ཚོགས་ཆེན་གཉིས་ཀྱི་ཆེད་དོན་ལེ་ཚན། པདྨ་རྫོང་མི་དམངས་སྲིད་གཞུང་།  
ཤོག་ངོས་དང་པོ། :--> བཅའ་ཁྲིམས་ཁྲིམས་སྲོལ།
༄༅།།ཞིང་ཆེན་ཡོངས་ཀྱི་རོང་འབྲོག་སྤུན་ཟླ་རྣམས་ལ་སྤྲིངས་པའི་འཕྲིན། ཞིང་སྡེར་གློག་བརྙན་སྟོན་པའི་ལས་གཞི་ངེས་པ་དོན་གྱིས་དངོས་འབེབ་བྱ་དགོས།
འབྱུང་ཁུངས།: 2014/3/5 10:56:34

༄༅།།ཞིང་ཆེན་ཡོངས་ཀྱི་རོང་འབྲོག་སྤུན་ཟླ་རྣམས་ལ་སྤྲིངས་པའི་འཕྲིན། ཞིང་སྡེར་གློག་བརྙན་སྟོན་པའི་ལས་གཞི་ངེས་པ་དོན་གྱིས་དངོས་འབེབ་བྱ་དགོས།

ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་དགོངས་དོན་དང《སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བྱ་བའི་ཀུན་སྤྱོད་ལེགས་སྒྱུར་དང་མང་ཚོགས་དང་འབྲེལ་འདྲིས་དམ་ཟབ་བྱེད་པའི་སྐོར་གྱི་གཏན་ཕབ་བརྒྱད》དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཁྱབ་སྒྲོག་བྱས་པའི་ཐབས་ཤེས་ཉེར་གཅིག་བཅས་ལག་བསྟར་དངོས་འབེབ་བྱས་ནས། རང་ཞིང་གི་སྤྱི་ཚོགས་རིང་ལུགས་ཀྱི་ཞིང་སྡེ་གསར་བ་འཛུགས་སྐྲུན་གྱི་བཀོད་སྒྲིག་ལ་སྔར་ལས་ལེགས་པའི་སྒོ་ནས་སྐུལ་འདེད་དང་། རྒྱ་ཆེའི་རོང་འབྲོག་མང་ཚོགས་ལ་གློག་བརྙན་ཡིད་ཚིམ་པ་ཞིག་བལྟ་རུ་འཇུག་པ། རོང་འབྲོག་མང་ཚོགས་ཀྱི་གཞི་རྩའི་རིག་གནས་ཁེ་དབང་མངོན་འགྱུར་དང་འགན་སྲུང་བྱེད་པ་དང་། ཚན་རྩལ་ཤེས་བྱ་ཁྱབ་གདལ་དུ་བཏང་ཐོག རོང་འབྲོག་མང་ཚོགས་ཀྱི་བསམ་བློའི་ཀུན་སྤྱོད་དང་ཚན་རིག་རིག་གནས་བྱང་ཚད་ཇེ་མཐོར་གཏོང་བ་དང་། རོང་འབྲོག་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་པོར་གཏོང་ཆེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིན་གྱིས་བརྒྱུད་སྤེལ་བྱས་པའི་རྒྱལ་ཁབ་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ཅུས་དང་གོང་སྤེལ་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་། ནོར་སྲིད་པུའུ། རིག་གནས་པུའུ་བཅས་ཀྱི《ཞིང་སྡེའི་གློག་བརྙན་བྱ་བ་ལེགས་པོར་བསྒྲུབ་པའི་སྐོར་གྱི་བསམ་འཆར》གཞིར་བཟུང་སྟེ། རྒྱལ་ཁབ་ཀྱིས་རྒྱལ་ཡོངས་ཀྱི་སྲིད་འཛིན་སྡེ་བ་ཡོངས་སུ་ཕལ་ཆེར་སྡེ་བ་རེར་ཟླ་རེར་སྤྱི་ཕན་གློག་བརྙན་ཐེངས་རེ་སྟོན་པའི་དམིགས་འབེན་མངོན་འགྱུར་བྱ་རྒྱུ་རེད། དམིགས་འབེན་འདི་མངོན་འགྱུར་བྱ་ཆེད། ཀྲུང་དབྱང་དང་ས་གནས་ཀྱི་རིམ་པ་སོ་སོའི་ནོར་སྲིད་དུ་ཞིང་སྡེར་སྤྱི་ཕན་གློག་བརྙན་སྟོན་ཐེངས་ཀྱི་ཁ་གསབ་ཆེད་སྤྱོད་མ་དངུལ་བཀོད་སྒྲིག་བྱས་ཡོད་ཅིང་། ནོར་སྲིད་པུའུ་དང་རྒྱལ་ཁབ་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ཅུས་ཀྱིས《ཞིང་སྡེར་སྤྱི་ཕན་གློག་བརྙན་སྟོན་ཐེངས་ཀྱི་ཁ་གསབ་ཆེད་སྤྱོད་མ་དངུལ་དོ་དམ་བྱེད་ཐབས》དཔར་འགྲེམ་བྱས་ནས། ཆེད་སྤྱོད་མ་དངུལ་བཀོད་སྒྲིག་དང་དོ་དམ་བྱེད་ཐད་ལ་བླང་བྱ་གསལ་བོར་བཏོན་པ་རེད། རྒྱལ་ཁབ་ཀྱིས་གཏན་ལ་ཕབ་པའི་ཞིང་སྡེར་སྤྱི་ཕན་གློག་བརྙན་སྟོན་ཐེངས་བསྡོམས་རྩིས་ཚད་གཞི་ནི། གཏམ་རྒྱུད་གློག་བརྙན་གཅིག་གམ་དངོས་ཟིན་གློག་བརྙན་རིང་པོ་གཅིག ཡང་ན་ཚན་སློབ་གློག་བརྙན་རིང་པོ་ཐེངས་ཤིག་བསྟན་པ་ནི་སྟོན་ཐེངས་གཅིག་ལ་བརྩི་བ་དང་། ཚན་སློབ་གློག་བརྙན་ཐུང་ངུ་རིམ་བསགས་ཀྱིས་བརྩིས་ན་གསུམ་ནས་ལྔ་བསྟན་པ་ནི་སྟོན་ཐེངས་གཅིག་ལ་བརྩི་རྒྱུ་ཡིན། གློག་བརྙན་སྟོན་པའི་རུ་ཁག་གིས་ཞིང་སྡེ་རུ་སྤྱི་ཕན་གློག་བརྙན་སྟོན་ཐེངས་རེར་ངེས་པར་དུ་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་འགན་ཁུར་བ་དང་སྡེ་མི་འཐུས་ཚབ་པས"མཚོ་སྔོན་ཞིང་ཆེན་གྱི་རོང་འབྲོག་ཁུལ་དུ་སྤྱི་ཕན་གློག་བརྙན་བསྟན་པའི་ཐེངས་གྲངས་ཐོ་འགོད་རེའུ་མིག"སྟེང་དུ་མིང་ཐོ་བཀོད་དེ་ཐམ་ག་རྒྱག་དགོས་པ་མ་ཟད། འབྲེལ་གཏུག་ཁ་པར་ཡང་འབྲི་དགོས། དེ་མིན་ཚེ་རྩིས་གོ་མི་ཆོད་པ་ཡིན། རོང་འབྲོག་ཁུལ་དུ་གློག་བརྙན་སྟོན་པའི་བྱ་བ་ལེགས་སྒྲུབ་བྱ་ཆེད། རྒྱལ་ཁབ་དང་ཞིང་ཆེན་གྱིས་རོང་འབྲོག་ཁུལ་དུ་སྤྱི་ཕན་གློག་བརྙན་སྟོན་ཐེངས་རེར་ཁ་གསབ་སྒོར200སྟེར་རྒྱུ་རེད། ཆེད་སྤྱོད་མ་དངུལ་འདི་རྒྱལ་ཁབ་ཀྱིས་གཏན་ལ་ཕབ་པ་ལྟར་ན། ཞིང་སྡེར་ཨང་ཀིའི་གློག་བརྙན་སྟོན་པའི་རུ་ཁག་ལ་ཁ་གསབ་བམ་གློག་བརྙན་སྟོན་མཁན་གྱི་ངལ་ལས་ཁ་གསབ་ཏུ70%ལས་མི་ཉུང་བ་སྟེར་དགོས། རྒྱལ་ཁབ་ཀྱི་བླང་བྱ་ལྟར་ན་རྒྱལ་ཡོངས་ཀྱི་སྲིད་འཛིན་སྡེ་བ་ཡོད་ཚད་དུ་ཟླ་རེར་སྤྱི་ཕན་གློག་བརྙན་ཐེངས་རེ་སྟོན་དགོས་པ་དང་། མངོན་གསལ་དུ་སུ་འཇོན་དེ་འགུག་དང་གདན་ཞུ་བྱས་ནས་ངེས་གཏན་བྱས་པའི་རྒྱལ་དབང་དང་ཐུན་མོང་། དམངས་གཉེར། ཁེར་གཉེར་སོགས་ཞིང་སྡེར་སྤྱི་ཕན་གློག་བརྙན་སྟོན་པའི་རུ་ཁག་དང་གློག་བརྙན་སྟོན་མཁན་ཡིན་ཕྱིན། སྲིད་འཛིན་སྡེ་བ་རུ་སྤྱི་ཕན་གློག་བརྙན་སྟོན་པའི་བྱེད་སྒོ་སྤེལ་ཐེངས་རེར་ཞིང་སྡེར་སྤྱི་ཕན་གློག་བརྙན་བསྟན་པའི་ཐེངས་གྲངས་ཀྱི་ཁ་གསབ་རོགས་དངུལ་ལོངས་སུ་སྤྱད་ཆོག ད་སྔ་རང་ཞིང་གི་རོང་འབྲོག་ཁུལ་དུ་སྤྱི་ཕན་གློག་བརྙན་སྟོན་པའི་སྲིད་འཛིན་གཙོ་གཉེར་སྡེ་ཚན་ནི་རྫོང་རིམ་པ་ཡན་གྱི་རིག་གནས་རྒྱང་སྒྲོག་སྲིད་འཛིན་གཙོ་གཉེར་སྡེ་ཁག་ཡིན་པ་དང་། རོང་འབྲོག་ཁུལ་དུ་སྤྱི་ཕན་གློག་བརྙན་སྟོན་པའི་བྱ་བ་དངོས་སུ་ལག་ཏུ་བསྟར་མཁན་ནི་མཚོ་སྔོན་ཞིང་ཆེན་གསེར་ཟམ་གློག་བརྙན་སྤྱི་གཉེར་ཁང་དང་། མཚོ་སྔོན་ཞིང་ཆེན་གསེར་གྱི་སྙེ་མ་གློག་བརྙན་སྤྱི་གཉེར་ཁང་། ཁུལ(གྲོང་ཁྱེར)དང་རྫོང་སོ་སོའི་རིག་གནས་རྒྱང་སྒྲོག་སྲིད་འཛིན་སྡེ་ཁག་གི་ཁོངས་གཏོགས་གློག་བརྙན་དོ་དམ་ས་ཚིགས་དང་གློག་བརྙན་སྤྱི་གཉེར་ཁང་། གློག་བརྙན་སྟོན་པའི་རུ་ཁག་བཅས་ཡིན།ཞིང་སྡེར་གློག་བརྙན་སྟོན་པའི་ལས་གཞི་ལག་བསྟར་བྱས་པ་དེས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་རྒྱ་ཆེའི་རོང་འབྲོག་མང་ཚོགས་ལ་ཐུགས་ཁུར་གནང་བཞིན་པ་མཚོན་ཡོད་ལ། རོང་འབྲོག་མང་ཚོགས་ལ་རིག་གནས་ཀྱི་གྲུབ་འབྲས་མཉམ་དུ་ལོངས་སྤྱོད་པའི་དབང་ཆ་ཐོབ་པ་ཡང་མཚོན་ཡོད། ས་གནས་སོ་སོའི་གློག་བརྙན་སྲིད་འཛིན་གཙོ་གཉེར་སྡེ་ཁག་གིས་ཞིང་སྡེར་སྤྱི་ཕན་གློག་བརྙན་སྟོན་པའི་བྱེད་སྒོ་སྤེལ་བ་ནི་དམངས་ལ་དོན་དངོས་བསྒྲུབ་པའི་དོན་དག་གལ་ཆེན་དུ་བརྩིས་ནས། ཞིང་སྡེར་སྤྱི་ཕན་གློག་བརྙན་བསྟན་པའི་ཐེངས་གྲངས་ཁྲོམ་བསྒྲགས་ལམ་ལུགས་འཛུགས་དགོས། རེ་བ་ལ་རྒྱ་ཆེའི་རོང་འབྲོག་སྤུན་ཟླ་རྣམས་ཀྱང་ཞིང་སྡེར་སྤྱི་ཕན་གློག་བརྙན་སྟོན་པའི་བྱེད་སྒོའི་ཁྲོད་ཞུགས་ནས་ང་ཚོའི་བྱ་བར་ལྟ་སྐུལ་བྱ་རྒྱུ་གལ།

མང་ཚོགས་ཀྱིས་ལྟ་སྐུལ་བྱེད་བདེ་བའི་ཆེད་དུ་མཚོ་སྔོན་ཞིང་ཆེན་རྒྱང་སྒྲོག་བརྙན་འཕྲིན་ཅུས་ཀྱིས་བཙུགས་པའི་ལྟ་སྐུལ་ཁ་པར་ནི། 0971-632950

མཚོ་སྔོན་ཞིང་ཆེན་གསེར་ཟམ་གློག་བརྙན་སྤྱི་གཉེར་ཁང(ཁུལ་དྲུག་དང་གྲོང་ཁྱེར་གཅིག)། ལྟ་སྐུལ་ཁ་པར་ནི། 0971-6329884

མཚོ་སྔོན་ཞིང་ཆེན་གསེར་གྱི་སྙེ་མ་གློག་བརྙན་སྤྱི་གཉེར་ཁང(ཟི་ལིང་ས་ཁུལ)། ལྟ་སྐུལ་ཁ་པར་ནི། 0971-6129782

 
· ༄༅།། པདྨ་རྫོང་ནང་བསྟན་མཐུན་ཚོག 2018/9/3
· ༄༅།། པདྨ་རྫོང་གི་བོད་ཇ་དང་རྫ་ན 2018/6/3
· ༄༅།། པད་མ་རྫོང་གི་དམར་དམག་རྒྱང 2018/12/17
· ༄༅།། མཚོ་སྔོན་ཞིང་ཆེན་སྲིད་གྲ 2018/12/17
· ༄༅།། ཧཱ་མཱ་སི་ཡིས་ཕཱ་ལེ་སི་ཐན་ 2018/12/17
· ༄༅།། ཀྲུང་དབྱང་དྲིལ་སྒྲོག་པུའུ 2018/12/17
· ༄༅།། པད་མ་རྫོང་གི་དམར་དམག་རྒྱ 2018/12/17

2008-2012 པདྨ་རྫོང་མི་དམངས་སྲིད་གཞུང་། All Rights Reserved
09758322651 མགོ་ལོག པདྨ  ཆ་འཕྲིན་རབ་གསལ། :814100
པདྨ་རྫོང་མི་དམངས་སྲིད་གཞུང་།