ཚོགས་ཆེན་གཉིས་ཀྱི་ཆེད་དོན་ལེ་ཚན། པདྨ་རྫོང་མི་དམངས་སྲིད་གཞུང་།  
ཤོག་ངོས་དང་པོ། :--> ཚོང་འགུག་དངུལ་འདྲེན།
༄༅།།པདྨ་རྫོང་འདབས་བརྒྱད་མགྲོན་ཁང་ཕྱོགས་​བསྡུས་ཞབས་ཞུ་ཐོག་ཁང་རྣམ་གྲངས། 
འབྱུང་ཁུངས།: 2013/9/4 9:00:03

༄༅།།པདྨ་རྫོང་འདབས་བརྒྱད་མགྲོན་ཁང་ཕྱོགས་བསྡུས་ཞབས་ཞུ་ཐོག་ཁང་རྣམ་གྲངས། 

རྣམ་གྲངས་ཀྱི་མིང་།  པདྨ་རྫོང་འདབས་བརྒྱད་མགྲོན་ཁང་ཕྱོགས་བསྡུས་ཞབས་ཞུ་ཐོག་ཁང་རྣམ་གྲངས།

རྣམ་གྲངས་ས་གནས།  མགོ་ལོག་ཁུལ་པདྨ་རྫོང་།

རྣམ་གྲངས་རྒྱབ་ལྗོངས།  པདྨ་རྫོང་འདབས་བརྒྱད་མགྲོན་ཁང་ནི 1986ལོར་འཛུགས་སྐྲུན་བྱས་ཤིང་།ད་ལྟ་ཉལ་ཁྲི 60དང་ལས་སྒྲུབ་མི་སྣ6ཡོད།མིག་སྔར་མགྲོན་ཁང་འདིའི་སྒྲིག་ཆས་རྙིང་ཞིང་སྣེ་ལེན་ནུས་པ་ཞན་པས།དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་རེ་བ་དང་མི་མཐུན།

རྣམ་གྲངས་འདི་གསར་སྤེལ་བྱེད་འོས་པ།  པདྨ་རྫོང་དུ་གནའ་བོའི་སྐྱེ་ཁམས་ཡུལ་སྐོར་མཛེས་ལྗོངས་མང་པོ་ཡོད་ལ།མིག་སྔར་གསར་སྤེལ་བྱེད་བཞིན་པའི་མཛེས་ལྗོངས་ལ།སྨར་ཁོག་གཙང་བོའི AAAརིམ་པའི་ནགས་ཚལ་ཡུལ་སྐོར་མཛེས་ལྗོངས་དང་མཛོ་མོ་ཆུ་ཁོལ་ཡུལ་སྐོར་གསར་སྤེལ་རྣམ་གྲངས།དམར་དམག་ལུང་བའི་གསར་བརྗེའི་ཡུལ་སྐོར་མཛེས་ལྗོངས།སྨར་ཁོག་གཙང་བོའི་ཆུ་ཁར་གཡེང་བའི་རྣམ་གྲངས།ཁག་གསུམ་མགོ་ལོག་ཕ་ཡུལ་གྱི་རྗེས་དྲན་ཁང་།དྷི་མདའ་བོད་ལུགས་ཐོག་ཁང་སོགས་རྣམ་གྲངས་ཡོད་ལ།བོད་ཁམས་སུ་གྲགས་རྒྱ་ཆེ་ཞིང་།ལོ་རེར་པདྨར་ཡུལ་སྐོར་ལ་ཕེབས་པའི་མི་ཕལ་ཆེར་ཁྲི4ལྷག་ཡོད་པས་ཡུལ་སྐོར་གསར་སྤེལ་གྱི་རིན་ཐང་མཐོན་པོ་ལྡན་ཡོད།

རྣམ་གྲངས་འཛུགས་སྐྲུན་ནང་དོན།  ཡོད་ཚད་སྒྲོམ་གཞི་དང་འཛུགས་སྐྲུན་རྒྱ་ཁྱོན་མུས་གྲུ་བཞི་མ 5860ཡོད་པ་དང་།ཐོག་བརྩེགས་རིམ་པ7ཡོདའོག་རིམ་གྱི་ཐོག་བརྩེགས་དང་པོ་འདུས།ལས་གཞི་འདིའི་ནུས་པ་བཀོད་སྒྲིག་འདི་ལྟར་ཡིན་ཏེ།འོག་རིམ་གྱི་ཐོག་བརྩེགས་དང་པོ་ནི་ལུས་འཁྲུས་ལྟེ་གནས་དང KTVརོལ་རྩེད་འདུ་ཁང་།ཐོག་བརྩེགས་དང་པོ་ནི་སྣེ་ལེན་ཚོམས་ཆེན་དང་ཟ་ཁང་།ཐོག་བརྩེགས་གཉིས་པ་ནི་གྲོས་ཚོགས་ལྟེ་གནས་དང་མགྲོན་ཁང་།ཐོག་བརྩེགས་གསུམ་པ་དང་བཞི་བ།ལྔ་བ།དྲུག་པ་ནི་མགྲོན་ཁང་།ཐོག་བརྩེགས་བདུན་པ་ནི་ཇ་ཁང་དང་ཤོ་འགྲིག་ལྟེ་གནས་ཡིན།

མ་དངུལ་འཆར་གཞི།  སྒོར་ཁྲི 1614ཡིན།

ཁེ་ཕན་ཚོད་རྩིས  །ལོ་རེར་མི་ཁྲི4སྣེ་ལེན་བྱེད་རྒྱུའི་འཆར་གཞི་ལྟར་རྩིས་ན།ཟ་བཏུང་དང་ཞག་སྡོད།གྲོས་ཚོགས།རོལ་རྩེད།གཡེང་འཆམ་སོགས་ལོ་རེའི་མཛད་སྤྱོད་ཡོང་སྒོ་སྒོར་ཁྲི 600ཡིན།

མཉམ་འབྲེལ་རྣམ་པ།མཉམ་འབྲེལ་མ་དངུལ་གཏོང་བ་དང་ཁེར་རྐྱང་གི་མ་དངུལ་གཏོང་བ། 

འབྲེལ་གཏུག་ཁ་པར།  པདྨ་རྫོང་འཕེལ་རྒྱས་བཅོས་སྒྱུར་ཅུས་ཀྱི་ཁ་པར 09758322051 

འབྲེལ་གཏུག་མི་སྣ།  ཆིས་ཀྲན་ཧྲོའི་ཁ་པར།  15897147857

ཀྲའོ་བིན་ཧྥུན་གྱི་ཁ་པར།    15909753737

 ཡིག་སྒྱུར་བ། ཆོས་ལོ།

 
· ༄༅།། པདྨ་རྫོང་གི་བོད་ཇ་དང་རྫ་ན 2018/6/3
· ༄༅།། མཚོ་སྔོན་གྱིས་ཞིང་ཆེན་ཡོང 2018/7/19 17:51:07
· ༄༅།།སྐབས་དང་པོའི་ཀྲུང་གོའི་སྨན 2018/7/19
· ༄༅།། ཞི་ཅིན་ཕིང་གིས་ཨ་རབ་མཉམ་འ 2018/7/19 17:35:05
· ༄༅།།ཞིང་ཆེན་རིག་ལྷན་གྱིས་པདྨ་ན 2018/7/19
· ༄༅།། མཚོ་སྔོན་ཞིང་ཆེན་སྒྲིག་ཁྲ 2018/7/19 17:22:02
· ༄༅།།པདྨ་རྫོང་གིས་ལས་བྱེད་པའི་ས 2018/7/19

2008-2012 པདྨ་རྫོང་མི་དམངས་སྲིད་གཞུང་། All Rights Reserved
09758322651 མགོ་ལོག པདྨ  ཆ་འཕྲིན་རབ་གསལ། :814100
པདྨ་རྫོང་མི་དམངས་སྲིད་གཞུང་།