ཚོགས་ཆེན་གཉིས་ཀྱི་ཆེད་དོན་ལེ་ཚན། པདྨ་རྫོང་མི་དམངས་སྲིད་གཞུང་།  
ཤོག་ངོས་དང་པོ། :> སྲིད་གཞུང་སྤྱི་བསྒྲགས།
༄༅།།པདྨ་རྫོང་གིས་ཧུར་བརྩོན་གྱིས་ཁ་གཏ​ད་རོགས་སྐྱོར་དབུལ་སྐྱོབ་དཀའ་ཁག་སེལ་བའི་བྱ་འགུལ་སྤེལ་བ།
འབྱུང་ཁུངས།: 2014/7/2 9:35:06
༄༅།།པདྨ་རྫོང་གིས་ཧུར་བརྩོན་གྱིས་ཁ་གཏད་རོགས་སྐྱོར་དབུལ་སྐྱོབ་དཀའ་ཁག་སེལ་བའི་བྱ་འགུལ་སྤེལ་བ།
     པདྨ་རྫོང་གི་ཁ་གཏད་རོགས་སྐྱོར་བྱ་བར་སྐུལ་འདེད་བྱས་ཏེ།  ཁ་གཏད་ཉེ་འབྲེལ་སྒྲིག་པའི་བྱ་འགུལ་སྔར་ལས་དོན་འཁྱོལ་བྱེད་པའི་ཆེད་དུ།  མིག་སྔར་གྱི་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་ལ་ཟུང་འབྲེལ་བྱེད་པ་དང་།  རང་རྫོང་གི་མང་ཚོགས་ཁེ་ཕན་དོན་ཆེན་དུ་རྩིས་བའི་འདུ་ཤེས་བཟུང་ནས།  ཏང་དང་མང་ཚོགས།ལས་བྱེད་པ་དང་མང་ཚོགས་བར་གྱི་འབྲེལ་བ་སྔར་ལས་དམ་ཟབ་བྱས་ཤིང་།རོགས་སྐྱོར་བྱ་བའི་གལ་ཆེན་རང་བཞིན་གྱི་ངེས་ཟིན་སྔར་ལས་གཏིང་ཟབ་བྱས།   ཟླ6པའི་ཚེས 25ཉིན།  རྫོང་སྲིད་གཞུང་གཞུང་ལས་ཁང་དང་དམངས་སྲིད་ཅུས།  རྩིས་བཤེར་ཅུས།  རྒྱལ་ས་ཅུས།  སྡོམ་རྩིས་ཅུས།  དྲག་ཆས་ཉེན་རྟོག་རུ་འབྲིང་།  འཕྲོད་བསྟེན་ཅུས།  ཞིང་ལས་དངུལ་ཁང་སོགས་སྡེ་ཁག་གི་ལས་བྱེད་པ་སྨར་ཁོག་ཞང་དུ་སོང་ནས།  ཁ་གཏད་རོགས་སྐྱོར་ཁྱིམ་ཚང 66ལ་གཟིགས་མོལ་འཚམས་འདྲི་བྱས་ཤིང་།  ཁྱིམ་མི་དང་ངལ་རྩོལ་ནུས་ཤུགས།  དཔལ་འབྱོར།  འདུག་ཁང་།  ལུས་ཕུང་བདེ་ཐང་སོགས་ཀྱི་ཐད་ནས་ཁོ་ཚོའི་གནས་ཚུལ་ལ་ཞིབ་ཏུ་རྒྱུས་ལོན་བྱས་ལ།  དུས་མཚུངས་སུ་རང་རྫོང་གི་ཁ་གཏད་རོགས་སྐྱོར་བྱ་བར་ཁོ་ཚོའི་བཏོན་པའི་བསམ་འཆར་དང་རེ་བ་བསྡུ་ལེན་བྱས།  འཚམས་འདྲིའི་ཁྲོད་དུ་སྒོར 1300དང་ཉལ་ཐུལ 66།  ཉལ་གདན 66དང་ཕྱེ་རྒྱ་མ 3000།  གྱོན་ཆས་ཆ་ཚང 112ཡོད་ལ།  དེའི་ཁྲོད་བྱིས་པའི་གྱོན་ཆས་ཆ་ཚང 34བཅས་བྱིན་ཏེ།  ལས་བྱེད་པ་ཡོངས་ཀྱིས་རང་སོ་སོའི་རོགས་སྐྱོར་ཁྱིམ་ཚང་དེ་རང་ཉིད་ཀྱི་ཉེ་ས་ངོ་མའི་འདུ་ཤེས་བཟུང་བ་དང་།  ཁོ་ཚོར་དམངས་ཆེད་ཞབས་ཞུ་བྱེད་པའི་འབྲེལ་གཏུག་བྱང་བུ་བྱིན་པ་མ་ཟད།  ཁོ་ཚོ་དང་མཉམ་དུ་རྗེས་དྲན་འདྲ་པར་བླངས་བ་རེད། 
ཡིག་སྒྱུར་བ།  ཆོས་ལོ།
 
 
· ལིག་ཀྲིན་དབུས། 2018/5/11
· རྒྱལ་འབུམ་འཁྲུངས། 2018/5/11
· ལྷ་ཆེན་ཚེ་རིང་། 2018/5/11
· ཀརྨ་སྐྱིད། 2018/5/11
· ལུའོ་ཧུང་ལིན། 2018/5/11
· ལི་ཧྥུའུ་ཉེན། 2018/5/11
· པདྨ་རྫོང་གིས2019ལོའི་དབུལ་ཐར་འ 2019/11/11

2008-2012 པདྨ་རྫོང་མི་དམངས་སྲིད་གཞུང་། All Rights Reserved
09758322651 མགོ་ལོག པདྨ  ཆ་འཕྲིན་རབ་གསལ། :814100
པདྨ་རྫོང་མི་དམངས་སྲིད་གཞུང་།