ཚོགས་ཆེན་གཉིས་ཀྱི་ཆེད་དོན་ལེ་ཚན། པདྨ་རྫོང་མི་དམངས་སྲིད་གཞུང་།  
ཤོག་ངོས་དང་པོ། :--> ཏང་གི་མང་ཚོགས་ལམ་ཕྱོགས།
༄༅།།ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་གཏིང་ཟབ་སྤེལ་བར་གཏན་འཁེལ་བྱས་པའི་བྱ་སྤྱོད་ལེགས་འགྲུབ་བྱེད་པ་
འབྱུང་ཁུངས།: 2014/3/3 17:34:47

༄༅།།ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་གཏིང་ཟབ་སྤེལ་བར་གཏན་འཁེལ་བྱས་པའི་བྱ་སྤྱོད་ལེགས་འགྲུབ་བྱེད་པ་

དང་རང་འདེམ་བྱ་སྤྱོད་ལེགས་པོར་སྒྲུབ་དགོས།

པདྨ་རྫོང་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་སྟག་ལྷའི་གསུང་བཤད།


དཔལ་འབྱོར་སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་དངོས་པོའི་རྒྱུ་ནོར་ཕུན་སུམ་ཚོགས་པ།གཞུང་སྒྲུབ་ཆ་རྐྱེན་ཇེ་ལེགས་སུ་སོང་ཞིང་སྲིད་སྐྱོང་ཁོར་ཡུག་ཇེ་བཟང་དུ་སོང་བ་དང་བསྟུན་ནས།ད་ལྟའི་བྱ་བའི་ཁྲོད་རྣམ་པ་མི་ལེགས་པའང་གནས་ཡོད་པ་སྟེ།

ཏང་ཡོན་ལས་བྱེད་པ་ལ་ལས་ལས་འཛོལ་བྱས་ནས་གཞུང་ཞབས་པ་བདག་པོ་རུ་གྱུར་ཡོད་ལ།མང་ཚོགས་ལ་བདག་པོ་བྱས་ཆོག་པ་དང་མང་ཚོགས་ལ་བཀོད་སྒྲིག་བྱས་ཆོག་པ།མང་ཚོགས་ཀྱི་འཐུས་ཚབ་བྱས་ཆོག་པར་འདོད་ནས་མང་ཚོགས་དང་ཁ་བྲལ་ཡོད།ཏང་ཡོན་ལས་བྱེད་པ་ལ་ལས་མང་ཚོགས་ལ་མཐོང་ཆུང་བྱས་ཏེ།མང་ཚོགས་ཀྱིས་ཅི་མི་ཤེས་ཤིང་།དམུ་རྒོད་དང་གནས་ལུགས་མི་བཤད་པ།གཡོ་སྒྱུ་ཆེ་བར་འདོད་ནས་མང་ཚོགས་ལ་འབྲེལ་འདྲིས་དང་ཁ་བརྡ་བྱེད་པར་སྐྲག་ཏེ།སེམས་གཏིང་ནས་མང་ཚོགས་ཁས་མི་ལེན་པ་རེད།ཏང་ཡོན་ལས་བྱེད་པ་ལ་ལས་མང་ཚོགས་ལ་ཐུགས་ཁུར་མི་བྱེད་པ་དང་།   མང་ཚོགས་ཀྱིས་བཤད་པའི་གནད་དོན་ཐུགས་ཁུར་མི་བྱེད་པར།   ལས་སྒྲུབ་འགོར་འགྱངས་བྱས་པས་མང་ཚོགས་ཀྱི་བརྩེ་སེམས་ལ་གནོད་པ་བཟོས་པ་སོགས་ཀྱི་གནད་དོན་ཡོད།

གནད་དོན་འདི་དག་ཏང་ནང་གི་མི་སྣ་ཉུང་ཤས་ཀྱི་སྟེང་དུ་ཡོད་མོད།འོན་ཀྱང་མི་ངན་གཅིག་གིས་མི་བརྒྱ་རླུང་ལ་སྐུར་བའི་དཔེ་ལྟར།བྱ་སྤྱོད་འདི་དག་གིས་ཏང་གི་ཕྱི་རྣམ་ལ་གནོད་པ་བཟོས་ཤིང་།   ཏང་གི་མཚན་སྙན་བརླག་པ་དང་།ཏང་གི་ལུས་ཕུང་ལ་ནད་ཞུགས་སུ་བཅུག་ལ།   ཏང་གི་དྭངས་གཙང་ལ་ནག་ནོག་གི་དྲི་མ་འགོས་པར་བྱས་པ་མ་ཟད།   མི་དམངས་ཀྱི་བརྩེ་དུང་ལ་གནོད་པ་བཟོས་ཏེ།   མང་ཚོགས་ཀྱིས་ཏང་ལ་ཡིད་ཆེས་བྱེད་ཚད་ཇེ་དམའ་རུ་བཏང་ཞིང་།ཏང་དང་མང་ཚོགས་བར་གྱི་ཤ་ཁྲག་གི་འབྲེལ་བ་ཇེ་ཞན་དུ་བཏང་བ་རེད།

འཕེལ་རྒྱས་དང་བཅོས་སྒྱུར་གྱི་གནད་འགག་གི་དུས་ལ་སླེབས་པའི་སྐབས་འདིར།ཀྲུང་དབྱང་གིས་གནད་དོན་ཡོད་པ་མཐོང་ནས་མྱུར་དུ་རང་ཉིད་སློབ་གསོ་དང་རང་ཉིད་ཇེ་ལེགས།རང་ཉིད་དག་ཐེར་བྱེད་པའི་གོ་རིམ་འདི་སྤེལ་ཞིང་།   བློ་ཐག་རྦད་ཆོད་ཀྱིས་ཏང་ཡོངས་སུ་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་སྤེལ་རྒྱུ་བཀོད་སྒྲིག་བྱས་པ་ནི་ཧ་ཅང་དུས་ཐོག་དང་གནད་འགག་ཅིག་ཡིན་པ་མ་ཟད།ཀྲུང་དབྱང་གི་ཆབ་སྲིད་ཀྱི་མིག་རྒྱང་དང་མང་ཚོགས་ཀྱི་ཐུགས་ཁུར།    སེམས་ཁྲལ་དང་སྡུག་བསྔལ་གྱི་འདུ་ཤེས་མངོན་པ་རེད།

ང་ཚོས་ངེས་པར་དུ་ཡིད་ལ་བཟུང་དགོས་པ་ནི།མི་དམངས་ཁྲོད་དུ་རྐང་ཚུགས་པ་དང་མི་དམངས་ལ་བདེ་སྐྱིད་བསྐྲུན་ཚེ།ད་གཟོད་སྔ་གཞུག་ཀུན་ཏུ་ཏང་གིས་ཕམ་ཁ་མི་མྱོང་ལ།    ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་དགོས་ན།ངེས་པར་དུ་ཏང་གི་མང་ཚོགས་ལམ་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་།   སྔ་གཞུག་ཀུན་ཏུ་ཏང་དང་མི་དམངས་མང་ཚོགས་ཀྱི་ཤ་ཁྲག་གི་འབྲེལ་བ་རྒྱུན་འཁྱོངས་བྱེད་དགོས།ཐེངས་འདིའི་ལག་ལེན་བྱ་འགུལ་བརྒྱུད་དེ།   ང་ཚོའི་རྒྱ་ཆེ་བའི་ཏང་ཡོན་ལས་བྱེད་པའི་བསམ་བློའི་སྟེང་མང་ཚོགས་ཀྱི་འདུ་ཤེས་ཡང་དག་པ་ཞིག་འཛུགས་པ་དང་།ཏང་ནི་མི་དམངས་ཁྲོད་ནས་བྱུང་བ་དང་མི་དམངས་ཁྲོད་དུ་རྐང་ཚུགས་ལ།ཏང་གི་འབད་བརྩོན་དང་བྱ་བ་ཡོད་ཚད་ནི་མི་དམངས་ལ་བདེ་སྐྱིད་བསྐྲུན་པའི་ཆེད་དུ་ཡིན་པ་གསལ་བོར་ངེས་དགོས་ཤིང་།དུས་སྐབས་གང་འདྲ་ཞིག་ཡིན་རུང་ཡང་དག་པའི་མང་ཚོགས་ལམ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ།   མི་དམངས་ཀྱི་ཁེ་ཕན་ཨང་དང་པོར་འཇོག་པ་རྒྱུན་འཁྱོངས་བྱེད་པ་དང་།   སྔ་གཞུག་ཀུན་ཏུ་མི་དམངས་ལ་བརྟེན་ནས་ལོ་རྒྱུས་མདུན་བསྐྱོད་བྱེད་དགོས།རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་གཞི་རིམ་དང་མང་ཚོགས་ཁྲོད་དུ་འགྲོ་བ་དང་།དོན་དངོས་སུ་ཞུགས་ནས།   བྱེ་བྲག་གི་ལག་ལེན་ཁྲོད་དུ་མང་ཚོགས་ཀྱི་ལྟ་ཕྱོགས་ནས་བརྟན་པོར་ལངས་བ་དང་།མི་དམངས་མང་ཚོགས་བར་གྱི་བརྩེ་དུང་ཇེ་ཟབ་དུ་བཏང་སྟེ་མང་ཚོགས་ལ་ཞབས་ཞུ་བྱེད་པའི་ནུས་པ་མཐོར་འདེགས་བྱེད་དགོས།

ཕྱོགས་ཡོངས་ནས་ཐེངས་འདིའི་སློབ་གསོ་ལག་ལེན་བྱ་འགུལ་གྱི་དགོངས་དོན་གལ་ཆེན་ལ་རྒྱུས་ལོན་དང་ངེས་ཟིན་གསལ་བོ་བྱེད་ཆེད།ངེས་པར་དུ་བློ་གཅིག་སེམས་གཅིག་གིས་བྱ་འགུལ་ལ་ཞུགས་ནས།   གཏན་འཁེལ་བྱས་པའི་བྱ་སྤྱོད་ལེགས་འགྲུབ་དང་རང་འདེམ་བྱ་སྤྱོད་ལེགས་སྒྲུབ་བྱེད་དགོས་ཏེ།   གཅིག་ནས་གཞུང་ལུགས་སློབ་སྦྱོང་ལ་ཤུགས་སྣོན་བྱས་ཏེ།   ཏང་གི་སྒྲིག་སྲོལ་དང་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་སྙན་ཞུ།སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕེང་གི་གསུང་བཤད་སྐོར་དང་མར་བྱིན་པའི་སློབ་སྦྱོང་གསབ་ཁྲིད་རྒྱུ་ཆ་སོགས་ལ་ནན་ཏན་གྱིས་སློབ་སྦྱོང་བྱེད་པ་དང་།ཏང་ཨུའི་བྱ་བའི་ཐབས་ལམ་དང་དོན་དངོས་བྱ་བར་ཟུང་འབྲེལ་བྱས་ཏེ།སློབ་ཟིན་པ་བཀོལ་ཐུབ་པར་བྱེད་དགོས།   གཉིས་ནས་མེ་ལོང་དུ་བལྟ་ཞིང་གྱོན་པ་གྲལ་དག་ལ།   རང་ཉིད་གཙང་མར་བྱས་ཏེ་ནད་ངན་དོར་བའི་སྤྱིའི་རེ་བ་ལྟར།ཐབས་ལམ་གསལ་ཞིང་རྣམ་འགྱུར་དྲང་མོའི་སྒོ་ནས་རྩད་ཞིབ་བྱས་པའི་གནད་དོན་ལ་དབྱེ་ཞིབ་བྱེད་པ་དང་།སྐྱོན་བརྗོད་དང་རང་ཉིད་སྐྱོད་བརྗོད་ལེགས་པོ་བྱེད་དགོས།   གསུམ་ནས་བློ་བརྟན་འགྱུར་མེད་ཀྱིས་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས།སྐྱིད་འདོད་རིང་ལུགས་དང་བག་མེད་ཆུད་ཟོས་ཀྱི་སྤྱོད་ངན་བཅས་ལ་ངོ་རྒོལ་བྱས་ཏེ།    སྤྱོད་ངན་བཞིའི་གནད་དོན་གྱི་ཉེན་ཁའི་རང་བཞིན་དང་གནོད་འཚེ་རང་བཞིན་ལ་ངོས་ཟིན་གཏིང་ཟབ་བྱེད་པ་དང་།    སྤྱོད་ངན་བཞིའི་ཐད་ལ་གནས་པའི་འབུར་ཐོན་གནད་དོན་བཙལ་ནས་རང་ཉིད་བརྟག་དཔྱད་ཞིབ་མོ་བྱེད་དགོས།བཞི་ནས་ཐེངས་འདིར་སྤེལ་བའི་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་དང་ཞིང་ཆེན་ཏང་ཨུ་ཡིས་ཞིང་ཆེན་ཡོངས་སུ་སྤེལ་བའི་མང་ཚོགས་ཀྱི་ལྟ་བ་དང་མང་ཚོགས་ལམ་ཕྱོགས།མང་ཚོགས་ཀྱི་ཁེ་ཕན།མང་ཚོགས་ཀྱི་བྱ་བ་བཅས་ཀྱི་བྱ་འགུལ་བཞི་ལ་ཟུང་འབྲེལ་བྱས་ཏེ།ཕན་འབྲས་ལ་མཐོང་ཆེན་བྱེད་པ་དང་འབྲེལ་གཏུག་ལ་ཤུགས་སྣོན་བྱེད་པ།   དོན་དངོས་ཐོག་ནས་འཛུགས་སྐྲུན་རྣམ་གྲངས་ལ་རོགས་རམ་བྱས་ནས་དཀའ་ཁག་དང་གནད་དོན་ངོ་མ་ཐག་གཅོད་བྱས་ཏེ།སྐུལ་འདེད་རྣམ་གྲངས་བདེ་ལེགས་ངང་ལག་བསྟར་བྱེད་པ་དང་མཉམ་དུ།མུ་མཐུད་འབྲེལ་གཏུག་ཁྱིམ་ཚང་གི་བཅར་འདྲི་ལེགས་སྒྲུབ་བྱས་ནས་འབྲེལ་གཏུག་ཁྱིམ་ཚང་གི་བསམ་འཆར་དང་བསམ་ཚུལ་ལ་ཉན་དགོས།


 ཡིག་སྒྱུར་བ། ཆོས་ལོ།


 
· ༄༅།། པདྨ་རྫོང་ནང་བསྟན་མཐུན་ཚོག 2018/9/3
· ༄༅།། པདྨ་རྫོང་གི་བོད་ཇ་དང་རྫ་ན 2018/6/3
· ༄༅།།ཀྲུང་གོ་རྒྱལ་ཡོངས་དམངས་ཆེན 2018/9/11
· ༄༅།།ཐིན་ཅཱ་ཚའེ་ཡིས་དར་ལག་དང་པད 2018/9/11
· ༄༅།།པདྨ་རྫོང་གིས་ཐེངས་སོ་བཞི་བ 2018/9/11
· ༄༅།།པདྨ་རྫོང་གིས་ཐེངས་སོ་བཞི་བ 2018/9/11
· ༄༅།།པདྨ་རྫོང་དམངས་ཆེན་དང་པདྨ་ར 2018/9/7

2008-2012 པདྨ་རྫོང་མི་དམངས་སྲིད་གཞུང་། All Rights Reserved
09758322651 མགོ་ལོག པདྨ  ཆ་འཕྲིན་རབ་གསལ། :814100
པདྨ་རྫོང་མི་དམངས་སྲིད་གཞུང་།