ཚོགས་ཆེན་གཉིས་ཀྱི་ཆེད་དོན་ལེ་ཚན། པདྨ་རྫོང་མི་དམངས་སྲིད་གཞུང་།  
ཤོག་ངོས་དང་པོ། :--> ཏང་གི་མང་ཚོགས་ལམ་ཕྱོགས།
༄༅།།པདྨ་རྫོང་གིས་ཡོངས་ཁྱབ་བཅར་འདྲི་དང་གཙང་སེལ། གཅིག་བསྡུས་འཚམས་འདྲི་བྱ་བ་སྒྲུབ་པ།
འབྱུང་ཁུངས།: 2014/1/24 10:42:21

༄༅།།པདྨ་རྫོང་གིས་ཡོངས་ཁྱབ་བཅར་འདྲི་དང་གཙང་སེལ།  གཅིག་བསྡུས་འཚམས་འདྲི་བྱ་བ་སྒྲུབ་པ།

   ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམ་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་གཏིང་ཟབ་སྒོས་ལག་ལེན་མཐར་ཕྱིན་བྱེད་ཆེད།  པདྨ་རྫོང་གིས་སྟོབས་ཤུགས་ཡོད་ཚད་ཀྱིས་མིག་སྔར་གཙོ་གནད་བྱ་བ་སྣ་ཚོགས་ལེགས་སྒྲུབ་བྱས་ལ།  གཅིག་བསྡུས་དག་ཐེར་བྱ་ཟུང་འབྲེལ་སྒོས་ཡོངས་ཁྱབ་བཅར་འདྲི་དང་གཙང་སེལ།གཅིག་བསྡུས་འཚམས་འདྲི་བྱ་བ་སྒྲུབ།

དེའི་སྐབས་སུ།  བྱ་བའི་ཚན་ཁག་དང་ཆེད་དོན་རྟོག་ཞིབ་ཚན་ཁག་སོ་སོ་གཞི་རིམ་དུ་སོང་ནས།  སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་ཀྱི་འདོད་བློ་ལ་རྒྱ་ཆེར་རྒྱུས་ལོན་བྱས་ཤིང་།  མང་ཚོགས་ཀྱི་བསམ་ཚུལ་ལ་ཉན་པ་དང་གནས་ཚུལ་ངོ་མ་རྒྱུས་ལོན་བྱས་ཏེ།  དབུལ་བོ་མང་ཚོགས་ལ་དོན་དངོས་དང་དོན་བཟང་སྒྲུབ་ཕྱིར་འཚམས་འདྲི་བྱ་འགུལ་སྤེལ་ལ།  འབྲོག་དམངས་མང་ཚོགས་ལ་འཚོ་བའི་ཁྲོད་ཀྱི་དཀའ་ཁག་དང་གནད་དོན་ངོ་མ་ཐག་གཅོད་བྱས་པ་མ་ཟད།  རྫོང་ཨུ་རྩ་འཛུགས་སྡེ་ཁག་གིས་ཏང་ཡོན་གྱི་ཐུགས་ཁུར་ཐེབས་རྩ་དང་ལས་བྱེད་པའི་ཞལ་འདེབས་སོགས་ཀྱི་བྱ་ཐབས་སྤྱད་དེ།  སྒོར༡༥༠༠༠གྲབས་གསོག་བྱས་ནས་སྟག་མཁར་ཞང་གི་འདུས་འདྲིལ་གཅུང་ནད་བྱུང་ཡོད་པའི་ནད་པ་ཞིག་ལ་སྨན་བཅོས་འགྲོ་གྲོན་ཐག་གཅོད་བྱས་ཤིང་།  སྟག་མཁར་ཞང་བྱ་བའི་ཚན་ཁག་གིས་གཙོ་གནད་མི་སྣ་དང་དབུལ་བོ་ཁྱིམ་ཚང་།  ཏང་ཡོན་དབུལ་བོ་དང་རྒན་གསུམ་མི་སྣ་བཅས་ཁྱིམ་ཚང༡༢༠བཅར་འདྲི་གཞུགས་མོལ་བྱས་པ་དང་།  འཚམས་འདྲི་མ་དངུལ་སྒོར་ཁྲི༤བྱིན།  མདོ་གོང་མ་ཞང་བྱ་བའི་ཚན་ཁག་གིས་དབུལ་བོའི་ཁྱིམ་ཚང༣༠ལ་འཚམས་འདྲི་བྱས་ཤིང་འཚམས་འདྲིའི་སྒོར་མོ་བྱིན།  རྫོང་སྲིད་གཞུང་།  ཁུལ་དང་རྫོང་དམངས་སྲིད་སྡེ་ཁག་གིས་སྒོར༢༠༠༠༠གྲབས་གསོག་བྱས་ཏེ་མདོ་གོང་དང་ཡར་ཐང་ཞང་གི་ནད་པ་ལྗིད་མོ་གཉིས་ལ་སྨན་བཅོས་བྱས།  རྫོང་དབུལ་སྐྱོར་སྡེ་ཁག་གིས་ལྕགས་རི་ཐང་ཞང་གི་དབུལ་བོའི་ཁྱིམ་ཚང་ལ་ཟ་སྣུམ་རྒྱ་མ༢༠༠བྱིན་པ་དང་།  གྲུབ་ཆེན་ཞང་གི་དབུལ་བོའི་ཁྱིམ་ཚང༣༠དང་ཏང་ཡོན་དབུལ་བོ༣ལ་ཕྱེ་རྒྱ་མ་ཁྲི་གཅིག་དང་ཟ་སྣུམ་རྒྱ་མ༡༥༠༠།  ཉལ་ཐུལ༢0བཅས་བྱིན་ནས་དབུལ་བོ་ཁྱིམ་ཚང་གི་དཀའ་ཁག་ངོ་མ་སེལ་བར་བྱས།  སྨར་ཁོག་ཞང་བྱ་བའི་ཚན་ཁག་གིས་ཞལ་འདེབས་ཕུལ་བ་སོགས་ཀྱི་རྣམ་པ་སྤྱད་དེ་མ་དངུལ་སྒོར༦༤༦༠གྲབས་གསོག་བྱས་ནས།  ཕྱེ་རྒྱ་མ༣༠༠དང་ནས་རྒྱ་མ༡༠༠།  ཇ༢བཅས་ཀྱིས་གློ་འབུའི་ནད་བྱུང་ཡོད་པའི་ཁྲ་སྡོར་ཚང་ལ་སྨན་བཅོས་སོགས་ཀྱི་དཀའ་ཁག་ཐག་གཅོད་བྱས།  རྫོང་སྲིད་གཞུང་དང་ཞང་སྡོད་བྱ་བའི་ཚན་ཁག  ཞང་ཏང་ཨུ་དང་སྲིད་གཞུང་གི་འགོ་ཁྲིད་བཅས་མཉམ་དུ༡༢༢༦དོན་རྐྱེན་ཁྲོད་ཤི་སོང་བའི་ཁྱིམ་ཚང་ལ་འཚམས་འདྲི་བྱས་པ་མ་ཟད།  གཉེན་ཉེ་ཁྱིམ་ཚང་ལ་སྒོར་ཁྲི༡བྱིན།  དྷི་མདའ་ཞང་བྱ་བའི་ཚན་ཁག་གིས་དཀའ་ཁག་ཁྱིམ་ཚང་དང་ལྔ་སྐྱོང་ཁྱིམ་ཚང་།  རྒན་གསུམ་མི་སྣ།དགོན་པའི་གྲྭ་བཙུན་དབུལ་བོ་བཅས་ཁྱིམ་ཚང༡༣ལ་འཚམས་འདྲི་བྱས་ཤིང་སྒོར༤༩༠༠དོན་འཁྱོལ་བྱས།  དྷི་མདའ་ཁོ་འཕེས་སྡེ་བའི་བྱ་བའི་ཚན་ཁག་གིས་ཁྱད་པར་དུ་དབུལ་བོ་ཡིན་པའི་ལྔ་སྐྱོང་ཁྱིམ་ཚང་ཉི་སྒྲོན་ལ་འཚམས་འདྲི་བྱས་ཤིང་།  སྒོར༩༠༠དང་ཕྱེ་ཁུག་མ་གཅིག་བྱིན།  དུས་མཚུངས་སུ་བྱ་བའི་ཚན་ཁག་སོ་སོས་རིམ་བཞིན་ཁྱིམ་ཚང་རེ་རེ་ལ་ཞིབ་བཤེར་མཐིལ་རྟོགས་བྱས་ཏེ།  དོན་དངོས་གནས་ཚུལ་ལ་རྒྱུས་ལོན་བྱས་ཤིང་།  འགལ་བ་རྩོད་གླེང་ཞིབ་ཕྲ་སྒོས་གཙང་བཤེར་ཞི་འཇགས་བྱས་ལ།  ཏང་དང་མང་ཚོགས།ལས་བྱེད་པ་དང་མང་ཚོགས་བར་གྱི་འབྲེལ་བ་དམ་ཟབ་དུ་བཏང་།

 ཡིག་སྒྱུར་བ། ཆོས་ལོ།

 
· ༄༅།། པདྨ་རྫོང་གི་བོད་ཇ་དང་རྫ་ན 2018/6/3
· ༄༅།། མཚོ་སྔོན་གྱིས་ཞིང་ཆེན་ཡོང 2018/7/19 17:51:07
· ༄༅།།སྐབས་དང་པོའི་ཀྲུང་གོའི་སྨན 2018/7/19
· ༄༅།། ཞི་ཅིན་ཕིང་གིས་ཨ་རབ་མཉམ་འ 2018/7/19 17:35:05
· ༄༅།།ཞིང་ཆེན་རིག་ལྷན་གྱིས་པདྨ་ན 2018/7/19
· ༄༅།། མཚོ་སྔོན་ཞིང་ཆེན་སྒྲིག་ཁྲ 2018/7/19 17:22:02
· ༄༅།།པདྨ་རྫོང་གིས་ལས་བྱེད་པའི་ས 2018/7/19

2008-2012 པདྨ་རྫོང་མི་དམངས་སྲིད་གཞུང་། All Rights Reserved
09758322651 མགོ་ལོག པདྨ  ཆ་འཕྲིན་རབ་གསལ། :814100
པདྨ་རྫོང་མི་དམངས་སྲིད་གཞུང་།