ཚོགས་ཆེན་གཉིས་ཀྱི་ཆེད་དོན་ལེ་ཚན། པདྨ་རྫོང་མི་དམངས་སྲིད་གཞུང་།  
ཤོག་ངོས་དང་པོ། :> བརྡ་སྦྱོར།བརྡ་ཁྱབ།
༄༅།།རྫོང་མཁར་སྤྱིའི་ས་གནས་སུ་གང་འདོད་དུ་དར་ལྕོག་འགལ་བ་གཏན་འགོག་བྱེད་རྒྱུའི་བརྡ་སྦྱོར།
འབྱུང་ཁུངས།:པདྨ་རྫོང་མི་རིགས་ཆོས་ལུགས་ཅུས། 2012/9/13 15:55:45
 

༄༅།།རྫོང་མཁར་སྤྱིའི་ས་གནས་སུ་གང་འདོད་དུ་དར་ལྕོག་འགལ་བ་གཏན་འགོག་བྱེད་རྒྱུའི་བརྡ་སྦྱོར།

ལོ་མང་བོའི་རིང་ལ་རང་ས་ཁུལ་ཀྱི་བོད་བརྒྱུད་ནང་བསྟན་ཆོས་ལུགས་རིག་གནས་དར་ཁྱབ་ཤིན་ཏུ་ཆེ་ལ།  གྲོང་རྡལ་གྱི་སྡོད་དམངས་མང་ཆེ་བས་རང་ཁྱིམ་གྱི་ར་སྐོར་དང་ཁང་བའི་སྟེང་དུ་དར་ལྕོག་འགལ་བའི་གོམས་སྲོལ་ཆགས་ཡོད་པས།   རྫོང་མཁར་དུ་བོད་བརྒྱུད་ནང་བསྟན་དང་མི་རིགས་ཀྱི་རྣམ་པ་ཟབ་མོ་ཞིག་མངོན་ཡོད་མོད།  འོན་ཀྱང་སྡོད་དམངས་ཁ་ཤས་ཀྱིས་འབྲེལ་ཡོད་ལས་ཁུངས་ཀྱི་ཆོག་མཆན་མ་ཐོབ་པར་གང་འདོད་དུ་རྫོང་མཁར་གྱི་ན་གཞོན་སྡོང་ར་དང་གསེར་ཆུ་ལམ་སོགས་ས་གནས་སུ་དར་ལྕོག་མང་པོ་བཀལ་བས།  ས་ཁུལ་མང་བོའི་མཁར་གྲོང་གི་རྣམ་པ་དང་སྐྱེ་ཁམས་ཁོར་ཡུག་ལ་རྣམ་པ་མི་འདྲ་བའི་སྒོ་ནས་ཤུགས་རྐྱེན་བཟོས་པ་རེད།

གང་འདོད་ཀྱིས་དར་ལྕོག་འགལ་བའི་བྱ་སྤྱོད་ལ་འགོག་བཅོས་བྱེད་པ་དང་།  རྫོང་མཁར་སྡོད་དམངས་ཀྱི་ཁོར་ཡུག་ལེགས་བཅོས་བྱེད་པའི་ཆེད་དུ།  རྫོང་སྲིད་གཞུང་གི་སྐབས་ཐོག་ཚོགས་འདུའི་དགོངས་དོན་ལྟར།  རྗེས་ཕྱོགས་སུ་ན་གཞོན་སྡོང་ར་དང་གསེར་ཆུ་ལམ་སོགས་རྫོང་མཁར་སྤྱིའི་ས་གནས་སུ་གང་འདོད་དུ་དར་ལྕོག་འགལ་བ་གཏན་འགོག་བྱེད་རྒྱུ་ཡིན་པས།  རྒྱ་ཆེ་བའི་རྫོང་མཁར་སྡོད་དམངས་རྣམས་ཀྱིས་བསམ་བློའི་འདུ་ཤེས་མཐོར་འདེགས་བྱས་ནས།  མྱུར་དུ་རང་འགུལ་སྒོས་སྒེར་གྱིས་བཀལ་ཡོད་པའི་སྤྱི་པའི་ས་ཁུལ་གྱི་དར་ལྕོག་རྣམས་ཕྱིར་བླངས་ཏེ་གཙང་སེལ་བྱེད་དགོས།

ཆེད་དུ་བརྡ་སྦྱོར་བྱས་པ་ཡིན།

 ཡིག་སྒྱུར་བ། ཆོས་ལོ།

                        

 
 
· ལིག་ཀྲིན་དབུས། 2018/5/11
· རྒྱལ་འབུམ་འཁྲུངས། 2018/5/11
· ལྷ་ཆེན་ཚེ་རིང་། 2018/5/11
· ཀརྨ་སྐྱིད། 2018/5/11
· ལུའོ་ཧུང་ལིན། 2018/5/11
· ལི་ཧྥུའུ་ཉེན། 2018/5/11
· 000 2019/11/28 14:58:49

2008-2012 པདྨ་རྫོང་མི་དམངས་སྲིད་གཞུང་། All Rights Reserved
09758322651 མགོ་ལོག པདྨ  ཆ་འཕྲིན་རབ་གསལ། :814100
པདྨ་རྫོང་མི་དམངས་སྲིད་གཞུང་།