ཚོགས་ཆེན་གཉིས་ཀྱི་ཆེད་དོན་ལེ་ཚན། པདྨ་རྫོང་མི་དམངས་སྲིད་གཞུང་།  
ཤོག་ངོས་དང་པོ། :--> ཚོང་འགུག་དངུལ་འདྲེན།
༄༅།།པདྨ་རྫོང་མཛོ་མོ​་ལུང་བའི་ཆུ་ཁོལ་ཡུལ་སྐོར་གསར་སྤེལ་རྣམ་གྲངས།
འབྱུང་ཁུངས།: 2013/9/4 9:03:21

༄༅།།པདྨ་རྫོང་མཛོ་མོ་ལུང་བའི་ཆུ་ཁོལ་ཡུལ་སྐོར་གསར་སྤེལ་རྣམ་གྲངས།

རྣམ་གྲངས་ཀྱི་མིང་།  པདྨ་རྫོང་མཛོ་མོ་ལུང་བའི་ཆུ་ཁོལ་ཡུལ་སྐོར་གསར་སྤེལ་རྣམ་གྲངས།

རྣམ་གྲངས་ས་གནས།  མགོ་ལོག་ཁུལ་པདྨ་རྫོང་།

རྣམ་གྲངས་རྒྱབ་ལྗོངས།  མཛོ་མོ་ལུང་བའི་ཆུ་ཁོལ་ནི་པདྨ་རྫོང་གི་ཤར་ལྷོའི་མཚམས་སུ་ཡོད་ཅིང་།རྫོང་མཁར་ནས་སྤྱི་ལེ 60ཡོད་ལ།བྱང་དུ་གཅིག་སྒྲིལ་རྫོང་གཉན་པོ་གཡུ་རྩེ་དང་འབྲེལ་ཞིང་།ཤར་ནས་སི་ཁྲོན་རྔ་བ་རྫོང་དང་ཁྱིམ་མཚེས་ཡིན་པས་འགྲིམ་འགྲུལ་ཆ་རྐྱེན་ལེགས་པོ་ཡིན། 

རྣམ་གྲངས་འདི་གསར་སྤེལ་བྱེད་འོས་པ།  པདྨ་རྫོང་མཛོ་མོ་ལུང་བའི་ཆུ་ཁོལ་ནི་ངག་རྒྱུན་དུ་གེ་སར་རྒྱལ་བོ་དང་ཁོའི་ལྕམ་མོ།བློན་ཆེན་གྱིས་གཡུལ་འཁྲུག་རྒྱབ་རྗེས་འཁྲུས་བྱེད་ས་ཡིན་པར་བཤད་ལ།ཆུའི་དྲོད་ཚད་ལ་ཞིབ་བཤེར་བྱས་པ་ལྟར་ན་སྐར་མ་བཅོ་ལྔའི་ནང་དུ་བྱ་སྒོང་འཚོས་ཐུབ་པ་དང་།ནད་རིགས་མང་པོ་སོས་ཤིང་གྲུམ་ནད་དང་སྤགས་ནད་སྣ་ཚོགས་སོས་པའི་ནུས་པ་ལྡན་ལ།བོད་ཁམས་སུ་གྲགས་རྒྱ་ཆེན་པོ་ཡོད་པས་ཡུལ་སྐོར་གསར་སྤེལ་གྱི་རིན་ཐང་མཐོན་པོ་ཡོད།

རྣམ་གྲངས་འཛུགས་སྐྲུན་ནང་དོན།  ཆུ་རྐྱལ་རྫིང་བུ་མུས་གྲུ་བཞི་མ 800དང་ཁྲུས་རྫིང 50།འཛུགས་སྐྲུན་རྒྱ་ཁྱོན་མུས་གྲུ་བཞི་མ 750ཡོད་པའི་སོ་ཕག་ལས་སྐྲུན་པའི་ཐོག་བརྩེགས་གསུམ་ཅན་གྱི་ཞག་སྡོད་ལུས་ཁྲུས་མགྲོན་ཁང་།

མ་དངུལ་འཆར་གཞི།  སྒོར་ཁྲི 2400ཡིན།

ཁེ་ཕན་ཚོད་རྩིས།  ལོ་རེར་མི་ཁྲི1སྣེ་ལེན་བྱེད་རྒྱུའི་འཆར་གཞི་ལྟར་རྩིས་ན།  སྒོ་བྱང་དང་ཟ་བཏུང་།  ཞག་སྡོད།  འགྲོ་འདུགརོལ་རྩེད་སོགས་མི་རེའི་མཛད་སྤྱོད་སྒོར 800ལྟར་རྩིས་ན་ལོ་རེའི་མཛད་སྤྱོད་ཡོང་སྒོ་སྒོར་ཁྲི 600ཡིན།

མཉམ་འབྲེལ་རྣམ་པ།  མཉམ་འབྲེལ་མ་དངུལ་གཏོང་བ་དང་ཁེར་རྐྱང་གི་མ་དངུལ་གཏོང་བ། 

འབྲེལ་གཏུག་ཁ་པར།    པདྨ་རྫོང་འཕེལ་རྒྱས་བཅོས་སྒྱུར་ཅུས་ཀྱི་ཁ་པར། 09758322051    

འབྲེལ་གཏུག་མི་སྣ།  ཆིས་ཀྲན་ཧྲོའི་ཁ་པར།  15897147857

ཀྲའོ་བིན་ཧྥུན་གྱི་ཁ་པར།  15909753737

 ཡིག་སྒྱུར་བ། ཆོས་ལོ།

 
· ༄༅།། པདྨ་རྫོང་ནང་བསྟན་མཐུན་ཚོག 2018/9/3
· ༄༅།། པདྨ་རྫོང་གི་བོད་ཇ་དང་རྫ་ན 2018/6/3
· ༄༅།།ཀྲུང་གོ་རྒྱལ་ཡོངས་དམངས་ཆེན 2018/9/11
· ༄༅།།ཐིན་ཅཱ་ཚའེ་ཡིས་དར་ལག་དང་པད 2018/9/11
· ༄༅།།པདྨ་རྫོང་གིས་ཐེངས་སོ་བཞི་བ 2018/9/11
· ༄༅།།པདྨ་རྫོང་གིས་ཐེངས་སོ་བཞི་བ 2018/9/11
· ༄༅།།པདྨ་རྫོང་དམངས་ཆེན་དང་པདྨ་ར 2018/9/7

2008-2012 པདྨ་རྫོང་མི་དམངས་སྲིད་གཞུང་། All Rights Reserved
09758322651 མགོ་ལོག པདྨ  ཆ་འཕྲིན་རབ་གསལ། :814100
པདྨ་རྫོང་མི་དམངས་སྲིད་གཞུང་།