ཚོགས་ཆེན་གཉིས་ཀྱི་ཆེད་དོན་ལེ་ཚན། པདྨ་རྫོང་མི་དམངས་སྲིད་གཞུང་།  
ཤོག་ངོས་དང་པོ། :--> ཚོང་འགུག་དངུལ་འདྲེན།
༄༅།།སྨར་ཁོག་གཙང་བོའི AAAརིམ་པའི་​ཡུལ་སྐོར་མཛེས་ལྗོངས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་རྣམ་གྲངས།
འབྱུང་ཁུངས།: 2013/9/4 9:05:44

༄༅།།སྨར་ཁོག་གཙང་བོའི AAAརིམ་པའི་ཡུལ་སྐོར་མཛེས་ལྗོངས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་རྣམ་གྲངས།

རྣམ་གྲངས་ཀྱི་མིང་།  སྨར་ཁོག་གཙང་བོའི AAAརིམ་པའི་ཡུལ་སྐོར་མཛེས་ལྗོངས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་རྣམ་གྲངས།

རྣམ་གྲངས་ས་གནས།  པདྨ་རྫོང་སྨར་ཁོག་གཙང་བོའི་གདོད་མའི་ནགས་ཚལ་སྐྱེ་ཁམས་ཡུལ་སྐོར་མཛེས་ལྗོངས།མཛེས་ལྗོངས་གཙོ་བོ་དམར་དམག་ལུང་བ་དང་ཡ་པ་ལུང་བ།དགེ་རྩེ་ལུང་བ་ཡིན

རྣམ་གྲངས་རྒྱབ་ལྗོངས།  སྨར་ཁོག་གཙང་བོའི་གདོད་མའི་ནགས་ཚལ་སྐྱེ་ཁམས་ཡུལ་སྐོར་མཛེས་ལྗོངས་ནི 2009ལོའི་ཟླ 12པའི་ཚེས 31ཉིན་རྒྱལ་ཁབ་ཀྱི AAAརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཀྱི་མཚན་སྙན་ཐོབ་ཅིང་།མགོ་ལོག་ཁུལ་གྱི་ཡུལ་སྐོར་གནས་མཆོག་གཙོ་བོ་ཞིག་ཡིན་པ་མ་ཟད།ཁུལ་ཡོངས་ཀྱི་གཙོ་གནད་གསར་སྤེལ་བྱེད་པའི་ཡུལ་སྐོར་མཛེས་ལྗོངས་ཤིག་ཀྱང་ཡིན།

རྣམ་གྲངས་སྤེལ་ཚད།རྣམ་གྲངས་འདིམགོ་ལོག་ཁུལ་ཡུལ་སྐོར་འཕེལ་རྒྱས་སྤྱིའི་འཆར་འགོདདངམཚོ་སྔོན་ཞིང་ཆེན་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་འཆར་འགོདནང་བཞག་ནས་ཆོག་མཆན་བཀོད་པ་མ་ཟད།ད་ལྟ་སྒྲིག་སྦྱོར་བྱེད་བཞིན་པའི་མཚོ་སྔོན་ཞིང་ཆེན་གཉེན་པོ་གཡུ་རྩེའི་ཡུལ་ཁམས་ཆེན་པོའི་མཛེས་ལྗོངས་ཡུལ་སྐོར་འཆར་འགོདནང་དུའང་རྣམ་གྲངས་འདི་བཞག་ཡོད་པ་རེད།

རྣམ་གྲངས་འཛུགས་སྐྲུན་ནང་དོན། 

གཅིགརྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཏེ།འགྲིམ་འགྲུལ་སྒྲིག་བཀོད་འཛུགས་སྐྲུན་དང་མཚོན་རྟགས་བྱང་བུ་འཛུགས་སྐྲུན།ཁོར་ཡུག་སྲུང་སྐྱོབ་སྒྲིག་བཀོད་འཛུགས་སྐྲུན།འཕྲིན་སྐྱེལ་སྒྲིག་བཀོད་འཛུགས་སྐྲུན།གློག་ཤུགས་སྒྲིག་བཀོད་འཛུགས་སྐྲུན།དྲོད་གཏོང་ཆུ་འདོན་སྒྲིག་བཀོད་འཛུགས་སྐྲུན།རླངས་འཁོར་འཇོག་ས་དང་མཛེས་ལྗོངས་ཀྱི་སྒོ་ཆེན་འཛུགས་སྐྲུན་བཅས་འདུས།

གཉིས།མཛེས་ལྗོངས་འཛུགས་སྐྲུན་ཏེ།མཛེས་ལྗོངས་གཟིགས་མོལ་སྟེགས་བུ་འཛུགས་སྐྲུན་དང་ཡུལ་སྐོར་བ་སྣེ་ལེན་ལྟེ་གནས་འཛུགས་སྐྲུན།ད་ལྟ་སྔོག་འདོན་དག་སྒྲིག་བྱེད་བཞིན་པའི་མཛེས་ལྗོངས་འཛུགས་སྐྲུན་བཅས་ཚོད་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར1.2 87གཏོང་དགོས།

ཁེ་ཕན་ཚོད་རྩིས།  ལོ་རེར་ཡུལ་སྐོར་བ་མི་ཁྲི2སྣེ་ལེན་བྱེད་རྒྱུའི་འཆར་གཞི་ལྟར་རྩིས་ན།སྒོ་བྱང་དང་ཟ་བཏུང་།ཞག་སྡོད།འགྲོ་འདུགརོལ་རྩེད་སོགས་མི་རེའི་མཛད་སྤྱོད་སྒོར 1000ལྟར་རྩིས་ན་ལོ་རེའི་མཛད་སྤྱོད་ཡོང་སྒོ་སྒོར་ཁྲི 2000ཡིན།

མཉམ་འབྲེལ་རྣམ་པ།  མཉམ་འབྲེལ་མ་དངུལ་གཏོང་བ་དང་ཁེར་རྐྱང་གི་མ་དངུལ་གཏོང་བ། 

འབྲེལ་གཏུག་ཁ་པར།   པདྨ་རྫོང་འཕེལ་རྒྱས་བཅོས་སྒྱུར་ཅུས་ཀྱི་ཁ་པར། 09758322051 

འབྲེལ་གཏུག་མི་སྣ།  ཆིས་ཀྲན་ཧྲོའི་ཁ་པར།  15897147857

ཀྲའོ་བིན་ཧྥུན་གྱི་ཁ་པར།   15909753737

 ཡིག་སྒྱུར་བ། ཆོས་ལོ།

 
· ༄༅།། པདྨ་རྫོང་ནང་བསྟན་མཐུན་ཚོག 2018/9/3
· ༄༅།། པདྨ་རྫོང་གི་བོད་ཇ་དང་རྫ་ན 2018/6/3
· ༄༅།།ཀྲུང་གོ་རྒྱལ་ཡོངས་དམངས་ཆེན 2018/9/11
· ༄༅།།ཐིན་ཅཱ་ཚའེ་ཡིས་དར་ལག་དང་པད 2018/9/11
· ༄༅།།པདྨ་རྫོང་གིས་ཐེངས་སོ་བཞི་བ 2018/9/11
· ༄༅།།པདྨ་རྫོང་གིས་ཐེངས་སོ་བཞི་བ 2018/9/11
· ༄༅།།པདྨ་རྫོང་དམངས་ཆེན་དང་པདྨ་ར 2018/9/7

2008-2012 པདྨ་རྫོང་མི་དམངས་སྲིད་གཞུང་། All Rights Reserved
09758322651 མགོ་ལོག པདྨ  ཆ་འཕྲིན་རབ་གསལ། :814100
པདྨ་རྫོང་མི་དམངས་སྲིད་གཞུང་།