ་བྱ་བ་སྒྲུབ།
     ཟླ6པའི་ཚེས 24ནས 25ཉིན།  ཞིང་ཆེན་ཏང་ཨུའི་ཆེད་དོན་སྐོར་ཞིབ་ཙུའུ་ཁག་གཉིས་པའི་ཙུའུ་ཀྲང་ཀུན་དབྱངས་ཁོར་དང་བཅས་པའི་མི6ལ་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་དོན་གྲུབ་དང་ཁུལ་ཁོར་ཡུག་སྲུང་སྐྱོབ་ཆུ་བེད་ཅུས་ཀྲང་ལུའུ་ཞུང་ཀྲང་གིས་ཕེབས་རོགས་བྱས་ཏེ།  རང་རེའི་རྫོང་ལ་ཡོང་ནས་ཆུ་བེད་ཆེད་དོན་སྐོར་ཞིབ་བྱ་བ་སྒྲུབ།  ཐེངས་འདིར་ཆུ་བེད་ཆེད་དོན་སྐོར་ཞིབ་བྱ་བ་སྒྲུབ་པ་ནི་ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་ཁང་གིས་ཀྲུང་དབྱང་གི་སྐོར་ཞིབ་བྱེད་པའི་ཐད་ཀྱི་གོམ་སྟབས་ཇེ་མགྱོགས་གཏོང་བ་ལག་ལེན་མཐར་ཕྱིན་བྱས་ཏེ།  ཡོད་ཚད་ལ་སྐོར་ཞིབ་བྱེད་པའི་རེ་བ་ལེགས་འགྲུབ་བྱེད་པ་དང་།  སྐོར་ཞིབ་ལྟ་སྐུལ་གྱི་དམིགས་སའི་རང་བཞིན་དང་དངོས་ཕན་རང་བཞིན་ལ་སྔར་ལས་ཤུགས་སྣོན་བྱེད་པ།  རྒྱུན་གཏན་སྐོར་ཞིབ་བྱེད་པའི་རྨང་གཞིའི་སྟེང་།  ཆུ་བེད་སྡེ་ཁག་གི་ནོར་སྲིད་མ་དངུལ་བཀོལ་སྤྱོད་ཁེ་ཕན་ཆེད་དོན་སྐོར་ཞིབ་བྱས།  སྐོར་ཞིབ་གོ་རིམ་ཁྲོད་དུ།  ཙུའུ་ཀྲང་ཀུན་དབྱང་ཁོར་དང་བཅས་པས་རང་རྫོང་གི་ཆུ་བེད་སྡེ་ཁག་གི་ཏང་གཤིས་སྲིད་གཙང་འཛུགས་སྐྲུན་དང་ནོར་སྲིད་མ་དངུལ་བཀོལ་སྤྱོད་ཁེ་ཕན་གནས་ཚུལ་སྙན་ཞུ་ལ་ཉན་པ་དང་།  ཡུལ་དངོས་སུ་ཆུ་བེད་ལས་གཞི་འཛུགས་སྐྲུན་གནས་ཚུལ་ལ་ལྟ་ཞིབ་བྱས་ཤིང་།  རྫོང་སྲིད་གཞུང་དང་ཆུ་བེད་སྡེ་ཁག་གི་འགོ་ཁྲིད།  ལས་བྱེད་པ་དང་མང་ཚོགས་སྐོར་ཞིག་ལ་ཁ་བརྡ་བྱས་ལ།  འབྲེལ་ཡོད་གྲོས་ཚོགས་ཡིག་ཆ་དང་ཟིན་ཐོ།  རྩིས་གཉེར་ཡིག་ཚགས་རྒྱུ་ཆར་བལྟ་བ་སོགས་ཀྱི་རྣམ་པ་མང་པོ་སྤྱད་དེ།  རང་རེའི་རྫོང་གི་ཆུ་བེད་སྡེ་ཁག་གི་ཏང་གཤིས་སྲིད་གཙང་འཛུགས་སྐྲུན་དང་ནོར་སྲིད་མ་དངུལ་བཀོལ་སྤྱོད་ཁེ་ཕན་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་པ་མ་ཟད།  གནས་བའི་གནད་དོན་ལ་དག་བཅོས་ཡོ་བསྲིང་བྱེད་པའི་བསམ་འཆར་དང་བསམ་ཚུལ་བཏོན།
ཡིག་སྒྱུར་བ།  ཆོས་ལོ།
 
 
· ལིག་ཀྲིན་དབུས། 2018/5/11
· རྒྱལ་འབུམ་འཁྲུངས། 2018/5/11
· ལྷ་ཆེན་ཚེ་རིང་། 2018/5/11
· ཀརྨ་སྐྱིད། 2018/5/11
· ལའོ་ཧོང་ལིན། 2018/5/11
· ལི་ཧྥུ་ཉན། 2018/5/11
· མཚོ་སྔོན་ཀན་སུའུ་སི་ཁྲོན་མཐའ་འ 2019/8/23

2008-2012 པདྨ་རྫོང་མི་དམངས་སྲིད་གཞུང་། All Rights Reserved
09758322651 མགོ་ལོག པདྨ  ཆ་འཕྲིན་རབ་གསལ། :814100
པདྨ་རྫོང་མི་དམངས་སྲིད་གཞུང་།