ཚོགས་ཆེན་གཉིས་ཀྱི་ཆེད་དོན་ལེ་ཚན། པདྨ་རྫོང་མི་དམངས་སྲིད་གཞུང་།  
ཤོག་ངོས་དང་པོ། :--> བཅའ་ཁྲིམས་ཁྲིམས་སྲོལ།
༄༅།།སྤྱི་དམངས་ཀྱིས་ཤེས་དགོས་པའི་རྩ་བའི་ཤེས་བྱའི་སྐོར།
འབྱུང་ཁུངས།: 2012/8/29 18:25:33
 

༄༅།།སྤྱི་དམངས་ཀྱིས་ཤེས་དགོས་པའི་རྩ་བའི་ཤེས་བྱའི་སྐོར།

(208)ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་དར་གྱིས་དོན་སྙིང་ཅི་ཞིག་མཚོན་པ་ཡིན།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་དར་ནི་སྐར་ལྔའི་དར་དམར་ཡིན། དར་ངོས་ཀྱི་མདོག་དམར་པོ་གསར་བརྗེ་མཚོན་པ་དང་། སྐར་ལྔའི་མདོག་སེར་པོས་ས་གཞི་དམར་པོ་སྟེང་དུ་འོད་ཟེར་འཕྲོ་བ་མཚོན་ལ། ཟུར་ལྔ་ཅན་གྱི་སྐར་མ་ཆུང་བ་བཞི་བོའི་རེ་རེའི་ཟུར་གཅིག་གིས་ཟུར་ལྔ་ཅན་གྱི་སྐར་མ་ཆེ་བའི་ལྟེ་གནས་ལ་གཏན་ཡོད་པ་དེས། རྒྱལ་ཡོངས ་མི་དམངས་ཀྱིས་ཀྲུང་གོ་གོང་ཁྲན་ཏང་ལྟེ་བར་མཐུན་སྒྲིལ་ཆེན་པོ་མཚོན་ཡོད་པ་རེད།

(209)གནས་ཡུལ་གང་དང་དུས་ཚོད་ག་འདྲའི་སྟེང་རྒྱལ་དར་སྒྲེང་འགེལ་བྱ་དགོས། པེ་ཅིང་གནམ་བདེ་སྒོ་མོ་ཆེ་ཐང་ཆེན་དང་ཞིན་ཧྭ་སྒོ་མོ་ཆེ། ཀྲུང་དབྱང་གི་རྒྱལ་ཁབ་ལས་ཁུངས་དང་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་ལྷན་ཁང་། ཕྱི་འབྲེལ་པུའུའི་སྡོད་གནས། ས་ཁུངས་ཐོན་འཇུག་གི་གནམ་གྲུའི་འབབ་ཚིགས་སམ་གྲུ་ཁ། མེ་འཁོར་འབབ་ཚིགས་དང་མཐའ་མཚམས་འགག་སྒོ། མཐའ་སྲུང་མཚོ་སྲུང་སོ་ལྟ་ཁང་གཞན་དག་གིས་ཉིན་རེར་རྒྱལ་དར་སྒྲེང་འགེལ་བྱ་དགོས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྡེ་ཁག་སོ་སོ་དང་ས་གནས་ཨུ་ཡོན་ལྷན་ཁང་བཅས་ཀྱི་བྱ་བ་སྒྲུབ་པའི་ཉིན་ལ་རྒྱལ་དར་སྒྲེང་འགེལ་བྱ་དགོས་ཤིང་།  ཉིན་ཧྲིལ་བོའི་ལུགས་ཀྱི་སློབ་གྲྭས་ཀྱང་དབྱར་དགུན་གྱི་གུང་གསེང་དང་གཟའ་ཉི་མ་མ་གཏོངས་ཉིན་རེར་རྒྱལ་དར་སྒྲེང་འགེལ་བྱ་དགོས། རྒྱལ་སྟོན་དུས་ཆེན་དང་རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན། གནམ་ལོ་གསར་ཚེས། ལུགས་རྙིང་ལོ་གསར་བཅས་སུ་རིམ་པ་སོ་སོའི་རྒྱལ་ཁབ་ལས་ཁུངས་དང་མི་དམངས་ཚོགས་ཁག་སོ་སོས་རྒྱལ་དར་སྒྲེང་འགེལ་བྱ་དགོས། ཁེ་ལས་ལས་དོན་རྩ་འཛུགས་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་།  སྡོད་དམངས་ཨུ་ཡོན་ལྷན་ཁང་།  གྲོང་རྡལ་ཡུམ་མིའི་སྡོད་གནས(ཐོག་ཁང)དང་།  དེ་མིན་ཚོགས་ར་དང་སྤྱི་གླིང་སོགས་སྤྱི་མཐུན་བྱ་འགུལ་སྤེལ་ནས་སུ་ཆ་རྐྱེན་འཛོམ་ཚེ་རྒྱལ་དར་སྒྲེང་འགེལ་བྱ་ཆོག

(210)གནས་ཡུལ་ག་འདྲར་རྒྱལ་དར་བེད་སྤྱད་མི་ཆོག་ཡིན།  རྒྱལ་དར་དང་དེའི་རི་མོ་ནི་ཚོང་རྟགས་དང་མཚམས་སྤྱོར་བརྡ་ཁྱབ་ཏུ་སྤྱད་མི་ཆོག་ཅིང་།   མི་སྒེར་གྱི་གཤིན་པོའི་འདད་ཆོག་སྟེང་དུའང་སྤྱད་མི་ཆོག

(211)སྤྱི་དམངས་གང་ཞིག་རྒྱལ་དར་སྒྲེང་བའི་མཛད་སྒོར་ཞུགས་པའང་དེར་འཕྲད་ཚེ་རྣམ་འགྱུར་ག་འདྲ་ཞིག་འཛིན་དགོས།  སྤྱི་དམངས་གང་ཞིག་རྒྱལ་དར་སྒྲེང་བའི་མཛད་སྒོར་ཞུགས་པའམ་དེར་འཕྲད་ཚེ། རྒྱལ་དར་ལ་ཁ་གཏད་དེ་དྲང་པོར་འགྲེང་ནས་གུས་འདུད་ཞུ་དགོས། དམག་མིས་དམངས་སྲོལ་གུས་འདུད་དང་ན་ཆུང་གདོང་ལེན་རུ་ཁག་པས་རུ་ཁག་གུས་སྲོལ་ལྟར་གུས་འདུད་ཞུ་དགོས་ལ། མི་དཀྱུས་མས་མིག་ཕུར་ཚུགས་སུ་གཏད་པའི་གུས་སྲོལ་བྱའོ།

(212)གནས་ཚུལ་ག་འདྲའི་འོག་ཏུ་རྒྱལ་དར་ཕྱེད་འབབ་བྱ།

རྒྱལ་ཁབ་ཀྲུའུ་ཞི་དང་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི། ཀྲུང་དབྱང་དམག་ཨུའི་ཀྲུའི་ཞི། རྒྱལ་ཡོངས ་སྲིད་གྲོས་ཀྱི་ཀྲུའི་ཞི། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་མཛད་རྗེས་བླ་མེད་བཞག་པའི་མི་སྣ། འཛམ་གླིང་གི་ཞི་བདེའམ་མིའི་རིགས་ཀྱི་ཡར་རྒྱས་ལས་དོན་ལ་མཛད་རྗེས་ཕུལ་བྱུང་བཞག་པའི་མི་སྣ་བཅས་སྐུ་གཤེགས་ཚེ། རྒྱལ་དར་ཕྱེད་འབབ་ཀྱིས་མྱ་ངན་ཞུ་དགོས། སྟབས་མ་ལག་པར་རྨས་སྐྱོན་ཚབས་ཆེན་གྱི་དོན་རྐྱེན་བྱུང་བའམ་ཡང་ན་རང་བྱུང་གནོད་འཚེ་ཚབས་ཆེན་བྱུང་ནས་ཤི་རྨས་ཚབས་ཆེན་བྱུང་ཚེ། རྒྱལ་དར་ཕྱེད་འབབ་ཀྱིས་མྱ་ངན་ཞུས་ཆོག

(213)ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་རྟགས་ཀྱིས་དོན་སྙིང་ཅི་ཞིག་མཚོན་པ་ཡིན།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་རྟགས་ཀྱི་རི་མོའི་དཀྱིལ་ན་སྐར་ལྔའི་འོད་ཟེར་འཕྲོ་བའི་འོག་ན་གནམ་བདེ་སྒོ་མོ་ཆེ་ཡོད་པ་དེ་ཡིན་ལ། དེའི་མཐའ་མཁོར་ན་འབྲུ་རྙེ་དང་སོ་འཁོར་ཡོད། འབྲུ་རྙེ་དང་སོ་འཁོར་གྱིས་བཟོ་པ་གྲལ་རིམ་གྱི་མགོ་ཁྲིད་འོག་གི་བཟོ་ཞིང་མཉམ་འབྲེལ་མཚོན་ཞིང་། སྐར་ལྔའི་ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་འོག་གི་ཀྲུང་གོ་མི་དམངས་ཀྱི་མཐུན་སྒྲིལ་ཆེན་པོ་མཚོན་པ་དང་། གནམ་བདེ་སྒོ་མོ་ཆེ་ནིལྔ་བཞིལས་འགུལ་གྱི་འབྱུང་གནས་ཡིན་ལ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཚུགས་པའི་རྟེན་འབྲེལ་མཛད་སྒོ་སྤེལ་གནས་ཡིན་པའི། རང་རྒྱལ་མི་དམངས་ཀྱི་གསར་བརྗེའི་སྲོལ་རྒྱུན་དང་ཀྲུང་གོ་གསར་བ་དབུ་བརྙེས་པ་མཚོན་ནོ།

(214)ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་དར་དང་རྒྱལ་རྟགས་ལ་དམའ་འབེབས་བྱས་ཚེ་ཉེས་ཆད་ཇི་ལྟར་གཅོད་དགོས།

1990ལོའི་ཟླ6ཚེས28ཉིན་སྐབས་བདུན་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་བཞི་པའི་སྟེང་དུ་ཉེས་ཁྲིམས་ལ་ཁ་བསམ་བཞིན་དུ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་དར་དང་རྟགས་མེར་བསེགས་པ།  བརླག་པ། ནག་ནོག་འབྱུག་པ། བཙོག་པར་རྫོད་པ། རྡོག་རྫིས་བྱེད་པ་སོགས་ཀྱི་དམའ་འབེབས་བྱ་སྤྱོད་སྤེལ་མཁན་ལ་ལོ་གསུམ་མན་གྱི་དུས ་བཀག་བཙོན་འཇུག་གམ་བཙན་ཉར་ལས་སྐུལ། རྩིས་སྤྲོད་དོ་དམ་མམ་ཡང་ན་ཆབ་སྲིད་ཀྱི་ཁེ་དབང་འཕྲོག་ཆོག

 
· ༄༅།། པདྨ་རྫོང་མི་དམངས་འཐུས་མི་ 2019/3/17
· ༄༅།། པདྨ་རྫོང་ནང་བསྟན་མཐུན་ཚོག 2018/9/3
· ༄༅།། པདྨ་རྫོང་གི་བོད་ཇ་དང་རྫ་ན 2018/6/3
· ༄༅།། གངས་ལྗོངས་བོད་ཇ་འདེབས་འཛུ 2019/4/11
· ༄༅།། ཨ་མེ་རི་ཁས་ཐོག་དང་པོར་ཕྱི 2019/4/11
· ༄༅།། ལིས་ཁི་ཆང་དང་ཡོ་རོབ་གླིང 2019/4/11
· ༄༅།། ཞིང་ཆེན་ཡོངས་ཀྱི་ངན་སེལ་ན 2019/4/11

2008-2012 པདྨ་རྫོང་མི་དམངས་སྲིད་གཞུང་། All Rights Reserved
09758322651 མགོ་ལོག པདྨ  ཆ་འཕྲིན་རབ་གསལ། :814100
པདྨ་རྫོང་མི་དམངས་སྲིད་གཞུང་།