ཚོགས་ཆེན་གཉིས་ཀྱི་ཆེད་དོན་ལེ་ཚན། པདྨ་རྫོང་མི་དམངས་སྲིད་གཞུང་།  
ཤོག་ངོས་དང་པོ། :> ཏང་གི་མང་ཚོགས་ལམ་ཕྱོགས།
༄༅།།པདྨ་རྫོང་གིས་དབུལ་བོ་མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་འགན་སྲུང་བྱ་བ་ལེགས་སྒྲུབ་བྱས་པ།
འབྱུང་ཁུངས།: 2014/1/24 10:37:23

༄༅།།པདྨ་རྫོང་གིས་དབུལ་བོ་མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་འགན་སྲུང་བྱ་བ་ལེགས་སྒྲུབ་བྱས་པ།

     ཡོངས་ཁྱབ་སྒོས་རྫོང་ཡོངས་ཀྱི་དབུལ་བོ་མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་འགན་སྲུང་བྱ་བ་ལེགས་སྒྲུབ་བྱེད་པའི་ཆེད་དུ།  པདྨ་རྫོང་གིས་མི་གཞི་རྩར་བཟུང་ནས་དམངས་ཀྱི་དཀའ་ཁག་སེལ་བ་དང་།  དམངས་ལ་ཞབས་ཞུ་སྒྲུབ་པའི་དམིགས་ཡུལ་བཟུང་སྟེ།  ༢0༡༣ལོའི་ཟླ༡༢པ་ནས་ད་བར་དུ།  གྲོང་རྡལ་དམའ་སྲུང་ཁྱིམ་ཚང༡༢༣༥དང་ཞིང་སྡེའི་དམའ་སྲུང་ཁྱིམ་ཚང༢༩00།  ཞིང་སྡེའི་ལྔ་སྐྱོང་ཁྱིམ་ཚང༦༧༦།  རོགས་སྐྱོར་དམིགས་འབེན་ཁྱིམ་ཚང༦བཅས་ལ་ཐེངས་གཅིག་གིས་འཚོ་བའི་ཁ་གསབ་སྒོར་ཁྲི༡0༡.༧༦༨བྱིན་ལ།  དུས་མཚུངས་སུ་རྫོང་ཡོངས་ཀྱི་གཅིག་བསྡུས་དག་ཐེར་བྱ་འགུལ་ལ་ཟུང་འབྲེལ་བྱས་ནས།  གཞི་རིམ་རྟོག་ཞིབ་བྱ་བ་སྒྲུབ་པའི་སྐབས་སུ་དམའ་སྲུང་དང་ལྔ་སྐྱོང་།  གཙོ་གནད་རོགས་སྐྱོར་དམིགས་འབེན་ཁྱིམ་ཚང་།  དབང་བོ་སྐྱོན་ཅན།  གྲྭ་བཙུན་དབུལ་བོ།  རྒན་གསུམ་མི་སྣ་སོགས་མི༦༤ལ་བསྡོམས་པས་འཚམས་འདྲི་མ་དངུལ་སྒོར་ཁྲི༣.༢དང་ཇ༨༩།  ཟ་སྣུམ་ཟེའུ་སྣོད༦༦བྱིན་པ་དང་།  དབུལ་བོ་མང་ཚོགས༡༥0ལ་རྒུད་སྐྱོབ་ནས་ཏུན༣.༩དང་ཕྱེ་ཏུན༥།  འབྲས་རྒྱ་མ༥000བྱིན་པ་མ་ཟད།  གཞི་རྩའི་འཚོ་བ་གནས་སྐབས་དཀའ་ཁག་ཡོད་པའི་ཁྱིམ་ཚང་ལ་སྒོར༩000ཐག་གཅོད་བྱས།

    དགུན་ཟུག་པའི་སྐབས་འདིར་དཀའ་ཁག་ཡོད་པའི་མང་ཚོགས་ལ་གྱོན་པ་དང་འགེབས་རྒྱུའི་ཉལ་ཐུལ་ཡོད་པ་ཁག་ཐེག་བྱེད་ཆེད་དུ།  དམངས་སྲིད་ཅུས་ལ་བཀོད་སྒྲིག་བྱས་ཏེ།  ཆེས་དཀའ་ཁག་ཡོད་པའི་མང་ཚོགས་དེ་དག་ལ་དགུན་བརྒལ་རྒུད་སྐྱོབ་དངོས་པོ་སྣ་ཚོགས་སྒོར་ཁྲི༥༥བྱིན། 

 ཡིག་སྒྱུར་བ། ཆོས་ལོ།

 
 
· ༄༅།། པདྨ་རྫོང་མི་དམངས་འཐུས་མི་ 2019/3/17
· ༄༅།། པདྨ་རྫོང་ནང་བསྟན་མཐུན་ཚོག 2018/9/3
· ༄༅།། པདྨ་རྫོང་གི་བོད་ཇ་དང་རྫ་ན 2018/6/3
· ལིག་ཀྲིན་དབུས། 2018/5/11
· རྒྱལ་འབུམ་འཁྲུངས། 2018/5/11
· ལྷ་ཆེན་ཚེ་རིང་། 2018/5/11
· ཀརྨ་སྐྱིད། 2018/5/11

2008-2012 པདྨ་རྫོང་མི་དམངས་སྲིད་གཞུང་། All Rights Reserved
09758322651 མགོ་ལོག པདྨ  ཆ་འཕྲིན་རབ་གསལ། :814100
པདྨ་རྫོང་མི་དམངས་སྲིད་གཞུང་།