ཚོགས་ཆེན་གཉིས་ཀྱི་ཆེད་དོན་ལེ་ཚན། པདྨ་རྫོང་མི་དམངས་སྲིད་གཞུང་།  
ཤོག་ངོས་དང་པོ། :> བརྡ་སྦྱོར།བརྡ་ཁྱབ།
༄༅།།པདྨ་རྫོང་གི་སྲང་ལམ་དང་སྲིད་གཞུང་གཞུང་ལས་ས་ཁུལ་གྱི་ཕྱུགས་ཟོག་དོ་དམ་སྐོར་གྱི་ཆོད་དོན།
འབྱུང་ཁུངས།:པདྨ་རྫོང་ནགས་ལས་ཅུས། 2012/10/23 14:41:43
 

༄༅།།པདྨ་རྫོང་གི་སྲང་ལམ་དང་སྲིད་གཞུང་གཞུང་ལས་ས་ཁུལ་གྱི་ཕྱུགས་ཟོག་དོ་དམ་སྐོར་གྱི་ཆོད་དོན།

    རང་རེ་རྫོང་གི་གྲོང་རྡལ་འཛུགས་བསྐྲུན་སྟོབས་ཤུགས་མུ་མཐུད་ཇེ་ཆེར་སོང་བ་དང་བསྟུན་ནས།   གྲོང་རྡལ་གྱི་རྨང་གཞིའི་སྒྲིག་གཞི་འཛུགས་བསྐྲུན་བྱ་བ་ཐོག་མའི་རྣམ་པ་གྲུབ་ཡོད་མོད།   འོན་ཀྱང་གྲོང་རྡལ་མཐའ་སྐོར་གྱི་འབྲོག་ཁྱིམ་གྱི་ཕྱུགས་ཟོག་གསོ་སྐྱོང་འགན་ཁུར་འདུ་ཤེས་མི་ཟབ་པས།   གང་འདོད་ཀྱིས་ཕྱུགས་ཟོག་རྫོང་མཁར་གྱི་སྲང་ལམ་དང་།   རྫོང་ཨུ་དང་སྲིད་གཞུང་གཞུང་ལས་ས་ཁུལ།   སྡོད་ཁྱིམ་གཞིས་ཁུལ་དུ་འགྲོ་རུ་བཅུག་པས།   རྒྱ་ཆེ་བའི་ལས་བྱེད་དང་མང་ཚོགས་ཀྱི་འཚོ་བའི་ཐད་ཤུགས་རྐྱེན་ཆེན་པོ་ཐེབས་པ་རེད།   ཕྱུགས་འཚོ་སྐྱོང་དོ་དམ་ལ་ཤུགས་སྣོན་དང་།   ཕྱུགས་ཟོག་གང་སར་གསོ་བ།   རང་འགུལ་གྱིས་འགྲོ་བ།   ལྕི་བ་གང་སར་གཏོང་བ།   འགྲིམ་འགྲུལ་ལ་ཤུགས་རྐྱེན་བཟོ་བ་སོགས་ཀྱི་རྣམ་པ་བཅོས་སྒྱུར་དང་།   རྫོང་མཁར་བཙོག་པ་དང་རྙོག་འཛིང་།   གཙང་སྦྲ་ཞན་པའི་ངོ་བོ་བཅོས་སྒྱུར་བྱས་ཏེ།   གྲོང་རྡལ་སྡོད་དམངས་ཀྱི་ཐོན་སྐྱེད་འཚོ་བའི་ཁོར་ཡུག་ལེགས་བཅོས་བྱེད་པའི་ཆེད་དུ། གྲོང་ཁྱེར་རྣམ་པ་དང་ཁོར་ཡུག་གཙང་སྦྲ་དོ་དམ་སྲོལ་ཡིགལྟར།   རང་རེའི་རྫོང་གི་དངོས་ཡོད་ལ་ཟུང་འབྲེལ་བྱས་ནས་སྲོལ་ཡིག་འདི་གཏན་ལ་ཕབ་པ་ཡིན།

གཅིག   ཕྱུགས་ཟོག་སུ་ལ་ཡོད་ན་སུས་འགན་ཁུར་བྱེད་པའི་རྩ་དོན་རྒྱུན་འཁྱོངས་བྱེད་པ་དང་།   སྒྲིག་ལམ་ཡོད་པའི་སྒོ་ནས་དོ་དམ་བྱེད་པ།   ས་གནས་ལྟར་བཀག་འགོག་བྱེད་རྒྱུ།   འབྲོག་ཁྱིམ་གྱིས་རང་གི་ཕྱུགས་ཟོག་ལ་དོ་དམ་ལེགས་པོ་བྱས་ཏེ།   ཕྱུགས་ཟོག་རྫོང་མཁར་གྱི་སྲང་ལམ་དང་རྫོང་ཨུ།   སྲིད་གཞུང་གཞུང་ལས་ས་ཁུལ།   སྡོད་ཁྱིམ་གཞིས་ཁུལ་བཅས་ལ་འགྲོ་རུ་བཅུག་མི་ཆོག

གཉིས།   ལྟ་སྐུལ་དོ་དམ་བྱ་བར་ཤུགས་སྣོན་བྱེད་པ།   སེ་ལེ་ཐང་གྲོང་རྡལ་མི་དམངས་སྲིད་གཞུང་དང་ནགས་ལས་ཅུས།   འདབ་བརྒྱད་ཧྲེ་ཁུལ་བཅས་ཀྱིས་རྫོང་མཁར་གྱི་ཕྱུགས་ཟོག་འཚོ་སྐྱོང་དང་།   གཟན་གསོ་དོ་དམ་གྱི་ལྟ་སྐུལ་ཞིབ་བཤེར་བྱ་བར་འགན་འཁུར་བྱས་ཏེ།   རྫོང་མཁར་ནས་གང་འདོད་ཀྱིས་ཕྱུགས་འཚོ་བའི་འབྲོག་ཁྱིམ་ལ་ཁ་ཏ་སློབ་གསོ་བྱེད་པ་དང་།   ཧྲེ་ཁུལ་གྱི་ཁོར་ཡུག་གཙང་སྦྲ་འགན་ལེན་བྱེད་པའི་ལས་བཟོ་བའི་བྱ་བའི་བརྩོན་སེམས་ལ་སྐུལ་སློང་བྱས་ནས།   ཕྱུགས་ཟོག་མཐོང་ཚེ་མྱུར་དུ་འབྲོག་ཁྱིམ་ལ་བརྡ་རྒྱབ་ནས་འདེད་དུ་འཇུག་དགོས།

གསུམ།   སེ་ལེ་ཐང་གྲོང་རྡལ་མི་དམངས་སྲིད་གཞུང་དང་ནགས་ལས་ཅུས།   འདབ་བརྒྱད་ཧྲེ་ཁུལ་བཅས་ཀྱིས་མཉམ་དུ་འབྲེལ་ཡོད་བཅའ་ཁྲིམས་དང་།   སྲིད་ཇུས་བཅས་དྲིལ་བསྒྲགས་བྱེད་པའི་བྱ་བ་སྒྲུབ་ནས།   མངའ་ཁོངས་མང་ཚོགས་ཀྱིས་བཅའ་ཁྲིམས་ཁྲིམས་སྲོལ་ཤེས་ཚད་ཁག་ཐེག་བྱེད་པ་དང་།   དུས་ཐོག་ཏུ་སློབ་གསོས་སྣེ་ཁྲིད་བྱས་ནས་འབྲོག་ཁྱིམ་གྱིས་ཡང་དག་སྒོས་ཕྱུགས་འཚོ་སྐྱོང་བྱེད་དུ་འཇུག་དགོས།ཁ་ཏ་སློབ་གསོར་མི་ཉན་པར་གང་འདོད་ཀྱིས་ཕྱུགས་ཟོག་རྫོང་མཁར་གྱི་གཞུང་ལམ་གཙོ་བོ་དང་གཞིས་ཁུལ་དུ་འཚོ་བའི་འབྲོག་ཁྱིམ་ལ་ཐ་ཚིག་སྒྲོགས་པའམ་ཆད་གཅོད་བྱེད་དགོས།ཁ་ཏ་ཐེངས་མང་བྱས་ཀྱང་མི་ཉན་པའི་འབྲོག་ཁྱིམ་ཡོད་ན།   སེ་ལེ་ཐང་གྲོང་རྡལ་སྲིད་གཞུང་དང་ནགས་ལས་ཅུས་གཉིས་ཀས་ཞིབ་བཤེར་གསལ་བོ་བྱས་རྗེས་རྫོང་སྲིད་གཞུང་ལ་ཡར་ཞུ་བྱེད་པ་དང་།   རྫོང་སྲིད་གཞུང་གིས་ལོངས་སྤྱོད་བྱེད་བཞིན་པའི་སྲིད་ཇུས་དང་རོགས་སྐྱོར་ལྟ་སྐྱོང་རེ་བ་མེད་པར་བཟོ་རྒྱུ།

བཞི།   ཆོད་དོན་འདི་ཁྱབ་བསྒྲགས་བྱས་ཉིན་ནས་ལག་ལྟར་བྱེད་རྒྱུ།

        པདྨ་རྫོང་སེ་ལེ་ཐང་གྲོང་རྡལ་སྲིད་གཞུང་།     པདྨ་རྫོང་ནགས་ལས་ཅུས།    པདྨ་རྫོང་འདབ་བརྒྱད་ཧྲེ་ཁུལ།

2012ལོའི་ཟླ 10བའི་ཚེས 23ཉིན།

 ཡིག་སྒྱུར་བ། ཆོས་ལོ།

 
 
· ལིག་ཀྲིན་དབུས། 2018/5/11
· རྒྱལ་འབུམ་འཁྲུངས། 2018/5/11
· ལྷ་ཆེན་ཚེ་རིང་། 2018/5/11
· ཀརྨ་སྐྱིད། 2018/5/11
· ལུའོ་ཧུང་ལིན། 2018/5/11
· ལི་ཧྥུའུ་ཉེན། 2018/5/11
· 000 2019/11/28 14:58:49

2008-2012 པདྨ་རྫོང་མི་དམངས་སྲིད་གཞུང་། All Rights Reserved
09758322651 མགོ་ལོག པདྨ  ཆ་འཕྲིན་རབ་གསལ། :814100
པདྨ་རྫོང་མི་དམངས་སྲིད་གཞུང་།