ཚོགས་ཆེན་གཉིས་ཀྱི་ཆེད་དོན་ལེ་ཚན། པདྨ་རྫོང་མི་དམངས་སྲིད་གཞུང་།  
ཤོག་ངོས་དང་པོ། :> བརྡ་སྦྱོར།བརྡ་ཁྱབ།
བརྡ་སྦྱོར།
འབྱུང་ཁུངས།:རྫོང་མི་རིགས་སྐད་ཡིག་གཞུང་ལས་ཁང་། 2012/10/17 10:29:55
 

བརྡ་སྦྱོར།

པདྨ་རྫོང་ཁོངས་སུ་གཏོགས་པའི་དགོན་སྡེ་ཁག་ལ།

པདྨ་རྫོང་ཨུ་དང་རྫོང་སྲིད་གཞུང་གི་མགོ་ཁྲིད་ཀྱིས་རྒྱབ་སྐྱོར་ཆེན་པོའི་འོག་ཏུ།  རང་རེའི་རྫོང་གིས་རྒྱལ་ཡོངས་ཀྱི་རྫོང་རིམ་པའི་བོད་ཡིག་དྲ་ཚིགས་ཐོག་མ་འཛུགས་ཐུབ་པ་བྱུང་ལ།  མིག་སྔར་རྫོང་ཡོངས་གཅིག་གྱུར་གྱི་གློག་རྡུལ་སྲིད་དོན་གཞུང་སྒྲུབ་བཀོལ་སྤྱོད་མ་ལག་གི་སྟེགས་བུ་གྲུབ་ཡོད་པ་དང་།  སྟེགས་བུ་འདི་ལ་ཡིག་ཆ་བརྒྱུད་སྒྲོགས་དང་ཆ་འཕྲིན་བསྡུ་ལེན་སོགས་ཀྱི་ནུས་པ་ཡོད་པས།  སྡེ་ཁག་སོ་སོའི་གཞུང་སྒྲུབ་དང་།  སྡེ་ཁག་ཕན་ཚུན་བར་གྱི་ལས་དོན་བརྒྱུད་སྒྲོག་དང་མཐུན་སྦྱོར་གཞུང་སྒྲུབ་ཀྱི་རེ་བ་སྐོང་ཐུབ་པ་མ་ཟད།  རོང་འབྲོག་མང་ཚོགས་ལ་དུས་ཐོག་དང་སྟབས་བདེའི་ངང་སྲིད་དོན་ཆ་འཕྲིན་རྒྱུས་ལོན་ཐུབ་པའི་ཞབས་ཞུའི་སྟེགས་བུ་ཞིག་བསྐྲུན་པ་དང་།རང་ས་གནས་ཀྱི་རིག་གནས་དྲིལ་སྒྲོགས་དང་དཔལ་འབྱོར་འཕེལ་རྒྱས་ལ་ནུས་པ་གལ་ཆེན་འདོན་གྱི་ཡོད་པ་རེད།  ཡིན་ཡང་དྲ་ཚིགས་འདི་བཙུགས་ནས་དུས་ཡུན་རིང་བོ་མ་འགོར་བ་དང་ངེད་ཅག་ལ་ཉམས་མྱོང་ཞན་པ།  རྒྱུ་ཆ་འཚོལ་བསྡུ་ལ་དཀའ་ཁག་ཡོད་པའི་རྐྱེན་གྱིས།  ད་དུང་མི་འདང་ས་གང་མང་ཞིག་མཆིས་ལ།  སྐྱོན་ཆ་འབྱུང་སྲིད་པས།  རྒྱ་ཆེ་བའི་བླ་སྤྲུལ་རྣམས་ཀྱིས་གཟིགས་ཞིབ་དག་བཅོས་བྱེད་པ་དང་མཉམ་དུ།  རང་སོ་སོའི་དགོན་པའི་ལོ་རྒྱུས་དང་ཆོས་ལུགས་ཀྱི་ཆོ་གརྩོམ་རིགས་དང་འདྲ་པར་སྣ་ཚོགས་ལས་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་མཚོན་པའི་ཁྲིམས་མཐུན་རྒྱུ་ཆ་སྣ་ཚོགས་རྩིས་འཁོར་སྟེང་ཡིག་བརྟག་བྱས་ནས་ངེད་ལས་ཁུངས་ལ་བསྐུར་བར་དགའ་བསུ་ཞུ། 

པདྨ་རྫོང་མི་རིགས་སྐད་ཡིག་གཞུང་ལས་ཁང་།   པདྨ་རྫོང་མི་རིགས་ཆོས་ལུགས་ཅུས།

འབྲེལ་གཏུག་ཁ་པར།  8322094                        8323089 

                                               2012ལོའི་ཟླ 10བའི་ཚེས 10ཉིན།

 ཡིག་སྒྱུར་བ། ཆོས་ལོ།

 
 
· ལིག་ཀྲིན་དབུས། 2018/5/11
· རྒྱལ་འབུམ་འཁྲུངས། 2018/5/11
· ལྷ་ཆེན་ཚེ་རིང་། 2018/5/11
· ཀརྨ་སྐྱིད། 2018/5/11
· ལུའོ་ཧུང་ལིན། 2018/5/11
· ལི་ཧྥུའུ་ཉེན། 2018/5/11
· 000 2019/11/28 14:58:49

2008-2012 པདྨ་རྫོང་མི་དམངས་སྲིད་གཞུང་། All Rights Reserved
09758322651 མགོ་ལོག པདྨ  ཆ་འཕྲིན་རབ་གསལ། :814100
པདྨ་རྫོང་མི་དམངས་སྲིད་གཞུང་།