ཚོགས་ཆེན་གཉིས་ཀྱི་ཆེད་དོན་ལེ་ཚན། པདྨ་རྫོང་མི་དམངས་སྲིད་གཞུང་།  
ཤོག་ངོས་དང་པོ། :> བརྡ་སྦྱོར།བརྡ་ཁྱབ།
༄༅།།བརྡ་སྦྱོར།
འབྱུང་ཁུངས།: 2013/5/27 9:15:17
 

༄༅།།བརྡ་སྦྱོར།

འཁོར་སྐར་བརྙན་འཕྲིན་ས་ངོས་བསྡུ་ལེན་སྒྲིག་ཆས་བཀོལ་སྤྱོད་བྱེད་མཁན་རྣམ་པ།

མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིཁྲིམས་འགལ་སྒོས་འཁོར་སྐར་བརྙན་འཕྲིན་ས་ངོས་བསྡུ་ལེན་སྒྲིག་ཆས་བཀོལ་སྤྱོད་བྱེད་པ་དག་ཐེར་གཙང་སེལ་བྱེད་པའི་སྐོར་གྱི་བརྡ་སྦྱོརདངཁྲིམས་འགལ་སྒོས་འཁོར་སྐར་བརྙན་འཕྲིན་ས་ངོས་བསྡུ་ལེན་སྒྲིག་ཆས་སྒྲིག་འཛུགས་དག་ཐེར་གཙང་སེལ་དང་རྒྱང་སྒྲོག་བརྙན་འཕྲིན་ཕན་ལྡན་ངང་ཁེབས་པར་བྱེད་རྒྱུའི་བརྡ་སྦྱོརགྱི་ཡིག་ཆའི་དགོངས་དོན་ལྟར།སྐུད་ཡོད་བརྙན་འཕྲིན་དྲ་རྒྱ་ཁེབས་ཡོད་པའི་ཁྱབ་ཁོངས་སུ།འཁོར་སྐར་བརྙན་འཕྲིན་བསྡུ་ལེན་སྒྲིག་ཆས་བཀོལ་སྤྱོད་བྱེད་བཞིན་པའི་ཁྱིམ་ཚང་ཡོངས་ཀྱིས་རང་འགུལ་སྒོས་ས་ངོས་བསྡུ་ལེན་སྒྲིག་ཆསསྡེ་བ་རེ་རེ་དང་ཁྱིམ་ཚང་རེ་རེར་བརྒྱུད་པའི་སྒྲིག་ཆས་འདུསརྒྱང་སྒྲོག་བརྙན་འཕྲིན་ཅུས་ཀྱི་ཐོག་བརྩེགས་དང་པོའི་དྲ་རྒྱ་ཀུང་སིའི་གཞུང་ལས་ཁང་ངམ་གཙང་སེལ་བརྗེ་སྤོར་ཞབས་ཞུ་ས་གནས་སུ་ཁྱེར་ཡོང་ནས་ཐོ་འགོད་བྱེད་རྒྱུ་དང་།དྲ་རྒྱ་ཀུང་སིས་ཐོ་འགོད་བྱས་པའི་ཟིན་ཐོ་ལྟར་ཁྱིམ་ཚང་རེ་རེར་སོང་ནས་ལྷུ་སྒྲིག་བྱེད་རྒྱུ། 

བརྗེ་སྤོར་བྱེད་ཐབས།

1རང་འགུལ་གྱིས་གཞུང་ལས་ཁང་དང་ཞབས་ཞུ་ས་གནས་སུ་སྤྲད་ན་ཐོག་མར་ལྷུ་སྒྲིག་བྱས་པའི་གྲོན་དངུལ་མི་དགོས་ཤིང་།བཀོལ་སྤྱོད་ཁྱིམ་ཚང་གིས་ལོ་ཧྲིལ་བོའི་བརྙན་འཕྲིན་བསྡུ་ལེན་གྲོན་དངུལ་སྒོར 168སྤྲད་རྗེས་བརྙན་འཕྲིན་ལེ་ཚན་ལ་བལྟས་ཆོག

2བཀོལ་སྤྱོད་ཁྱིམ་ཚང་གིས་ཐོབ་དཔང་བསྐྱར་དཔར་བྱས་ནས་སྤྲོད་དགོས། 

མཆན།གལ་ཏེ་བཀོལ་སྤྱོད་ཁྱིམ་ཚང་གིས་རང་འགུལ་གྱིས་ས་ངོས་བསྡུ་ལེན་སྒྲིག་ཆས་ཡར་མ་སྤྲད་ཚེ།རྒྱང་སྒྲོག་བརྙན་འཕྲིན་ཅུས་ཀྱིས་སྤྱི་བདེ་དང་བཟོ་ཚོང་སོགས་ཁྲིམས་འཛིན་སྡེ་ཁག་ལ་མཉམ་འབྲེལ་བྱས་ནས་བཙན་གྱི་སྒྲིག་ཆས་གཏོར་རྒྱུ།བཙན་གྱིས་གཏོར་བའི་ཁྱིམ་ཚང་གིས་གྲོན་དངུལ་ཡོད་ཚད་རང་གིས་སྟེར་དགོས་པས།འཁོར་སྐར་བརྙན་འཕྲིན་ས་ངོས་བསྡུ་ལེན་སྒྲིག་ཆས་བཀོལ་སྤྱོད་བྱེད་མཁན་རྣམས་ཀྱིས་མྱུར་དུ་གཏན་འཁེལ་བྱས་པའི་ས་གནས་སུ་སོང་ནས་སྐུད་ཡོད་བརྙན་འཕྲིན་བརྗེ་སྤོར་བྱེད་དགོས། 

འབྲེལ་གཏུག་ཁ་པར།  8323004

 

མཚོ་སྔོན་ཞིང་ཆེན་རྒྱང་སྒྲོག་བརྙན་འཕྲིན་བརྡ་འཕྲིན་དྲ་རྒྱ་ཞབས་ཞུ་ཚད་ཡོད་ཀུང་སིའི་པདྨ་ཡན་ལག་ཀུང་སི།

2013ལོའི་ཟླ5བའི་ཚེས 21ཉིན།

 ཡིག་སྒྱུར་བ། ཆོས་ལོ།

 
 
· ལིག་ཀྲིན་དབུས། 2018/5/11
· རྒྱལ་འབུམ་འཁྲུངས། 2018/5/11
· ལྷ་ཆེན་ཚེ་རིང་། 2018/5/11
· ཀརྨ་སྐྱིད། 2018/5/11
· ལུའོ་ཧུང་ལིན། 2018/5/11
· ལི་ཧྥུའུ་ཉེན། 2018/5/11
· པདྨ་རྫོང་གིས2019ལོའི་དབུལ་ཐར་འ 2019/11/11

2008-2012 པདྨ་རྫོང་མི་དམངས་སྲིད་གཞུང་། All Rights Reserved
09758322651 མགོ་ལོག པདྨ  ཆ་འཕྲིན་རབ་གསལ། :814100
པདྨ་རྫོང་མི་དམངས་སྲིད་གཞུང་།