ཚོགས་ཆེན་གཉིས་ཀྱི་ཆེད་དོན་ལེ་ཚན། པདྨ་རྫོང་མི་དམངས་སྲིད་གཞུང་།  
ཤོག་ངོས་དང་པོ། :> སྲིད་གཞུང་སྤྱི་བསྒྲགས།
༄༅།།པདྨ་རྫོང་སློབ་གསོ་ཅུས་ཀྱིས་བྱ་བའི་སྒྲིག་ལམ་ནན་སྲུང་གི་ཆེད་དོན་དག་ཐེར་བྱ་འགུལ་སྤེལ་བ།
འབྱུང་ཁུངས།: 2014/1/23 10:29:41

༄༅།།པདྨ་རྫོང་སློབ་གསོ་ཅུས་ཀྱིས་བྱ་བའི་སྒྲིག་ལམ་ནན་སྲུང་གི་ཆེད་དོན་དག་ཐེར་བྱ་འགུལ་སྤེལ་བ།    

  ཟླ1པོའི་ཚེས 12དང་13ཉིན་པདྨ་རྫོང་སློབ་གསོ་ཅུས་ཀྱིས་བྱ་བའི་སྒྲིག་ལམ་ནན་སྲུང་གི་ཆེད་དོན་དག་ཐེར་བྱ་འགུལ་སློབ་སྦྱོང་གྲོས་ཚོགས་དང་བྱ་བ་བཀོད་སྒྲིག་གྲོས་ཚོགས་གཅིག་བསྡུས་སྒོས་སྤེལ་ཞིང་།  ཕྱོགས་ཡོངས་ནས་སློབ་གསོ་མ་ལག་གི་བྱ་བའི་སྒྲིག་ལམ་ཆེད་དོན་དག་ཐེར་བྱ་འགུལ་གཏིང་ཟབ་སྤེལ་བར་བཀོད་སྒྲིག་བྱས།  དེའི་སྐབས་སུ་ཞིང་ཆེན་དང་ཁུལ་གྱི་བྱ་བའི་སྒྲིག་ལམ་ནན་སྲུང་སྐོར་གྱི་མི་ཆོག་པ་ལྔ་དང་བཀག་འགོག་བཀའ་ཡིག་བརྒྱད་སོགས་བརྒྱུད་སྒྲོག་སློབ་སྦྱོང་ནན་ཏན་བྱས་ཏེ།  ལས་བྱེད་པ་ཡོངས་ཀྱིས་གཅིག་ནས་རང་སྟེང་གི་གནད་དོན་གཏིང་ཟབ་ཏུ་བཙལ་བ་དང་།  གཉིས་ནས་བསམ་འཆར་ཡང་དག་རྒྱ་ཆེར་བསྡུ་ལེན་བྱེད་པ།  གསུམ་ནས་དོན་དངོས་ཐོག་ནས་ཞིབ་འདོན་གྱི་རྣམ་པ་སྐྲུན་དགོས།  བཞི་ནསནན་ཏན་གྱིས་རྒྱུ་ཆ་ཞིབ་འབྲི་དང་དབྱེ་ཞིབ་བཅས་བྱེད་དགོས་པའི་རེ་བ་བཏོན་ལ།  གོང་གི་བྱ་འགུལ་བརྒྱུད་དེ་ཆེད་དོན་བྱ་བ་ནན་ཏན་སྒྲུབ་ནས་བྱ་བའི་ཕན་འབྲས་མངོན་གསལ་བླངས་བ་རེད།

 
 
· ལིག་ཀྲིན་དབུས། 2018/5/11
· རྒྱལ་འབུམ་འཁྲུངས། 2018/5/11
· ལྷ་ཆེན་ཚེ་རིང་། 2018/5/11
· ཀརྨ་སྐྱིད། 2018/5/11
· ལུའོ་ཧུང་ལིན། 2018/5/11
· ལི་ཧྥུའུ་ཉེན། 2018/5/11
· པདྨ་རྫོང་གིས2019ལོའི་དབུལ་ཐར་འ 2019/11/11

2008-2012 པདྨ་རྫོང་མི་དམངས་སྲིད་གཞུང་། All Rights Reserved
09758322651 མགོ་ལོག པདྨ  ཆ་འཕྲིན་རབ་གསལ། :814100
པདྨ་རྫོང་མི་དམངས་སྲིད་གཞུང་།