༄༅།།པདྨ་རྫོང་གི་སློབ་གསོའི་གནས་ཚུལ་མདོར་བསྡུས།
རྫོང་སློབ་གསོ་ཅུས་ཀྱི་གཞུང་སྒྲུབ་ཐོག་ཁང་།
པདྨ་རྫོང་དུ་1957ལོར་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་སློབ་གྲྭ་ཐོག་མ་བཙུགས་པ་ཡིན་ལ། དུས་རབས་སྔོན་མའི་ལོ་རབས་60བའི་མགོར་ད་གཟོད་ཞང་སོ་སོར་སྔ་རྗེས་སུ་སློབ་ཆུང་བཙུགས་པ་ཡིན། དུས་རབས 20ཡི་དུས་མཇུག་ལ་སླེབས་སྐབས། རྫོང་མཁར་དཀྱིལ་སྙིང་དང་ཞང་སློབ་ཆུང་གཙོ་གནད་དུ་བཟུང་བ། སྡེ་བའི་འགྲོ་སྦྱོང་སློབ་ཆུང་ཁ་གསབ་བྱས་པའི་ཞིང་སྡེའི་སློབ་གསོ་མ་ལག་གྲུབ་པ་དང་། པདྨའི་མི་རིགས་སློབ་གསོའི་ལས་དོན་རིམ་བཞིན་ཚད་ལྡན་དུ་གྱུར་ལ། ཁྱད་པར་དུ་ཕལ་ཆེར་གཉིས་མཁྲེགས་གཏོར་བྱ་བ་སྒྲུབ་པ་ནས་བཟུང་། པདྨའི་སློབ་གསོ་ལས་དོན་མགྱོགས་མྱུར་ངང་འཕེལ་རྒྱས་འགྲོ་བའི་དུས་སྐབས་ཤིག་མངོན་པ་དང་། དབུལ་གསུམ་དང་འོས་འགན་སློབ་གསོ། བཅའ་སྡོད་སློབ་གྲྭ་འཛུགས་བསྐྲུན་སོགས་ཀྱི་རྣམ་གྲངས་བརྒྱུད་ནས་རིམ་པ་སོ་སོའི་སློབ་གྲྭའི་སློབ་སྒྲུབ་ཆ་རྐྱེན་ཇེ་ལེགས་སུ་སོང་བ་མངོན་གསལ་ཡིན་ལ། སློབ་གྲྭའི་བཀོད་སྒྲིག་བྱེད་ཚུལ་རིམ་གྱིས་འོས་ཤིང་འཚམས་པར་གྱུར་བས། 2011ལོའི་ལོ་མཇུག་ཏུ་རྫོང་ཡོངས་ཀྱི་ཕལ་ཆེར་གཉིས་ཀྱི་དམིགས་འབེན་100%མངོན་འགྱུར་བྱུང་བ་རེད།
མིག་སྔར་རྫོང་ཡོངས་སུ་རིམ་པ་སོ་སོའི་སློབ་གྲྭ་བསྡོམས་པས་14ཡོད་ལ། དེའི་ཁྲོད་མི་རིགས་བཅའ་སྡོད་སློབ་ཆུང་1དང་མི་རིགས་བཅའ་སྡོད་སློབ་འབྲིང1། ཞང་བཅའ་སྡོད་སློབ་གྲྭ 10དང་སྤྱི་ཚོགས་སྟོབས་ཤུགས་ལ་བརྟེན་ནས་སྒྲུབ་པའི་སློབ་གྲྭ2ཡོད་པ་དང་། སློབ་གྲྭ་ན་ཡོད་པའི་སློབ་འབྲིང་དང་སློབ་ཆུང་སློབ་མ་བསྡོམས་པས་མི་4748ཡོད། དེའི་ཁྲོད་སློབ་ཆུང་སློབ་མ 3377དང་སློབ་འབྲིང་སློབ་མ 1371ཡོད།
རྫོང་ཡོངས་སུ་དགེ་རྒན་དང་ལས་བཟོ་བ་བསྡོམས་པས་མི 344ཡོད་ལ། དེའི་ཁྲོད་དུ་ཆེད་ལས་དགེ་རྒན 339ཡོད་པ་དང་། སློབ་ཆེན་ཆེད་ལས་ཀྱི་སློབ་གཉེར་བརྒྱུད་རིམ་ཡོད་པའི་མི 327དང་འབྲིང་རིམ་ཆེད་ལས་སམ་དེ་དང་རིགས་འདྲ་བའི་སློབ་གཉེར་བརྒྱུད་རིམ་ཡོད་པའི་མི 12ཡོད། སློབ་འབྲིང་དགེ་རྒན་110དང་སློབ་ཆུང་དགེ་རྒན 229ཡོད་ལ། དེ་དག་གི་སློབ་གཉེར་བརྒྱུད་རིམ་ཚད་ལྡན་བསྡུར་ཚད་ནི་སོ་སོར 98.1 8%དང་100%ཡིན།
རྫོང་ཡོངས་སུ་ལོ4ནས6ཅན་གྱི་སློབ་ལོ་རན་པའི་བྱིས་པ 1387ཡོད་པ་དང་། མི223སློབ་གྲྭར་ཞུགས་ཡོད་པས།སློབ་ཞུགས་ཚད་16.0 8%ཡིན།
རྫོང་ཡོངས་སུ་ལོ7ནས 12ཅན་གྱི་སློབ་ལོ་རན་པའི་བྱིས་པ 3025(མོ1447)ཡོད་པ་དང་། མི3025(མོ1447)སློབ་གྲྭར་ཞུགས་ཡོད་པས། སློབ་ཞུགས་ཚད་100%ཡིན།
རྫོང་ཡོངས་སུ་ལོ 13ནས 15ཅན་གྱི་སློབ་ལོ་རན་པའི་ན་གཞོན 1480ཡོད་པ་དང་། སློབ་འབྲིང་དུ་ཞུགས་པའི་སློབ་མ 1450ཡོད་པས། སློབ་ཞུགས་ཚད 97.9 7%ཡིན།
རྫོང་ཡོངས་སུ་ལོ 16ནས 18ཅན་གྱི་མི 1441ཡོད་པ་དང་། མཐོ་འབྲིང་དུ་ཞུགས་ཡོད་པའི་སློབ་མ 578ཡོད་པས། དོན་དངོས་སུ 40.1 1%ལེགས་འགྲུབ་བྱས།
རྫོང་ཡོངས་སུ་དབང་བོ་སྐྱོན་ཅན་གྱི་བྱིས་པ་དང་ན་གཞོན་མི 43ཡོད་པ་དང་། མི34སློབ་ཞུགས་བྱས་ཡོད་པས། སློབ་ཞུགས་ཚད་79.0 7%ཡིན།
རྫོང་ཡོངས་སུ་ལོ 15ནས 50ཅན་གྱི་མི 15595(མོ7508)ཡོད་པ་དང་། དེའི་ཁྲོད་དུ་ཡིག་རྨོངས་མ་ཡིན་པའི་མི 15280(མོ7287)ཡོད་པས། ཡིག་རྨོངས་མིན་པའི་བསྡུར་ཚད 97.9 8%(མོ་ཡིག་རྨོངས་མིན་པའི་བསྡུར་ཚད 97.0 6%)ཡིན། ལོ15ནས 24ཅན་གྱི་ན་གཞོན་དར་མ་མི 4767ཡོད་ལ། ཡིག་རྨོངས་མིན་པའི་བསྡུར་ཚད 100%ཡིན། 2009ལོ་ནས 2011བར་དུ་མི 1193རྨོངས་སེལ་བྱས་པའི་ཁྲོད་དུ་མི 1185སྲ་བརྟན་མཐོར་འདེགས་སུ་ཞུགས་པས། སྲ་བརྟན་མཐོར་འདེགས་གཏོང་ཚད 99.3 3%ཡིན།
རྫོང་ཡོངས་ཀྱི་རིམ་པ་སོ་སོའི་སློབ་གྲྭ་སྣ་ཚོགས་ཀྱི་ཁང་བ་སྤྱིའི་རྒྱ་ཁྱོན་རྨིད་གྲུ་བཞི་མ 40383ཡོད་ལ། དེའི་ཁྲོད་སློབ་ཆུང་གི་ཁང་བའི་རྒྱ་ཁྱོན་རྨིད་གྲུ་བཞི་མ 24524ཡོད་པ་དང་། སློབ་ཆུང་སློབ་མའི་ཆ་སྙོམས་ཀྱི་ཁང་བའི་རྒྱ་ཁྱོན་རྨིད་གྲུ་བཞི་མ8.3 2%ཡིན་ཞིང་། ཉེན་ཁ་ཅན་གྱི་ཁང་བའི་རྒྱ་ཁྱོན་རྨིད་གྲུ་བཞི་མ 368ཡོད་ལ། Dརིམ་པའི་ཉེན་ཁ་ཅན་གྱི་ཁང་བ་གཅིག་ཀྱང་མེད། ཉེན་ཁ་ཅན་གྱི་ཁང་བའི་རྒྱ་ཁྱོན་དེ་སློབ་གྲྭ་སྤྱིའི་ཁང་བའི་རྒྱ་ཁྱོན་གྱི་1.5 %ཡིན།དམའ་འབྲིང་གི་ཁང་བ་སྤྱིའི་རྒྱ་ཁྱོན་ལ་རྨིད་གྲུ་བཞི་མ 15859ཡོད་པ་དང་། དམའ་འབྲིང་སློབ་མའི་ཆ་སྙོམས་ཀྱི་ཁང་བའི་རྒྱ་ཁྱོན་རྨིད་གྲུ་བཞི་མ 13.9 9ཡིན་ཞིང་། དམའ་འབྲིང་གི་ཉེན་ཁ་ཅན་གྱི་ཁང་བའི་རྒྱ་ཁྱོན་རྨིད་གྲུ་བཞི་མ 158ཡོད་ལ། Dརིམ་པའི་ཉེན་ཁ་ཅན་གྱི་ཁང་བ་གཅིག་ཀྱང་མེད། ཉེན་ཁ་ཅན་གྱི་ཁང་བའི་རྒྱ་ཁྱོན་དེ་སློབ་གྲྭ་སྤྱིའི་ཁང་བའི་རྒྱ་ཁྱོན་གྱི་1%ཡིན། རྫོང་ཡོངས་ཀྱི་རིམ་པ་སོ་སོའི་སློབ་གྲྭར་མདུན་ཅོག་བཀོད་སྒྲིག་བྱས་ཚད 100%ཡིན་པ་དང་།སློབ་ཁྲིད་བཀོལ་ཆས་རིགས་མི་འདྲ་བའི་སློབ་གྲྭའི་ཚད་གཞི་ལྟར་བཀོད་སྒྲིག་བྱས་ཚད་100%ཡིན་ལ། སློབ་ཆུང་གི་དཔེ་དེབ་ཆ་སྙོམས་མི་རེར 22.8 ཡོད་པ་དང་། སློབ་འབྲིང་གི་དཔེ་དེབ་ཆ་སྙོམས་མི་རེར་19.6 5ཡོད།
2011ལོར་སློབ་གསོའི་འགྲོ་འོང་སྔོན་རྩིས་སྒོར་ཁྲི 4569བཀོད་སྒྲིག་བྱས་ཤིང་། ནོར་སྲིད་འགྲོ་འོང་སྤྱིའི 14.5 3%ལ་སླེབས་པ་དང་། འཕར་སྣོན་གསུམ་གྱི་རེ་བ་ལག་བསྟར་དང་ཕལ་ཆེར་གཉིས་ཀྱི་དམིགས་འབེན་ལེགས་འགྲུབ་བྱེད་ཆེད། 2010ལོར་རྫོང་ནོར་སྲིད་ཀྱིས་ལོ་རྒྱུས་སྟེང་ཆད་ལྷག་བྱུང་བའི་གྲོང་ཁྱེར་སློབ་གསོའི་ཁ་སྣོན་མ་དངུལ་སྒོར་ཁྲི5.1 06དང་ས་གནས་སློབ་གསོའི་ཁ་སྣོན་མ་དངུལ་སྒོར་ཁྲི4.9 74ཁ་གསབ་བྱས། བཅའ་སྡོད་སློབ་གྲྭའི་སློབ་མའི་འཚོ་བའི་ཁ་གསབ་རོགས་དངུལ་གྱི་ཚད་གཞི་ནི་སློབ་ཆུང་སློབ་མ་རེར་ལོ་རེར་སྒོར 1350དང་སློབ་འབྲིང་སློབ་མ་རེར་ལོ་རེར་སྒོར་1600ཡིན་ཞིང་། སློབ་འབྲིང་དང་སློབ་ཆུང་གི་སྤྱི་བཀོལ་འགྲོ་སོང་རེ་བ་ལྟར་སོ་སོར་སློབ་མ་རེར་ལོ་རེར་སྒོར 600དང་སྒོར 400བཀོད་སྒྲིག་བྱེད་པ་དང་། སློབ་མ་རེའི་ཆ་སྙོམས་དྲོད་ལེན་མ་དངུལ་སྒོར་160ཡིན་ལ། དགེ་རྒན་གྱི་ཆ་སྙོམས་འགྲོ་གྲོན་རྫོང་རིམ་པར་སྒོར 3000དང་ཞང་རིམ་པར་སྒོར 5000ཡིན། སློབ་གྲྭའི་སྤྱི་བཀོལ་འགྲོ་གྲོན་ལག་བསྟར་ཚད་གཞི་ནི། མི་རིགས་བཅའ་སྡོད་སློབ་ཆུང་ལ་སྒོར་ཁྲི2དང་མི་རིགས་བཅའ་སྡོད་སློབ་འབྲིང་ལ་སྒོར་ཁྲི5། ཞང་བཅའ་སྡོད་གྲྭར་སྒོར་ཁྲི5ཡིན། རྫོང་མི་རིགས་བཅའ་སྡོད་སློབ་འབྲིང་གི་སྤྱི་བཀོལ་དྲོད་ལེན་འགྲོ་གྲོན་སྒོར་ཁྲི5དང་ཞང་སློབ་ཆུང་རེར་སྤྱི་བཀོལ་དྲོད་ལེན་འགྲོ་གྲོན་སྒོར་ཁྲི2སྟེ། བསྡོམས་པས་སྒོར་ཁྲི 20ཡིན་ལ། གྲོང་ཁྱེར་སློབ་གསོའི་ཁ་སྣོན་སྒོར་ཁྲི3.7 26དང་ས་གནས་སློབ་གསོའི་ཁ་སྣོན་སྒོར་ཁྲི4.9 74ཁ་གསབ་བྱས་ཏེ། འགྲོ་གྲོན་སྣ་ཚོགས་བཀོད་སྒྲིག་གིས་འདང་བར་བྱས་ནས་སློབ་གསོ་བྱ་བ་གོ་རིམ་ལྡན་པའི་སྒོ་ནས་སྤེལ་བར་ཁག་ཐེག་བྱས་ཡོད།
|