༄༅།།པདྨ་རྫོང་གིས་རྒྱ་དྲམ་དམར་པོའི་བརྩེ་བ་ཁྱིམ་ཚང་ཁྲི་ལ་བསྐྱལ་བའི་བྱ་འགུལ་སྤེལ་བ།
ཟླ1པོའི་ཚེས 18ཉིན། པདྨ་རྫོང་རྒྱ་དྲམ་དམར་པོའི་མཐུན་ཚོགས་ཀྱིས་རྒྱ་དྲམ་དམར་པོའི་བརྩེ་བ་ཁྱིམ་ཚང་ཁྲི་ལ་བསྐྱལ་བའི་བྱ་འགུལ་སྤེལ་ཞིང་། དེའི་སྐབས་སུ་བསྡོམས་པས་འཚམས་འདྲིའི་དངོས་རྫས་སྒམ 90དང་ཁྱིམ་ཚང་མྱུར་སྐྱོབ་སྒམ 95། དགུན་ལྭ 50དང་དོར་མ 200། གྱོན་པ 71དང་སྐུད་ལྭ 146། ལུས་རྩལ་ལྷམ 85དང་གཞན་ད་དུང་གྱོན་པ་སྣ་ཚོགས 411། འོ་ཕྱེ་སྒམ 50བཅས་སྒོར་ཁྲི 16ལྷག་ཏུ་སླེབས་ལ། དྲང་བདེན་དང་སྤྱི་བསྒྲགས། འདྲ་མཉམ་གྱི་རྩ་དོན་ལྟར་གོང་གསལ་གྱི་དངོས་རྫས་དེ་དག་ཞང་བརྒྱད་དང་གྲོང་རྡལ་གཅིག་གི་དབུལ་ཕོང་ཁྱིམ་ཚང་དང་ཆེས་རོགས་སྐྱོབ་བྱེད་དགོས་པའི་དབུལ་ཕོང་མང་ཚོགས་ཀྱི་ལག་ཏུ་བྱིན་ནས། བྱམས་སེམས་ཀྱི་བྱ་འགུལ་བརྒྱུད་དེ་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་སྤྱི་ཚོགས་ཀྱི་བྱམས་སེམས་དབུལ་ཕོང་འབྲོག་དམངས་མང་ཚོགས་ཀྱི་ཁྲོད་དུ་བསྐྱལ་ཞིང་།མི་ཆོས་དང་བརྩེ་སེམས། གཞན་ཕན་གྱི་རྒྱ་དྲམ་དམར་པོའི་སྙིང་སྟོབས་དར་སྤེལ་བྱས་པ་རེད།
ཡིག་སྒྱུར་བ། ཆོས་ལོ།
|