ཚོགས་ཆེན་གཉིས་ཀྱི་ཆེད་དོན་ལེ་ཚན། པདྨ་རྫོང་མི་དམངས་སྲིད་གཞུང་།  
ཤོག་ངོས་དང་པོ། :--> ཚོང་འགུག་དངུལ་འདྲེན།
༄༅།།ཧྲང་ཧེ་གྲོང་ཁྱེར་ཆིན་ཕུའུ་ཁུལ་གྱིས་པདྨ་རྫོང་ལ་འཕྲུལ་རྟ་ལེགས་སྐྱེས་སུ་འབུལ་བའི་མཛད་སྒོ་སྤེལ་བ།
འབྱུང་ཁུངས།:རྫོང་བོད་ཡིག་དྲ་ཚིགས། 2012/10/23 14:45:34
 

༄༅།།ཧྲང་ཧེ་གྲོང་ཁྱེར་ཆིན་ཕུའུ་ཁུལ་གྱིས་པདྨ་རྫོང་ལ་འཕྲུལ་རྟ་ལེགས་སྐྱེས་སུ་འབུལ་བའི་མཛད་སྒོ་སྤེལ་བ།


 

     ཟླ10བའི་ཚེས 22ཉིན་གྱི་ཕྱི་དྲོ།   ཧྲང་ཧེ་གྲོང་ཁྱེར་ཆིན་ཕུའུ་ཁུལ་གྱིས་པདྨ་རྫོང་ལ་འཕྲུལ་རྟ་ལེགས་སྐྱེས་སུ་འབུལ་བའི་མཛད་སྒོ་སྤེལ་བ་དང་།   རྫོང་ཨུའི་ཧྲུའུ་ཅི་ལིའུ་པོ་དང་ཧྲུའུ་ཅི་གཞོན་པ།   རྫོང་མི་དམངས་སྲིད་གཞུང་གི་རྫོང་དཔོན་ཤ་བོ་སྐྱབས།   རྫོང་དམངས་ཆེན་ཀྲུའུ་རིན་ནམ་མཁའ་སོགས་སྡེ་ཁག་ཆེན་པོ་བཞིའི་འགོ་ཁྲིད།   འབྲེལ་ཡོད་ལས་ཁུངས་ཀྱི་འགོ་ཁྲིད་བཅསམི་སྣ་100ལྷག་མཛད་སྒོར་ཞུགས།   རྫོང་སྲིད་གཞུང་གི་རྫོང་དཔོན་གཞོན་པ་ལྷ་ཆེན་ཚེ་རིང་གིས་འགོ་འཛིན་བྱས།

     མཛད་སྒོའི་སྟེང་དུ་རྫོང་ཨུའི་ཧྲུའུ་ཅི་གཞོན་པ།   རྫོང་དཔོན་ཤ་བོ་སྐྱབས་ཀྱིས་གཏམ་བཤད་གནང་།   ཁོང་གིས་གསུང་དོན།   ད་ལོར་ཧྲང་ཧེ་གྲོང་ཁྱེར་ཆིན་ཕུའུ་ཁུལ་གྱིས་རང་རེ་རྫོང་ལ་རོགས་སྐྱོར་གྱི་རྣམ་གྲངས་མང་པོས་རྒྱབ་སྐྱོར་ཆེན་པོ་བྱས་པས།   པདྨ་མི་དམངས་ཀྱིས་བཀའ་དྲིན་ཆེ་ཞུ་བ་ཡིན།   འདི་གཙོ་བོ་རྫོང་དཔོན་གཞོན་པ་ཐན་བེ་ཡིས་འབད་བརྩོན་བྱས་པའི་གྲུབ་འབྲས་ཡིན་པ་ང་ཚོས་གསལ་བོར་ཤེས་དགོས་ལ།   ཐེངས་འདིར་འཕྲུལ་རྟ་50ལེགས་སྐྱེས་སུ་ཕུལ་བ་དེས་པདྨ་རྫོང་གི་ཕྱོགས་ཡོངས་ཀྱི་བྱ་བ་འཕེལ་རྒྱས་འགྲོ་བར་འགྲིམ་འགྲུལ་ནུས་པ་གལ་ཆེན་འདོན་ཐུབ་པ་སྨོས་མ་དགོས་པ་ཞིག་རེད།   ཅེས་གསུང་བ་དང་།   རྫོང་དཔོན་གཞོན་པ་ཀྲང་ཨན་སེ་ཡིས་རྫོང་མི་དམངས་སྲིད་གཞུང་གི་ཚབ་བྱས་ཏེ།   འཕྲུལ་རྟ་འབུལ་བའི་ལས་ཁུངས་ལ་དོ་དམ་འགན་འཁྲིའི་ཡི་གེ་ཐོ་འགོད་བྱས། 

     དེ་རྗེས།   རྫོང་ཨུའི་ཧྲུའུ་ཅི་ལིའུ་པོ་ཡིས་རྫོང་དམངས་དམག་ཉེན་འགོག་རུ་ཁག་ལ་དར་ཆ་སྤྲད་རྗེས།   ཉེན་རྟོག་རླངས་འཁོར་གྱིས་ཉེན་བརྡ་རྒྱག་བཞིན་འཕྲུལ་རྟ་50སྤྲད་ཡོད་སའི་མི་སྣ་སོ་སོས་འཕྲུལ་རྟ་ཞོན་ནས་རྫོང་མཁར་ལ་སྐོར་ཞིབ་བྱས། 

 གསར་འགོད་པ།  ཆོས་ལོ།

 
· ༄༅།། པདྨ་རྫོང་གི་བོད་ཇ་དང་རྫ་ན 2018/6/3
· ༄༅།། མཚོ་སྔོན་གྱིས་ཞིང་ཆེན་ཡོང 2018/7/19 17:51:07
· ༄༅།།སྐབས་དང་པོའི་ཀྲུང་གོའི་སྨན 2018/7/19
· ༄༅།། ཞི་ཅིན་ཕིང་གིས་ཨ་རབ་མཉམ་འ 2018/7/19 17:35:05
· ༄༅།།ཞིང་ཆེན་རིག་ལྷན་གྱིས་པདྨ་ན 2018/7/19
· ༄༅།། མཚོ་སྔོན་ཞིང་ཆེན་སྒྲིག་ཁྲ 2018/7/19 17:22:02
· ༄༅།།པདྨ་རྫོང་གིས་ལས་བྱེད་པའི་ས 2018/7/19

2008-2012 པདྨ་རྫོང་མི་དམངས་སྲིད་གཞུང་། All Rights Reserved
09758322651 མགོ་ལོག པདྨ  ཆ་འཕྲིན་རབ་གསལ། :814100
པདྨ་རྫོང་མི་དམངས་སྲིད་གཞུང་།