ཚོགས་ཆེན་གཉིས་ཀྱི་ཆེད་དོན་ལེ་ཚན། པདྨ་རྫོང་མི་དམངས་སྲིད་གཞུང་།  
ཤོག་ངོས་དང་པོ། :> བརྡ་སྦྱོར།བརྡ་ཁྱབ།
༄༅།།བརྡ་སྦྱོར།
འབྱུང་ཁུངས།: 2013/5/27 9:13:58
 

༄༅།།བརྡ་སྦྱོར།

རྫོང་ཡོངས་ཀྱི་སྡོད་དམངས་ལགས།

    ཁྱེད་ཉིད་ལ་བདེ་ཐང་གི་བྱིས་པ་ཞིག་སྐྱེ་བའི་ཆེད་དུ།དེ་རིང་ནས་བཟུང་སྟེ་རྫོང་འཆར་སྐྱེ་ཞབས་ཞུ་ས་ཚིགས་ཀྱིས་རྫོང་ཡོངས་ཀྱི་འཆར་ལྡན་སྦྲུམ་མར་རིན་མི་དགོས་པར་བློ་འདྲི་དང་མངལ་སྦྲུམ་སྔོན་གྱི་བཟང་སྐྱེ་བདེ་ཐང་ཞིབ་བཤེར་བྱེད་རྒྱུ་ཡིན་པས།ད་ལྟ་འབྲེལ་ཡོད་ནང་དོན་བརྡ་སྦྱོར་བྱས་པ་གཤམ་ལྟར།

   གཅིགདམིགས་ཡུལ།འཆར་ལྡན་སྦྲུམ་མར་མངལ་མ་སྦྲུམ་སྔོན་ལ་བཟང་སྐྱེ་ཕྱོགས་སྟོན་ཞབས་ཞུ་བྱས་ཏེ།མངལ་མ་སྦྲུམ་སྔོན་དུ་སྔོན་འགོག་བྱ་ཐབས་ལག་བསྟར་བྱེད་པ་དང་།འཚར་སྐྱེ་སྐྱོན་ཆ་སྔོན་འགོག་སྐུལ་སྤེལ་བྱས་ནས།ཐོག་མ་ནས་འཚར་སྐྱེ་སྐྱོན་ཆ་འབྱུང་ཚད་ཇེ་དམའ་རུ་གཏོང་བ་དང་།ཁྱེད་ཉིད་ལ་མངལ་སྐྱེ་བདེ་ཐང་ཡིན་ཞིང་བློ་རིག་རྒོད་པའི་བྱིས་པ་ཞིག་སྐྱེ་རུ་འཇུག་རྒྱུ།

   གཉིས།ཞིབ་བཤེར་བྱེད་ས།འཆར་སྐྱེ་སྲིད་ཇུས་དང་འཆར་ལྡན་མངལ་སྦྲུམ་ལ་མཐུན་པའི་གྲོང་ཁྱེར་དང་ཞིང་འབྲོག་ཁྱིམ་ཐོ་ཡོད་པའི་སྦྲུམ་མ།རང་རེའི་རྫོང་དུ་ལོ་ཕྱེད་ཡན་ལ་འདུག་སྡོད་བྱས་པའི་ཕྱི་ཡོང་མི་སྣ་ཁོངས་སུ་གཏོགས

   གསུམ།ཞིབ་བཤེར་དུས་ཚོད།གཟའ་འཁོར་རེའི་ལས་སྒྲུབ་ཀྱི་ཉིན།

   བཞི།ཞིབ་བཤེར་ས་གནས།པདྨ་རྫོང་འཆར་ལྡན་བུ་སྐྱེ་ལག་རྩལ་ཞབས་ཞུ་ས་    ཚིགས།རྫོང་རིམས་འགོག་སྡོད་ཁྱིམ་ར་བའི་ནང

ལྔ།ཞིབ་བཤེར་མཉམ་འཇོག་བྱེད་དགོས་པ། 1སྔ་མོར་ཟས་ཟ་མི་རུང་། 

2བཟའ་ཟླ་གཉིས་ཀར་ཞིབ་བཤེར་བྱེད་དགོས། 3ཁྱིམ་ཐོ་ཁྱེར་ཡོང་དགོས།

འབྲེལ་གཏུག་ཁ་པར།  09758322747

པདྨ་རྫོང་འཕྲོད་བསྟེན་དང་མི་གྲངས་འཆར་ལྡན་བུ་སྐྱེ་ཅུས།

2013ལོའི་ཟླ4བའི་ཚེས 20ཉིན།

 
 
· ལིག་ཀྲིན་དབུས། 2018/5/11
· རྒྱལ་འབུམ་འཁྲུངས། 2018/5/11
· ལྷ་ཆེན་ཚེ་རིང་། 2018/5/11
· ཀརྨ་སྐྱིད། 2018/5/11
· ལུའོ་ཧུང་ལིན། 2018/5/11
· ལི་ཧྥུའུ་ཉེན། 2018/5/11
· པདྨ་རྫོང་གིས2019ལོའི་དབུལ་ཐར་འ 2019/11/11

2008-2012 པདྨ་རྫོང་མི་དམངས་སྲིད་གཞུང་། All Rights Reserved
09758322651 མགོ་ལོག པདྨ  ཆ་འཕྲིན་རབ་གསལ། :814100
པདྨ་རྫོང་མི་དམངས་སྲིད་གཞུང་།